ས་ནག་གཞས་ཚོགས་གཞོན་གསར་གླེང་སྟེགས་སུ་ཞུགས་པ།

གདན་ཞུའི་སྐུ་མགྲོན། ས་ནག་གཞས་ཚོགས།
མདོ་འཛིན་པ། ཀླུ་རྒྱལ་དོན་གྲུབ།
རྩོམ་སྒྲིག་པ། ཚེ་རིང་། བཀྲ་ཤིས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།

   ས་ནག་གཞས་ཚོགས་ནི་དམངས་ཁྲོད་ན་དགའ་བསུ་ཆེན་པོ་ཐོབ་པའི་གཞས་ཚོགས་ཤིག་ཡིན་ཞིང་། ཁོ་ཚོས་ཕ་སྐད་ཀྱི་ལམ་ནས་གཞས་མང་པོ་བཏང་ཡོད་པར་མ་ཟད། རོང་འབྲོག་མང་ཚོགས་དག་གི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྟན་པོར་གཏོང་ཆེད་དང་། ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་ལ་ནུས་པ་འདོན་ཕྱིར། ༼ས་ཆེན་ཨ་མ༽ཞེས་པའི་ཆེད་བསྒྲིགས་ཤིག་རྒྱ་ཆེ་བའི་ལྟད་མོ་བ་དག་གི་སྤྱན་ལམ་དུ་བསྟར་ཡོད། འདིར་ཁོ་ཚོས་ཆེད་བསྒྲིགས་ས་ཆེན་ཨ་མ་དང་འབྲེལ་ནས་བོད་གཞས་སྤྱི་དང་ད་ལྟའི་བོད་གཞས་ཀྱི་གནས་བབ་སོགས་ཀྱི་སྐོར་ལ་རང་རང་གི་ལྟ་ཚུལ་ལྷུག་བརྗོད་བྱས་ཡོད།

 གསལ་བཤད།

ལས་རིགས་སོ་སོའི་སྒང་གི་ཀུན་གྱིས་དགའ་བསུ་ཐོབ་བཞིན་པའི་མི་སྣ་མང་པོ་ཞིག་གླེང་སྟེགས་ཀྱི་སྟེང་ལ་བསུས་ཏེ་བརྙན་ཕབ་དང་སྒྲིག་སྦྱོར་གྱི་ལས་ཀ་སོགས་ཡོངས་སུ་རྫོགས་ཡོད་མོད། རྐྱེན་སྣ་ཚོགས་ཀྱི་དབང་གིས་དྲ་ལམ་དུ་དུས་ལྟར་བསྟར་ཐུབ་མ་སོང་། ཡིན་ནའང་། ང་ཚོས་དྲ་སྟེང་ནས་རང་ལ་དབང་བའི་ས་མིག་འོས་འཚམ་རེ་བཙལ་ཏེ་ཀུན་གྱི་སྤྱན་སྔར་འབུལ་བ་ལ་བརྩོན་ལེན་བྱེད་ངེས་སོ།

གཞོན་གསར་དྲ་བའི་གླེང་སྟེགས་ལེ་ཚན་རྩོམ་སྒྲིག་པས།

བསྟོད།4

དཔྱད་མཆན་སྤེལ།