ཁམས་ཕྱོགས་ཀྱི་གཟའ་ཉི་མ་ཆོས་རྫོང་གསེར་རྟ་ལ་བསྐྱོད་པ།

ངེད་དྲ་བ།

དྲ་བྱང་། གཟའ་ཉི་མ་ཆོས་རྫོང་གསེར་རྟ་ལ་བསྐྱོད་པ།

གསེར་རྟར་འགྲོ་བའི་ལས་འཆར།

དུས་ཚོད་བཀོད་སྒྲིག

གཅིག གཟའ་སྤེན་པ།

འགྲོ་དུས། ཕྱི་དྲོ་དུས་ཚོད་གསུམ་སྟེང་དཀར་མཛེས་རྫོང་ནས་ལམ་ཆས།

འགྲོ་ཡུན། དུས་ཚོད་ལྔ་ཡས་མས།

མགྲོན་ཁང་། གསེར་རྟ་མགྲོན་ཁང་།(ཁང་རིན་སྒོར་བརྒྱ་ཡས་མས)

གསོལ་ཁང་། མཚོ་སྔོན་བོད་ཟས་ཁང་།(ཟས་རིན་མི་རེར་སྒོར་ཉི་ཤུ)

གསོལ་ཇ། མཐེབ་ཐུག ཤ་མོག་མོག

དགོང་མོ། དུས་ཚོད་དགུ་ནས་བཅུ་གཅིག་བར་ཁ་བརྡ་དང་ཡང་ན་གཞན་དག

གཉིས། གཟའ་ཉི་མ།

ལངས་དུས། ནངས་མོའི་དུས་ཚོད་བདུན་དང་ཕྱེད།

ནངས་ཇ་འཐུང་ཡུན། སྐར་མ་སུམ་ཅུ།

ཆས་དུས། ནངས་མོའི་དུས་ཚོད་བརྒྱད།

འགྲོ་ཡུལ། བླ་རུང་སྒར།

འགྲོ་དོན། རིག་གནས་སྔོག་འདོན།

འཚོལ་སྟངས། ཕྱི་བསྐོར་ནང་བསྐོར། ཡར་ལྟ་མར་ལྟ། ཕར་ཉན་ཚུར་ཉན།

ཐོས་འཚོལ།

༡ཁྱོན་གྲྭ་ཇོ་གྲངས་ཅི་ཙམ་ཡོད་པ་དང་དེ་ལ་རྒྱ་མིའི་གྲྭ་ཇོ་གྲངས་ཅི་ཙམ་ཡོད་པ།

༢ལྔ་རིག་སློབ་གླིང་གི་བསླབ་ཚན་ལ་གང་དག་ཡོད་པ་དང་དེ་དག་ཇི་ལྟར་སྦྱོང་ཚུལ།

༣དགོན་པའི་གྲྭ་ཇོ་ཞིག་ཡིན་ཕྱིན་ཤ་ཟ་མི་ཆོག་པ་ཨེ་རེད།གལ་ཏེ་ཡིན་ན་དགོན་ནང་མ་གཏོགས་གནས་གཞན་ནས་ཤ་ཟ་ཆོག་གམ།

༤འཚོ་བ་ལ་དཀའ་ངལ་དང་འཚོ་བའི་ཁྲོད་དེང་རབས་ཀྱི་འཕྲུལ་ཆ་རིགས་ཏེ་གློག་ཀླད་དྲ་འཇུག་བཀོལ་བདེ་ཡིན་

མིན།

༥དེང་སང་ཡུལ་སྐོར་གྱི་རིགས་འདི་ཧ་ཅང་དར་ཆེ་བར་ཁྱེད་དགོན་ལ་ཡོང་མཁན་ཨེ་མང་ངམ། མང་ན་བོད་རྒྱ་ཕྱི་

