ཚངས་དབང་དགེ་འདུན་བསྟན་པ་གཞོན་གསར་གླེང་སྟེགས་སུ་ཕེབས་པ།(སྟོད་སྨད་གཉིས)

45བོད་ཀྱི་གཟི་ལམ་གསར་བཏོད་ཞིབ་འཇུག་པ་དང་རི་མོ་བ་གྲགས་ཅན་ཚངས་དབང་དགེ་འདུན་བསྟན་པ་ལགས་ནི།

༡༩༦༩ལོར་བོད་མདོ་ཁམས་རིག་པའི་ཞིང་ཁམས་ཤར་རེབ་གོང་དུ་སྐྱེས། ལོ་བཅུ་བཞིའི་སྟེང་གྲྭ་བ་བྱས་ཏེ་སྒོ་དམར་དང་སེང་གེ་གཤོང་བཅས་སུ་རེབ་གོང་སྒྱུ་རྩལ་རི་མོ་དང་འདོན་ཆོག་གི་སྐོར་ལ་སྦྱངས་པ་ཡང་རབས་བྱས་ཤིང་། ལོ་བཅོ་བརྒྱད་ཙམ་ནས་བཟུང་དྷི་ཚ་དགོན་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་པོ་སོགས་སུ་བོད་ཀྱི་རིག་གནས་སྤྱི་ལ་སློབ་སྦྱོང་བྱས། སྒོས་སུ་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་གི་ཞབས་པད་གཙུག་ཏུ་བརྟེན་དྲུང་ནས་ནང་བསྟན་ཤེས་རིག་སྦྱངས་ཏེ་ལུགས་གཉིས་ཀྱི་བློ་གྲོས་རབ་ཏུ་རྒྱས།

དེ་ལྟར་དགོན་སྡེ་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ལ་སྦྱང་བརྩོན་བྱས་མཐར་རིམ་བཞིན་ལྷག་བསམ་དང་སྙིང་སྟོབས་ཀྱི་ལང་ཚོ་ལ་ཤེས་བརྩོན་དཀའ་སྤྱད་ཀྱི་གཤོག་པ་རབ་ཏུ་བརྐྱངས་ཏེ། ལོ་ངོ་དུ་མ་ལ་འབད་པ་འབུངས་བྱས་པའི་འབྲས་རྟགས་སུ་སེམས་ངོ་འཚོལ་བའི་རི་མོ་པ་དང་། གནའ་དཔྱོད་པ། གནའ་རྫས་བརྟག་ཐབས་པ། འཇིག་རྟེན་འདིར་གཟི་ལམ་ཐོག་མར་རྙེད་མཁན་སོགས་ཀྱི་ཁྱད་ཡོན་རྫོགས་པའི་སྐྱེས་བུ་ཕུལ་བྱུང་གི་གྲས་སུ་གྱུར་ཞིང་། རི་མོའི་བརྩམས་ཆོས་དང་དཔྱད་རྩོམ་ཉི་ཤུ་ལྷག་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་དུས་དེབ་ཁག་ཏུ་བཀོད་མྱོང་བར་མ་ཟད་ལྟ་ཀློག་གི་རིན་ཐང་ཚད་མཐོན་པོར་གནས། ད་ལྟ་གཟི་ལམ་ཞིབ་འཇུག་ཁང་གི་འགན་འཛིན་པ་དང་། སི་ཁྲོན་གསེར་རྟའི་མཐོ་སྒང་ལག་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་དང་། སི་ཁྲོན་བོད་རིག་པའི་རྟེན་རྫས་བཤམས་སྟོན་ཁང་གི་འགོ་གཙོ་གཞོན་པ། མཚོ་སྔོན་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་གཞོན་པ། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཚོགས་པའི་ལས་འཛིན་པ་བཅས་ཀྱི་འགན་བཞེས་ཏེ་ཕྱག་ལས་གནང་བཞིན་པའོ། །

(གསལ་བཤད། ཚངས་དབང་ལགས་ཕེབས་པའི་གླེང་སྟེགས་འདི་ནི2012ལོའི་ཟླ10བའི་ནང་དུ་སྒྲུབ་པ་ཡིན་ནའང་། དགོས་དབང་གིས་སྟོད་སྨད་ཆ་ཚང་ད་བར་དུ་དྲ་ཐོག་ལ་འཇོག་ཐུབ་མེད།)


སྟོད་ཆ།

སྨད་ཆ།

གདན་ཞུའི་སྐུ་མགྲོན། ཚངས་དབང་དགེ་འདུན་བསྟན་པ།
མདོ་འཛིན་པ། རིན་ཆེན་སྐྱིད།
རྩོམ་སྒྲིག་པ། ཚེ་རིང་། བཀྲ་ཤིས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།4

དཔྱད་མཆན་སྤེལ།