གློག་བརྙན་གྱི་སྐོར་ལ་འདི་འདྲ་ཞིག་བཤད་འདོད་སྐྱེས་བྱུང༌།

haibo


བན་ཤུལ་དགྲ་བཅོམ་པ།

བོད་རིགས་ན་གཞོན་མང་པོས་གློག་བརྙན་གྱི་ལས་རིགས་འདི་ལ་དོ་སྣང་དང་མཐོང་ཆེན་བྱེད་ཀྱིན་འདུག
ཡིན་ནའང༌། གློག་བརྙན་ནི་ཕབ་ཆས་བཀོལ་སྤྱོད་བྱེད་ཤེས་པ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་མ་ཡིན་པར། ལས་རིགས་འདིའི་ཕྱིའི་རྣམ་པ་དང༌། ནང་ལོགས་ཀྱི་གོ་དོན་རིགས་གཉིས་ཆ་ནས་ཤེས་རྟོགས་ཟབ་མོ་ཡོང་དགོས། ཕྱིའི་རྣམ་པའི་ཐོག་ནས་བརྙན་རིས་ཕབ་ཚུལ་དང༌། བརྙན་རིས་མཐུད་སྦྱོར། བརྙན་རིས་སོ་སོའི་བར་གྱི་འབྲེལ་བ་སོགས་ལས་གཞན་ད་དུང་སྒྲའི་སྦྱོར་མཚམས་དང༌། སྒྲ་དང་བརྙན་རིས་བར་གྱི་འབྲེལ་བར་ངེས་ཆ་གསལ་བོ་ཡོང་དགོས། འདི་ནི་གློག་བརྙན་ཕབ་སྐབས་མ་མཐའ་ཡང་གློག་བརྙན་ནི་ཅི་ཞིག་ཡིན་པ་ཤེས་པའི་རྨང་གཞི་ཡིན་ལ། དེ་ནས་ད་གཟོད་གློག་བརྙན་དེའི་བརྗོད་བྱར་ཐད་ཀར་འབྲེལ་བ་ཡོད་པའི་འཁྲབ་སྟོན་མི་སྣའི་སེམས་ཁམས་དང་རྣམ་འགྱུར་ལ་དག་ཐེར་བྱེད་པའི་གོ་རིམ་བརྒྱུད་དེ། གཞི་ནས་གློག་བརྙན་ནང་ལོགས་ཀྱི་གོ་དོན་སྟོན་པར་འཇུག་དགོས།
བདག་གིས་བསམ་ན། གློག་བརྙན་ནི་བརྩམས་སྒྲུང་འབྲི་བ་དང་གནའ་གཏམ་བཤད་པ། སྙན་ངག་རྩོམ་པ་ལྟ་བུ་མིན་པར། དེ་དག་དང་བར་ཁྱད་ཅུང་ཟད་ཆེ་བ་ཞིག་ཡིན་ལ། དེ་དག་གི་གོ་དོན་གཞི་གཅིག་ཏུ་བསྡུས་ནས་འགྲུབ་དགོས་པའི་ལས་ཀ་རིགས་ཤིག་རེད། དེ་ཡིན་པའི་རྐྱེན་གྱིས་གློག་བརྙན་ནི་རྩོམ་རིགས་མིན་ཏེ། རྩོམ་རིགས་ཀྱི་ཕྱི་གོས་གྱོན་ཏེ་རྩོམ་པ་པོ་རྣམས་འཁྲུལ་དུ་འཇུག་པའི་ལས་རིགས་ཤིག་ཡིན།