གསུམ་གྱི་གང་རེད།

༦བོད་ཁམས་ཀྱི་དགོན་སྡེ་གཞན་པ་ནས་མཁས་ཆེན་གདན་དྲངས་ཏེ་འཆད་ཁྲིད་དང་སློབ་ཁྲིད་ཀྱི་རིགས་སྤེལ་བའི་

བྱ་འགུལ་ཨེ་ཡོད་དམ།

ཕྱིར་ལོག་དུས། ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་།

སྤྱི་ལོ༢༠༡༡ལོའི་ཟླ༡༡པའི་ཚེས༠༥ཉིན།

ཚོགས་བྱང་། གཟའ་ཉི་མའི་ཁ་བརྡ།

འགྲོ་དོན། གཟའ་ཉི་མའི་གནས་སྐོར་ཁག་ལྔ་བ་དང་གྲྭ་ཇོ་བསྙེན་གསུམ་ལ་རྒྱུས་ལོན་བྱེད་ཆེད།

ཚོགས་ཐེངས། སྐབས་བཅུ་གཉིས་པ།

འགྲོ་དུས། གཟའ་སྤེན་པ།(སྤྱི་ཟླ༡༡བའི་ཚེས༡༢ཉིན)

དུས་ཡུན། སྤྱི་ཟླ༡༡པའི་ཚེས༡༢ནས༡༣

འགྲོ་ཡུལ། གསེར་རྟའི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

འགྲོ་མི། ༀ་འབར། རྡོ་རྗེ་རྒྱ་མཚོ། འབྲུག་མོ་འཚོ། བསོད་ནམས་ཆོས་དར།

ཐུབ་བསྟན་ཚེ་རིང་། བསོད་ནམས་དོན་འགྲུབ།

ད་ཐེངས་ང་ཚོ་འཛམ་གླིང་གི་ཆེས་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱིདགོན་པ་སྟེ་གསེར་རྟ་བླ་རུང་ ནང་བསྟན་སློབ་གླིང་བསྙེགས་ནས་སོང་།དེར་འབྲེལ་ཡོད་ཡིག་ཆ་ལ་གཞི་བཅོལ་ན།དགོན་ཆེན་འདི་ནི་འཛམ་གླིང་སྤྱིའི་ས་ཁྲའི་དབང་དུ་བྱས་ན།བྱང་འཕྲེད༣༡-༣༨ནས༣༣-༣༠དང་། ཤར་གཞུང༩༨-༤༨ ནས༡༠༡-༡༠༠ཐོག་ཏུ་འཁེལ་ཡོད་ཅིང་།མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་ཕི་ཁྲི༤༠༠༠ཡན་གྱི་མཐོ་སྒང་དུ་ཆགས་པར་བཤད།གངས་ཅན་བོད་ཀྱི་དབང་དུ་བྱས་ན།ཤར་ཕྱོགས་མདོ་ཁམས་དབལ་ཤུལ་གསེར་རྟའི་ས་ཁོངས་གསེར་ཁོག་བླ་མ་རུང་ཞེས་པར་གཞི་ཆགས་པར་གྲགས།

དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་སྐྱབས་རྗེ་དམ་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་སྐྱེ་གོང་མ་ཁྲག་འཐུང་བདུད་འཇོམས་གླིང་པ་ཡིན་ཞིང་ཕྱི་ལོ༡༨༨༠ལོར་ཐོག་མར་ཕྱག་བཏབ་སྟེ་མཚན་ལ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ཅེས་གསོལ།དེར་དར་རྒུད་སྣ་ཚོགས་བྱུང་ཞིང་ ཕྱིས་སུ་ཆོས་སྡེ་དེ་ཉིད་འཐོར་ཞིག་ཏུ་གྱུར་ནའང་།༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་གནས་དེར་ཕྱི་ལོ༡༩༨༠ལོར་འཆད་ཉན་ཀྱི་ཆོས་གྲལ་གསར་འཛུགས་གནང་ནས་རིམ་བཞིན་ཡར་རྒྱས་སུ་ཕྱིན་པ་དང་འབྲེལ།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་མཚན་གསོལ་མཛད།

