གཞས་མ་ཆོས་མཚོ་སྐྱིད་ཀྱི་ཆེད་བསྒྲིགས་འགྲེམས་སྤེལ་དགོང་ཚོགས་བདེ་ལེགས་ངང་མཇུག་སྒྲིལ།

IMG_5815 ༢༠༡༥ལོའི་སྤྱི་ཟླ༡༢བའི་ཚེས༢༨ཉིན་གཞས་མ་ཆོས་མཚོ་སྐྱིད་ཀྱི་ཆེད་བསྒྲིགས་གསར་བ་འགྲེམས་སྤེལ་བྱས་པའི་གླུ་གཞས་དགུང་ཚོགས་བདེ་ལེགས་ངང་མཇུག་སྒྲིལ་ཞིང་། དགོང་ཚོགས་ཀྱི་སྟེང་དུ་གཞས་མ་རྣམ་རྒྱལ་ཆོས་མཚོ་དང་ཀླུ་མོ་མཚོ། ཕུལ་བྱུང་སྒྲོལ་མ། གཡང་དཀར་ལྷ་མོ། མགར་བསམ་འགྲུབ་ཚེ་རིང་། བསོད་ནམས་སྟོབས་རྒྱལ། སྐལ་བཟང་ཡོན་ཏན། བློ་བཟང་ཟླ་བ། ཚེ་རིང་བསམ་འགྲུབ་སོགས་ཀྱིས་ཁོ་མོའི་ཆེད་བསྒྲིགས་གསར་བ་སྦྲ་ནག་བདག་མོ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་རྟེན་ལ། སོ་སོའི་སྙན་མོ་ངག་གི་དབྱངས་རྟ་སྐྱེས་སུ་བཏེགས།

mimiསྦྲ་ནག་གི་བདག་མོ་ཞེས་པའི་ཟེར་སྡེར་གསར་བ་འདི་ནི། གཞས་མ་ཆོས་མཚོ་སྐྱིད་ཀྱིས་ལོ་ངོ་ཁ་ཤས་ཀྱི་རིང་ལ་འབད་བརྩོན་བྱས་པ་ལས་ཐོན་པའི་བརྩམས་ཆོས་ཡིན་ཞིང་། ཆེད་བསྒྲིགས་གསར་བ་འགྲེམས་སྤེལ་དགོང་ཚོགས་ཀྱི་སྟེང་དུ་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ།

 

 

བསྟོད།9

དཔྱད་མཆན་སྤེལ།