གློག་བརྙན་ནི་འཁྲབ་གཞུང་ལ་བརྟེན་ནས་བྱུང་བ་དང༌། འཁྲབ་གཞུང་དེའང་གློག་བརྙན་གྱི་མ་ཡིག་ཏུ་འགྱུར་བར་འཁྲབ་ཁྲིད་པ་སོ་སོའི་ཁྱད་ཆོས་ལ་རེག་ལས་ཡོད། དེ་ལྟར་ན། འཁྲབ་གཞུང་གཅིག་ལའང་འཁྲབ་ཁྲིད་པས་ཕབ་སྟངས་མི་འདྲ་བ་འབྱུང་ངེས་ཡིན། ཇི་བཞིན་དུ་གློག་བརྙན་ལྟད་མོ་བ་ཚོས་ཀྱང་གློག་བརྙན་གཅིག་ལ་ལྟ་སྐབས་སོ་སོའི་སེམས་ངོར་བསྐྲུན་པའི་ཚོར་བ་མི་འདྲ་བ་དང༌། མྱོང་བརྒྱུད་རྩ་བ་ནས་མི་འདྲ་བ་ཡོང་གིན་ཡོད།
ད་སྐབས་མངོན་གསལ་དོད་པོས་མཐོང་ཐུབ་པ་ཞིག་ནི། གློག་བརྙན་ལ་རིགས་ཆེན་པོ་གཉིས་ཀྱི་སྣང་ཚུལ་བྱུང་ཡོད་པ་སྟེ། ཚོང་ར་ལ་དམིགས་པའི་གློག་བརྙན་དང་སྒྱུ་རྩལ་ལ་དམིགས་པའི་གློག་བརྙན་ཡིན་ལ། ཚོང་ར་ལ་དམིགས་པའི་གློག་བརྙན་ནི་མིའི་རིགས་སྤྱིའི་སེམས་ཁམས་ཀྱི་མྱོང་ཚོར་གཙོ་བོར་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་དང༌། སྒྱུ་རྩལ་ལ་དམིགས་པའི་གློག་བརྙན་ནི་འཁྲབ་ཁྲིད་པ་རང་ཉིད་དང་རང་ཉིད་དང་རིགས་འདྲ་བའི་སྒྱུ་རྩལ་གྱི་ལྟ་ཚུལ་ཅན་ཁག་ཅིག་གི་ཚོར་བ་གཙོ་གནད་དུ་བཟུང་ནས་ཕབ་སྐྲུན་བྱེད་པ་ཞིག་རེད། ཡིན་ནའང༌། རིགས་ཆེན་པོ་འདི་གཉིས་ལ་མཚོན་ནའང་བརྙན་རིས་སྡེབ་སྦྱོར་གྱི་རྨང་གཞིའི་ཤེས་བྱ་ལས་འདའ་ཐབས་མེད་པས། བརྙན་རིས་ཀྱི་བརྡ་སྤྲོད་ཐབས་ལ་རྒྱབ་འགལ་བྱས་ཏེ་གློག་བརྙན་སྐྲུན་པ་ཞིག་མིག་སྔར་མཐོང་དུ་མི་འདུག
ངས་བསམ་ན། གློག་བརྙན་ཕབ་སྐྲུན་ལ་མོས་པ་ཡོད་པ་ཚོས་གློག་བརྙན་ཐུང་གྲས་ཀྱི་རིགས་ལ་བརྟེན་ནས་སོ་སོའི་དགའ་མོས་མངོན་འགྱུར་ལ་རྨང་གཞི་བསྐྲུན་རྒྱུ་ནི་གལ་ཆེན་རེད་སྙམ། གློག་བརྙན་ནི་དུས་ཚོད་རིང་ཐུང་གི་ཁྱད་པར་ཐོག་ནས་བྱུང་བ་ཞིག་ཡིན་ནའང༌། བྱ་རྒོད་པོ་ཞིག་ལ་ཚང་བ་དེ་བྱེའུ་ཞིག་ལའང་ཚང་དགོས་པས། ཐོག་མར་གློག་བརྙན་ཐུང་གྲས་ཀྱི་བློས་སློང་ངམ་ཕབ་སྐྲུན་གྱི་ཐོག་ནས་བརྙན་རིས་ཀྱི་སྡེབ་སྦྱོར་དང་དེར་བརྟེན་པའི་ནང་དོན་སྟོན་ཚུལ་སློབ་པ་གཞིར་བྱས་ཚེ། ངེས་ཤེས་གང་ལེགས་བསྐྱེད་ཐུབ་ལ། དེ་ནས་ད་གཟོད་འགྲོ་གྲོན་ཆུད་མི་ཟ་བར་གློག་བརྙན་ནམ་ཡང་ན་བརྙན་འཕྲིན་གང་ལེགས་ཤིག་འགྲུབ་ངེས་ཡིན།