ནང་ཁུལ་གྲྭ་ཇོས་རྒྱུ་ཆ་མཁོ་འདོན་ལྟར་ན།ཆོས་གླིང་འདིར་ནང་གསེས་སུ་དཔའ་བོའི་གླིང་ལྔ།དཔའ་མོའི་གླིང་གསུམ།དགེ་བསྙེན་གྱི་གླིང་གཉིས་ཏེ་ཁྱོན་གླིང་བཅུ་ལས་གྲུབ་པ་ཡིན།དེ་ཡང་སྟོད་ནས་རིམ་པ་བཞིན་དུ། ཤར་ཉེས་ཚོགས་རང་གྲོལ་གླིང་། ལྷོ་འདོད་དགུ་ཀུན་འབྱུང་གླིང་། ནུབ་སྣང་སེམས་དབང་སྡུད་

གླིང་།དབུས་དོན་གཉིས་ལྷུན་གྲུབ་གླིང་བཅས་ལྔ་རིག་ནང་བསྟན་སློབ་གླིང་ཞེས་དཔའ་བོ་བཙུན་པའི་གླིང་ལྔ་དང་། བར་ན་བདུད་ལས་རྣམ་རྒྱལ་གླིང་ཞེས་རྒྱལ་སྤྱིའི་སློབ་གཉེར་བ་དང་རྒྱ་ནག་གི་སློབ་གཉེར་བ་བཅས་རྒྱལ་སྤྱིའི་དགེ་བསྙེན་གྱི་གླིང་གཅིག སྨད་ན་ལྷན་སྐྱེས་ཆོས་སྐུའི་གླིང་། སྔགས་སྐྱེས་ལོངས་

སྐུའི་གླིང་། ཞིང་སྐྱེས་སྤྲུལ་སྐུའི་གླིང་བཅས་དཔའ་མོ་བཙུན་མའི་གླིང་གསུམ་མམ་བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་དང་། ཉེ་འཁོར་ན་ལེགས་ཚོགས་ཆར་འབེབས་གླིང་ཞེས་མདོ་དབུས་ཁམས་ནས་ཕེབས་པའི་དགེ་བསྙེན་གྱི་གླིང་གཅིག་བཅས་གླིང་ཕྲན་བཅུ་དང་གླིང་ཆེན་བཞི་ལས་གྲུབ་ཅིང་།གླིང་རེ་ལ་ཚོམས་བཅུ་ནས་ཉི་ཤུ་བར་དང་།ཚོམས་རེར་གྲྭ་ཤག་ཉི་ཤུ་ཡས་མས་ཡོད་པར་བཤད།

ང་ཚོས་འདི་ལྟར་འགྲོ་འཆར་དང་ལས་འཆར་དག་ཁ་གསལ་ཞིང་དོན་འདུས་པའི་སྒོ་ནས་ཡིག་ངོར་ཕབ་ཅིང་དེ་ལྟར་བསྒྲུབ་དགོས་ན།ལས་རིམ་དང་རྩད་གཅོད་དག་ཕྱིར་ཁ་གསལ་བོར་ཡིག་ངོར་ཕབ་རྒྱུ་ཡིན།

༡ཁྱོན་གྲྭ་ཇོ་གྲངས་ཅི་ཙམ་ཡོད་པ་དང་དེ་ལ་རྒྱ་མིའི་གྲྭ་ཇོ་གྲངས་ཅི་ཙམ་ཡོད་དམ།

གཞིས་སྡོད་ཀྱི་གྲྭ་གྲངས་སྟོང་དྲུག་ཡས་མས་དང་ཇོ་གྲངས་སྟོང་གསུམ་ཡས་མས།དགེ་བསྙེན་སྟོང་

གཉིས་ཡས་མས།གཞིས་སྡོད་མ་ཡིན་པའི་ཆོས་ཞུ་རྒྱ་གྲྭ་སྟོང་ཕྲག་དུ་མ་ཡོད་པར་བཤད།

༢ལྔ་རིག་སློབ་གླིང་གི་བསླབ་ཚན་ལ་གང་དག་ཡོད་པ་དང་དེ་དག་ཇི་ལྟར་སྦྱོང་ཚུལ།

སྦྱང་བྱ་གཙོ་བོ་ནི་མདོ་ཕྱོགས་ནས་གཞུང་ཆེན་ལྔ་དང་།སྔགས་ཕྱོགས་ནས་རྒྱུད་སྡེ་བཞི་དྲུག་སོགས་ཐུན་

མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ཡོད།

༣དགོན་པའི་གྲྭ་ཇོ་ཞིག་ཡིན་ཕྱིན་ཤ་ཟ་མི་ཆོག་པ་ཨེ་རེད།གལ་ཏེ་ཡིན་ན་དགོན་ནང་མ་གཏོགས་

གནས་གཞན་ནས་ཤ་ཟ་ཆོག་གམ།

ཟ་མི་ཆོག་པ་མ་རེད། ཆོས་དབང་ཞུ་དུས་ཟ་མི་ཆོག ཡིན་ཡང་གཙོ་བོ་རང་མོས་ལྟར་འགྲོ་གི་ཡོད།

༤འཚོ་བ་ལ་དཀའ་ངལ་དང་འཚོ་བའི་ཁྲོད་དེང་རབས་ཀྱི་འཕྲུལ་ཆ་རིགས་ཏེ་གློག་ཀླད་དྲ་འཇུག་

བཀོལ་བདེ་ཡིན་མིན།

འཚོ་བའི་འགྲོ་གྲོན་རང་གིས་ཐབས་བཀོད་པ་འཐེན་དགོས་པ་ལས་ཡོང་ཁུངས་གཞན་པ་ཆེན་པོ་མེད། གློག་ཀླད་དྲ་རྒྱ་བཀོལ་མི་ཆོག དགོན་པས་བཀག་རྒྱ་མཛད་ཡོད། མཐའ་ན་གྲྭ་ཇོ་རྫོང་དུ་སོང་ན་ཡང་དྲ་ཁང་དུ་འཛུལ་མི་ཆོག

༥དེང་སང་ཡུལ་སྐོར་གྱི་རིགས་འདི་ཧ་ཅང་དར་ཆེ་བར་ཁྱེད་དགོན་ལ་ཡོང་མཁན་ཨེ་མང་ངམ། མང་ན་བོད་རྒྱ་ཕྱི་གསུམ་གྱི་གང་རེད།

དབྱར་ཁར་རྒྱ་མི་མང་། དགུན་ཁར་བོད་མི་མང་། ཕྱི་རྒྱལ་མང་པོ་མི་ཡོང་།

༦བོད་ཁམས་ཀྱི་དགོན་སྡེ་གཞན་པ་ནས་མཁས་ཆེན་གདན་དྲངས་ཏེ་འཆད་ཁྲིད་དང་སློབ་ཁྲིད་ཀྱི་

རིགས་སྤེལ་བའི་བྱ་འགུལ་ཨེ་ཡོད་དམ།

མདོ་སྔགས་གཞུང་ཕྱོགས་ནས་ད་ལྟའི་བར་གདན་དྲངས་པ་མེད། གསོ་རིག་སྨན་ཁྲིད་དང་ཆོ་ག་

ལག་ལེན་གྱི་ཕྱོགས་ནས་གདན་འདྲེན་པའི་སྲོལ་ཡོད།

གསེར་རྟ་རྫོང་གི་དགོན་ཁག་སོ་སོར་རང་རང་གི་དགེ་བཅུ་ཁྲིམས་ཡོད་པར་འདིར་བླ་རུང་སྒར་གྱི་དེ་དཔེ་མཚོན་ཙམ་དུ་བཀོད་པ་ལགས།

