ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་དུས་སྟོན་སྟེང་༼ཐར་ལོ༽ལ་རྩེ་གྲའི་འོས་མིང་གཉིས་ཐོབ་པ།

img_1589

གསར་འགོད་པ།   བཀྲ་རྒྱམ།

གློག་བརྙན《ཐར་ལོ》ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་ལྔ་བ་ཡིན་ལ། ཉེ་ཆར་སྨྱན་བྱད་རྒྱུད་ལམ་ཀུན་ནས་གསལ་བསྒྲགས་བྱས་པ་ལྟར་ན། ༢༠༡༥ལོའི་ཟླ་༡༡པའི་ཚེས་༢༤ནས་༢༧བར་ཨོ་སི་ཁྲུ་ལི་ཡ་ན་བསྡུ་འཆར་ཡོད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་དུས་སྟོན་སྟེང་གློག་བརྙན་༼ཐར་ལོ༽ལ་སྐྱེས་པ་གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ་དང་བརྙན་ཕབ་རྩེ་ གྲའི་བྱ་དགའི་འོས་མིང་ནང་ཚུད་པའི་གནས་ཚུལ་འབྱོར་འདུག

img_1590
༼ཐར་ལོ༽ཞེས་པའི་གློག་བརྙན་ཁྲོད་ཀྱི་སྐྱེས་པ་གཙོ་འཁྲབ་པ་ནི་བོད་ཁུལ་ན་མིང་དུ་གྲགས་པའི་སྤྲོ་གར་འཁྲབ་སྟོན་པ་ཞི་བདེ་ཉི་མ་ལགས་ཡིན་ལ། ཐེངས་འདིའི་བྱ་དགའི་འདེམས་ཞུགས་གློག་བརྙན་ཁྲོད། ཐར་ལོ་སྤྲས་པའི་ཁོང་ལ་སྐྱེས་པ་གཙོ་འཁྲབ་པ་རྩེ་གྲས་ཀྱི་འོས་མིང་ནང་བདམས་ཐོན་བྱུང་བ་དང་། ཨུ་རུ་སི་ནས་སློབ་གཉེར་ཕྱིན་ཏེ་འོང་བའི་གཞོན་སྐྱེས་བརྙན་ལེན་པ་ལོའུ་སུང་ཡའེ་ལགས་བརྙན་ཕབ་པ་རྩེ་གྲས་ཀྱི་འོས་མིང་ནང་ཚུད་ཡོད་པར་མ་ཟད། ཐེ་ཝན༼གསེར་གྱི་གྱི་ལིང་རྟགས་མའི༽བརྙན་ཕབ་རྩེ་གྲའི་ནང་དུའང་ཚུད་ཡོད།
ཐེངས་འདིའི་འགྲན་ཞུགས་ཀྱི་མཇུག་མཐའི་དཔྱད་འདེམ་ འབྲས་བུ་དེ་སྤྱི་ཟླ་བཅུ་གཅིག་པར་ཨོ་སི་ཁྲུ་ལི་ཡ་ན་བསྡུ་གྲབས་ཡོད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་བྱ་དགའི་གཟེངས་རྟགས་གནང་པའི་དགོང་ཚོགས་སུ་ དངོས་སུ་ཁྱབ་སྒྲོག་བྱ་རྒྱུ་ཡིན་འདུག

img_1592
ཨོ་སི་ཁྲི་ལི་ཡ་ན་བསྡུ་འཆར་ཡོད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་དུས་སྟོན་གྱི་༼བརྙན་ཡོལ༽བྱ་དགའ་ནི(Asia Pacific Screen Awards:APSA)ཨོ་སི་ཁྲི་ལི་ཡ་ཁེན་སི་ལན་རྡི་མངའ་སྡེའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས།རྒྱལ་ སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས།   དེ་མིན་ཨ་རིའིCNNརྒྱལ་སྤྱིའི་སྡེ་ཚོགས་བཅས་ཀྱིས་མཉམ་སྒྲུབ་གནང་པའི་ཨེ་ཤ་ཡའི་གློག་བརྙན་རིག་གནས་ཀྱི་དགྱེས་སྟོན་ཆེ་ཤོས་ཤིག་ཡིན་པ་དང་། དུས་སྟོན་འདི་ཉིད་སྤྱི་ལོ2007ལོར་བཙུགས་པ་ཞིག་ཡིན་ལ། དབུས་ཤར་གྱི་ས་ཁུལ་དག་ཚུད་པའི་ཨེ་ཤ་ཡ་སྤྱི་དང་། རྒྱ་མཚོ་ཆེན་མོའི་གླིང་སོགས་རྒྱལ་ཁབ་བདུན་ཅུ་ལྷག་གི་གློག་བརྙན་བཟོ་རྩལ་དང་ འཕེལ་རྒྱས་ལ་གཟས་ཏེ་བསྒྲུབས་པ་ཞིག་ཡིན་འདུག མིང་གཞན་ལ་ཨེ་ཤ་ཡའི་བརྙན་ཡོལ་བྱ་དགའ་རུ་གྲགས། བྱ་དགའི་རྣམ་གྲངས་ལ། གཏམ་རྒྱུད་གློག་བརྙན་རྩེ་གྲ་དང་།དངོས་བཤུས་གློག་བརྙན་རྩེ་གྲ བྱིས་པའི་གཏམ་རྒྱུད་གློག་བརྙན་རྩེ་གྲ འཁྲབ་ཁྲིད་པ་རྩེ་གྲ བརྙན་ཕབ་པ་རྩེ་གྲ གཙོ་འཁྲབ་པ་སྐྱེས་པ་དང་སྐྱེས་མ་སོ་སོའི་རྩེ་གྲ་བཅས་འདུའོ།།

qrcode_for_gh_24a680a08df5_430

བསྟོད།2

དཔྱད་མཆན་སྤེལ།