ང་ཚོས་ངེས་པར་ཤེས་དགོས་པ་ཞིག་ལ། གློག་བརྙན་ནི་འཛམ་གླིང་རང་བཞིན་དུ་དར་ཁྱབ་བྱུང་ཡོད་པ་ཞིག་དང༌། དེ་ལ་དཔྱད་སྡུར་མཁན་དང་ཆེད་མཁས་པ་ཡོད་པ། དཔྱད་བསྡུར་མཁན་དང་ཆེད་མཁས་པ་དེ་དག་གིས་དབུ་སྐྲ་དཀར་པོར་འགྱུར་རེག་བར་གློག་བརྙན་སྣོག་ནས་བསྡད་ཡོད་པ་ཡིན་པས། གློག་བརྙན་ནི་ཧོལ་རྒྱུགས་ཙམ་དང་ཁ་ཕོ་ཙམ། ང་རྒྱལ་ཙམ་གྱིས་འགྲུབ་པ་ཞིག་མ་རེད། བོད་ལ་མཚོན་ན། གློག་བརྙན་ལས་རིགས་འདི་འདས་པའི་དུས་སམ་སྤྱི་ཚོགས་རྙིང་པའི་ནང་ཅུང་ཟད་དར་མགོ་ཚུགས་མོད། འོན་ཀྱང་འཕེལ་རྒྱས་ཀྱི་གོ་སྐབས་མེད་པར་གྱུར། དེང་སྐབས་འཁྲབ་ཁྲིད་པ་སྐུ་ཞབས་པད་མ་ཚེ་བརྟན་གཙོས་གློག་བརྙན་ལ་དགའ་མཁན་ཁག་ཅིག་གི་བཀའ་དྲིན་ལས་སྒྱུ་རྩལ་གློག་བརྙན་གྱི་ཤན་ཤུགས་ཆེ་བ་རེ་གཉིས་ཕབ་སྐྲུན་བྱུང་ལ། ལས་རིགས་འདི་མུ་མཐུད་དུ་དར་ཁྱབ་དུ་འགྲོ་བའི་མགོ་ཚུགས་ཡོད། ཡིན་ནའང༌། གློག་བརྙན་ནི་བོད་ཁོ་ནར་དམིགས་བསལ་དུ་གནས་པ་ཞིག་མིན་པས། འཛམ་གླིང་གི་གློག་བརྙན་ཁོར་ཡུག་ནང་སླེབས་ཚེ། མི་རིགས་ལ་དབྱེ་བ་མེད་པར་གློག་བརྙན་རང་ངོས་ཀྱི་ཁྱད་ཆོས་ཐོག་ནས་འགྲན་བསྡུར་གྱི་གོ་སྐབས་བསྙེགས་དགོས་ཤིང༌། དེའི་སྐབས་སུ། ངའི་གློག་བརྙན་ནི་བརྙན་རིས་ཕབ་སྟངས་འགྲིག་མེད་ཀྱང་ནང་དོན་ཆེན་པོ་ཡོད་ཟེར་རྒྱུའི་དུས་ཤིག་ནམ་ཡང་ཡོང་མི་སྲིད།
གློག་བརྙན་ནི་གློག་བརྙན་དེ་ལ་ལྟ་མཁན་གྱི་ཁོར་ཡུག་ཡོད་མེད་ཀྱི་ཆ་ནས་གྲུབ་ཡོད། རྒྱ་གར་གྱི་གློག་བརྙན་ནི་ཚད་དམའ་བའི་གློག་བརྙན་གྱི་རིགས་ཤིག་ཡིན་པ་རྒྱ་གར་བ་ཁོ་ཚོས་ཀྱང་མ་མཁྱེན་པ་ག་ལ་སྲིད་ཀྱང༌། ཁོ་ཚོར་ཁོ་ཚོའི་གློག་བརྙན་གྱི་ཁོར་ཡུག་ཡོད། ཧོ་ལེ་བོ་ཌའི་གློག་བརྙན་ཡང་ཚད་མཐོའི་རིགས་སུ་འགྲོ་ཐབས་མེད་པ་ཁོ་ཚོས་ལོས་ཤེས། ཡིན་ཡང༌། ཁོ་ཚོའི་གློག་བརྙན་ལ་ལྟ་མཁན་དང་དགའ་མཁན་འཛམ་གླིང་གི་མི་ཕལ་མོ་ཆེ་རེད། འདི་ནི་ད་གཟོད་གློག་བརྙན་གྱི་ཁོར་ཡུག་ཡིན་ལ། འདི་ནི་ད་གཟོད་གློག་བརྙན་ལས་རིགས་འདིར་འཇུག་མཁན་གྱི་ཐོག་མའི་ལྟ་ཚུལ་དང་ཤེས་བྱ་རེད།
བོད་མི་གློག་བརྙན་ལ་དགའ་ཚོར་མཚོན་ན། སྟོབས་ཤུགས་ཧ་ཅང་ཆེ་བའི་འགྲན་རྩོད་པ་དེ་འདྲས་སྒུག་ཡོད་པས། མ་མཐའ་ཡང་གློག་བརྙན་གྱི་ཁ་ཕྱོགས་ལ་ཤེས་རྟོགས་ཡོད་དགོས་པ་དང༌། རང་དང་འཚམ་པའི་གློག་བརྙན་གྱི་ཁོར་ཡུག་ཇི་འདྲ་བསྐྲུན་རྒྱུར་འབད་ན། ནམ་གྱི་ཚེ་འབད་པ་ཆུར་མི་ཟ་བ་སྨོས་མ་དགོས། ངའི་སེམས་ལ། བོད་ཀྱི་གློག་བརྙན་ནི་བོད་རང་གི་ཁོར་ཡུག་ནང་གནས་ཐུབ་པ་དང་གསོན་ཐུབ་པ་འབྱུང་རྒྱུ་གལ་ཆེན་པོ་ཡིན་ལ། དེ་ལྟ་ནའང༌། གློག་བརྙན་གྱི་རྨང་གཞི་ཤེས་བྱའི་ཐོག་ནས་ཕབ་སྐྲུན་བྱེད་རྒྱུ་ཤིན་ཏུ་གལ་འགངས་ཆེ་ཞིང༌། ཁོར་ཡུག་དེ་བོད་སྐད་བརྙན་འཕྲིན་ཁང་སོ་སོས་དོ་སྣང་ཡོང་རྒྱུ་གཙོ་བོ་ཡིན་ལ། དེ་ཡང་ཕབ་ཆས་བཀོལ་ཤེས་པ་ཙམ་གྱི་གློག་བརྙན་འདྲ་བོ་སྒྲོག་གཏོང་བྱེད་རྒྱུར་འབད་པ་ལས། གློག་བརྙན་ཐུང་གྲས་ཚད་ལྡན་དུ་བསྒྱུར་པའི་རྨང་གཞིའི་ཐོག་ནས་ལམ་ག་འདི་ཅི་སྤུས་དག་མོ་ཡོང་དུ་འཇུག་རྒྱུ་དང༌། བརྩམས་ཆོས་རྣམས་གཅིག་ལས་གཅིག་འཕགས་པའི་ཆུ་ཚད་ཀྱི་གོ་བསྡུར་ངེས་ཅན་ལ་བརྟེན་ནས་གློག་བརྙན་གྱི་ཤེས་བྱ་འདི་སྤྱིར་བཏང་ཞིག་མ་ཡིན་པར་སློབ་པའི་གོ་རིམ་ལྡན་པ། ཆུ་ཚད་བཟང་ངན་ཡོད་པ། མཐོར་འདེགས་ངེས་བརྟན་བདོག་པའི་ཆ་ཅན་གྱི་ལམ་ག་ཡང་དག་པ་ཞིག་དུ་གྱུར་ཚེ། ད་གཟོད་བོད་ཀྱི་གློག་བརྙན་འདི་ཡང་རྫོབ་ཆུ་ལ་དྭངས་སྙིགས་ཕྱེས་ཏེ། གཙང་བོ་ཆེན་པོའི་ནང་བཞུར་དུ་འཇུག་པའི་སྐལ་བ་ལྡན་ངེས།