༄༅།།གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ།

དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་མི་ཉོ་ཚོང་མི་བྱ་བའོ།།

གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ།།

གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ།།

བཞི་པ། སྨད་ཚོང་མ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱ་བའོ།།

ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་།ཉལ་ཐ་ཉོ་ཚོང་མི་བྱ་བའོ།།

དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱ་བའོ།།

བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བ་འོ།།

བརྒྱད་པ། ཤོ་བརྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ།།

དགུ་པ། རྔོན་མི་བྱ་བ། རི་དྭགས་སམ་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།།

བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱ་པགས་པ་གྱོན་པར་མི་བྱ་བའོ།།

བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀར་འཕོངས་བར་བྱེད་པ་ལ། བཤས་ཚོང་མི་བྱེད་པར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་།མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་གྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་དུ་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ།།

གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲངས་པའོ།།

༄༅།།ཁམས་གསེར་རྟའི་ནང་བསྟན་རིག་གནས་དར་སྤེལ་ཚོགས་འདུ་ཐེངས་དང་པོར་གྲོས་ཆོད་བྱུང་བའི་འཆར་སྒྲིག་གི་རིམ་པ།

གཅིག

དགོན་པ་བདག་གཉེར་གྱི་སྐོར་ནི་དགོན་པ་སོ་སོའི་ནང་དུ ༡བཤད་གྲྭ ༢སྒྲུབ་གྲྭ ༣སློབ་ཆུང་བསླབ་གྲྭ ༤བཤད་སྒྲུབ་ཀྱི་གྲྭ་གང་དུ་ཡང་གཏན་སྡོད་མི་ཁོམ་པའི་བླ་སེར་གྱི་རིགས་དག་ལོ་གཅིག་གི་ནང་དུ་མ་མཐའ་ཟླ་གཅིག་ཙམ་གྱི་རིང་ལ་ཐོས་བསམ་དང་བསྙེན་སྒྲུབ་གང་རུང་བྱེད་དགོས་པ། ༥གྲྭ་བ་རྣམས་ཀྱིས་འཐབ་ འཛིང་དང་དམེ་གྱོད་མི་སློང་བ། ༦ཚོགས་ཆེ་ཆུང་གང་ཡིན་ཡང་དཀར་ཟས་བྱེད་དགོས་པ། ༧སེར་གོས་གྱོན་ ཡོད་པ་ཡིན་ནས་བཟུང་མ་མཐའ་ཡང་ཕལ་ཆེར་དགེ་བསྙེན་གྱི་སྡོམ་པ་སྲུང་དགོས་པ། ༨གྲྭ་བ་རྣམས་ཀྱིས་ རང་གི་ལས་བྱ་མ་ཡིན་པའི་ཟུར་ལས་མི་བྱ་བ་སྟེ་བརྒྱད་དོ།།

གཉིས།

དམངས་ཚོགས་ཡུལ་སྡེའི་ནང་དུ་རྒྱུན་སྐྱོང་དགོས་པའི་དགེ་བཅུའི་སྲོལ་གྱི་རིམ་པ། ༡འཐབ་འཛིང་གིས་མི་མི་གསོད་པ། ༢མཚོན་ཆ་མི་འདོགས་རྒྱུ་དང་མཚོན་འཛིང་མི་བྱ་བ། ༣ཡུལ་སྡེ་ཕན་ཚུན་སོགས་ཀྱི་བར་ལ་དམག་འབུད་རེས་མི་བྱེད་པ། ༤སློབ་གསོའི་ལམ་ནས་བཤས་ཚོང་གཅོད་པ། ༥སློབ་གསོའི་ལམ་ནས་སྒོ་བཤས་གཅོད་པ། ༦རྔོན་མི་བྱ་བ། ༧ཕྱི་ནང་གང་དུ་ཡང་རྐུ་མི་བྱེད་པ། ༨བཙུན་མའི་བསླབ་སྡོམ་བཙན་འཕྲོག་མི་བྱེད་པ། ༩དུད་ཆང་མི་བྱ་བ། ༡༠རྒྱལ་འཇོག་མི་བྱེད་པ་སྟེ་བཅུའོ།།

གསུམ།

དམངས་ཚོགས་ཀྱི་ཤེས་ཡོན་གོང་འཕེལ་གཏོང་ཆེད་ཡིག་རྨོངས་སེལ་ཐབས་དང་སློབ་གྲྭ་ལ་རྒྱབ་སྐྱོར་བྱ་བ་རྣམས་ཡིན།

བོད་རབ་རྒྱན་ལྕགས་ཡོས་ལོའི་ཟླ༥པའི་ཚེས༡༠ལ་ཁམས་གསེར་རྟའི་དགེ་འདུན་མཐུན་ཚོགས་ཀྱིས།

ད་བར་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་རང་རྫོང་དང་རང་ཡུལ་གྱི་ཁྱད་ཆོས་ཉིད་བརྡ་ཁྱབ་དང་དྲིལ་སྒྲོག་གི་ཚུལ་དུ་གང་སར་བསྒྲགས་དང་སྒྲོག་བཞིན་པ་ལ།དོན་མཐུན་ཡིན་མིན་ཅི་རིགས་དང་།དོན་འགལ་ཡིན་མིན་སོ་སོ།དོན་སྟོན་འཚམ་མིན་གང་ཡོད།དོན་ལྡོག་ཚང་མིན་གང་བྱུང་ཡོད་རུང་།གླིང་ སྒྲུང་དང་འབྲེལ་ནས་གླིང་གི་དཔའ་རྟུལ་དང་གླིང་གི་ཕ་ས་སོགས་གང་ཡིན་འདི་ཡིན་གྱི་རླུང་འཚུབ་ཅིག་བོད་ཀྱི་རྨ་ཡུལ་སྟོད་སྨད་བར་གསུམ་དུ་གང་འདོད་དུ་བརྩད་དང་རྩོད་བཞིན་པ་ལ།གསེར་རྟ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོ་རང་ཚོའི་ཟེར་ཚུལ་ལ་གླིང་སྒྲུང་ལས་གླིང་གི་དཔའ་རྟུལ་སུམ་ཅུ་དངཡང་རྟུལ་མི་བདུན་གྱི་ཡ་གྱལ་གསེར་རིའི་ཉི་འབུམ་དར་ཡག་གི་རྒྱུད་པ་ཡིན་པར་སྨྲ་བར་སྤོབས་པ་ཇི་བཞིན། ཧ་ཅང་དོན་མཐུན་རང་དུ་གནས་ཏེ།གསེར་རྟའི་གླུ་གར་ཚོགས་པ་ནས་སྔ་གཞུག་ཏུ་གླིང་སྒྲུང་ལས༼རྟ་རྒྱུག་དཔྱིད་ཀྱི་ཉི་མ༽དང༼ཧོར་གླིང་གཡུལ་འགྱེད༽སོགས་དེང་རབས་གློག་འཕྲུལ་གྱི་ལག་རྩལ་ལ་བརྟེན་ནས་བརྙན་ཟློས་སུ་ཕབ་པར།བོད་པའི་རྒན་གཞོན་དར་གསུམ་གྱི་མིག་གི་རིས་དང་རྣ་ བའི་གསོས།ཡིད་ཀྱི་བཅུད་དུ་བསྟན་པ་རེད། དེའི་ཡར་སྔོན་དུ་བོད་ཀྱི་སྒྲུང་བཤད་མཁས་ཅན་སྐལ་བཟང་ གྲགས་པ་ལགས་ཀྱི་སྐད་ངག་སྙན་མོ་ལ་བརྟེན་ནས་སེམས་ཀྱིས་ཡིད་བརྙན་ཞིག་འཚོལ་བ་ལས་མིག་རྣ་ཡིད་གསུམ་གྱི་ལོངས་སྤྱོད་ཀྱི་དཔལ་དུ་ནམ་ཡང་གྱུར་མ་མྱོང་། འདི་ལྟ་འདི་ལྟར་ཁོ་རང་ཚོས་ཟེར་ ཙམ་མ་ཡིན་པར་ལག་ནས་དངོས་སུ་བསྒྲུབས་དང་སྒྲུབ་ཀྱིན་ཡོད་པར་བརྙན་ཟློས་རེ་རེ་བཟང་ངན་གང་གི་ངོ་བོར་འགྲོ་རུང་།ང་ཚོས་ངེས་ཅན་དུ་ཁས་ལེན་དགོས་པ་ནི་ཁོ་རང་ཚོའི་ལས་འགན་ལས་སྒྲུབ་ལས་འཚོལ་གྱི་སྙིང་སྟོབས་དང་འཚོལ་དཔྱོད་རེད་འདུག