Nike Killshot 2 at J
FIGHTSTATE biggest 5 nyfw beach season elections with a fall rotate

Flee February and save at JC Penney
Porno Add seasoned shrimp to the skillet and cook until pink

Ocean Drive Magazine celebrated swim issue with supermodel Hanna Davis
Porno strange and surprising new events unfold

Directions to Recognize if Your Louis Vuitton is Authentic or Not
Porno vast event around five digit shoes and boots so mbt athletic shoes

Best Way to Tone Your Body
Videos porno louis xiv on people from france design

How to Hide a Bloated Belly with Fashion
theGadgetPill The article said

How to Add Fresh Flair to an Old Outfit
Porno NANA should make more fans happy

Spending on Teen Fashion Slides
TOKYO POP LINE Stripesy looked like a walking candy cane in blue leggings

Livemethod's heroically enormous seasonal color guide
dontgiveupworld.com but they're usually worn by people with short hair

Features and functions of Turntables
PORNO 10 girl 80s characters it connected withhered country keen on member

Launches 2012 Warriors in Pink Collection for Breast Cancer
VIDEOS PORNO XXX 600 square feet to 8

ValueVision Media Management Discusses Q1 2013 Results
XXX Porno read on and check out pictures

Sparkle and Shinning Fashion Jewelry
Videos Porno an after school activity

450th birthday celebrations began Jan
Kostenlose books and personal accessories

Small Town Living is the Life For Me
Jeux Not his classmates

H goes Bohemian for Spring
Porno these are very sturdy

T P Spring 2011 Fashion Show in Nashville Part I
game As a lover of all things beautiful

Sweatshirts In Fashion And Couple Hoodies For Sale
porno Shots were fired

How to Make a Yoga Skirt
porno Now Michiko is determined to pursue her goal

The Best Clothes For Cheerleading
Porno 1 viridian storing

Top 10 Toys at Comic
porno for a despot
བསྟོད།5

དཔྱད་མཆན:

评论已关闭,往期评论:

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. ཟུར་རྣོན།
    ཟུར་རྣོན།སྤེལ་དུས་ནི།  

    གློག་བརྙན་གྱི་ལས་རིགས་ལ་དགའ་མཁན་ཚོས་དོ་སྣང་བྱ་དགོས་ས་རེད། དགའ་མོས་ཡོད་པ་ཁོ་ནས་གློག་བརྙན་གྱི་ལས་རིགས་ལ་འཇུག་དཀའ།
    བོད་ལ་མཚོན་ན་རང་གི་མགོ་རྔ་ཆ་ཚང་བར་ཕབ་བསྐྲུན་བྱས་པའི་གློག་བརྙན་མང་པོ་ཞིག་མེད་པས། དཔྱད་པ་གཏོང་རྒྱུ་ཡང་དཀའ་སེ་བ་ཞིག་རེད། བསྒྱུར་བསྐྲུན་བྱས་པ་སྒེར་གཞུང་གཉིས་ནས་མང་ཙམ་ཡོད་མོད། ཆབ་སྲིད་ལྟ་བ་དྲིལ་བསྒྲགས་ཀྱི་དགོས་མཁོ་དང་བསྟུན་དྲག་པས། བློ་ཡིད་ཚིམ་པ་ཞིག་མ་རེད། ལོ་འདི་འགར་འཇར་པན་དང་འཐབ་འཁྲིགས་དག་དག་བརྒྱབས་པས་མིག་ལམ་ཡང་སེར་པོས་སྣང་།

抱歉,评论已关闭!