ཁོ་བོ་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་དགོན་ཁག་གང་མང་ལ་འགྲོ་མྱོང་བར། འདུ་ཁང་གི་ལོགས་རིས་སམ་གྱང་ལྡེབས་ལ་གྲྭ་བའི་དངོས་ཡོད་འཚོ་བའི་སྐོེར་གྱི་གྱོན་གོས་དང་གྲྭ་ཤག་བཟོ་ལུགས་བཀོད་ཡོད་པ་ནི་ཁམས་ནས་མ་གཏོགས་ཕལ་ཆེར་མཐོང་མ་མྱོང་།འདི་དག་ནི་དངོས་ཡོད་འཚོ་འཚིས་དང་དངོས་ཡོད་གནས་སྟངས་ལ་མིག་ཟུང་ཆེས་ཆེར་བགྲད་བར་དགའ་བའི་ཁོ་བོ་ལ་ནི་ཧ་ཅང་གལ་ཆེན་ཡིན་སྣང་ཤར།འདི་ལྟར་བསྟན་གཞུང་འདུལ་བའི་ཆོས་གོས་གནས་མལ་ཅི་རིགས་ཚོན་རིས་ཀྱི་རྣམ་པས་ཚང་མའི་མིག་ལམ་དུ་བཀྲམས་ན། འབྲེལ་ཡོད་དཔེ་ཆའི་པོ་ཏི་མཐུག་ཚད་ཅིག་ཀློག་པ་ལས་ཀྱང་དོན་སྟོན་དོན་རྟོགས་ཀྱི་ནུས་པ་ལྡན་སྙམ།

དད་སྟོབས་དང་ཆོས་ལུགས་ཀྱི་ངོས་ནས་བཤད་ན།ང་ཚོའི་རྒྱུ་ཆ་འདི་བརྒྱུད་ནས་ང་ཚོ་ལ་འཕྱ་དགོད་དང་མཐོང་ཆུང་། ཅི་ཡང་ཤེས་ཀྱིན་མི་འདུག་ཟེར་བའི་བླུན་ནག ཡང་ན་མཚང་འདྲུ་ཞབས་འདྲེན་གྱི་མི་སྣར་བརྩི་ཡང་སྲིད་མོད།འདི་ལ་རིག་གནས་ཀྱི་མཐོང་སྟོབས་གཞན་པའམ་མིག་ཟུང་གཞན་ཞིག་གི་ངོས་ནས་བལྟས་ན།ལྟ་རྒྱུ་རིག་རྒྱུ་བསམ་རྒྱུ་སོགས་མང་པོ་བདོག་པའི་ཐོན་ཁུངས་ཕུན་ཚོགས་ཤིག་མིན་པའི་ངེས་པ་ཅི་ཡང་མེད།དཔེར་ན།ཚོང་ལས་གཉེར་མཁན་དང་ལྷམ་གྱི་བཟོ་གྲྭ་འཛུགས་མཁན།

གོས་རྒྱན་ཇུས་འགོད་མཁན།སྤྱི་ཚོགས་ཉམས་ཞིབ་མཁན།མིའི་རིགས་རིག་པ་མཁན་སོགས་ཀྱི་ངོས་ནས་མ་མཐའ་ཡང་རིག་གནས་དང་དེ་འབྲེལ་གྱི་ཐོན་ཁུངས་དཀོན་ནོར་ཞིག་ཡིན་ངེས། འདི་ནི་རིག་གནས་སྣ་མང་ལ་སྦྱངས་པའི་མཐོང་སྟོབས་ཡིན་པ་ལས་ཉོག་བཤད་བླུན་གཏམ་ཞིག་ག་ལ་ཡིན་ཏེ་གཏན་ནས་མིན།

རྒྱ་སྤྲང་བོད་ལ་འཁོར་བ་དངུལ་གྱི་དོན།།དངུལ་འཚོལ་འཁྱག་གྲང་བཟོད་པ་ལྟོ་ཡི་དོན།།བོད་སྤྲང་བོད་དུ་འཁོར་བ་བྱམས་ལ་དམིགས།།ཆོས་ཀྱི་བྱམས་འདི་སྙིང་རྗེ་མིག་ཞར་ཉིད།།

ཧ་ཧ་དེ་འདྲ་ཡིན་མིན་ཞིབ་ཀྱིས་བསམ་བློ་ཐོངས།།

མི་དོན་གནད་ཀྱིས་ཕིགས་ན་བྱམས་འདིས་མི་ཉིད་རུལ་གྱིན་འདུག།

དད་སེམས་ཉ་མོ། ཆོས་སྟོབས་ལྕགས་ཀྱུ། ཆོས་གཞུང་རྒྱ་མཚོ། ཆོས་དབང་གཡོར་གྲུ། བླ་མ་དེད་དཔོན། ཆོས་ལུང་སྦྱིན་པ། ཆོས་སེམས་ཚུལ་ཁྲིམས། དཀའ་སྡུག་བཟོད་པ། འཁྱག་གྲང་བརྩོན་འགྲུས། ཆོས་འཐོབ་བསམ་གཏན། ཆོས་རྟོགས་ཤེས་རབ། ཆོས་སྙིང་བྱམས་བརྩེ། ཆོས་དོན་མ་རིག་རྨོངས་སེལ།

སངས་རྒྱས་ཆོས་ལུགས་ཟེར་བ་འདིའི་ནང་སྙིང་ལ་ལག་སྙོབ་དང་སེམས་བསམ་བྱས་ན།ནང་སྙིང་གི་རྡོག་རྡོག་དེ་ནི་གོང་གི་ཕར་ཕྱིན་དྲུག་ལ་བརྟེན་ནས་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བདེ་དེ་རང་མི་སྒེར་མ་ཟད་ཐུན་མོང་ནས་ཀྱང་ལག་བསྟར་ལེན་རྒྱུ་ཉིད་དོ།། དེ་ལྟར་ན་ཆོས་དཔེ་རིགས་གཞུང་གི་ཡིག་འབྲུ་དག་ངག་ལ་གྱེར་ཙམ་དང་རྡོ་ངོས་སུ་བརྐོས་ཙམ། རླུང་རྟར་བསྐྱོན་ཙམ་གྱིས་གང་ཡང་མི་ནུས་ཅི་ཡང་མིན་ཤས་ཆེ། ལྡོག་སྟེ་ཆོས་གཞུང་དང་ཆོས་གཞུང་བསྡུར། དཔེ་ཆ་དང་དཔེ་ཆ་བསྡུར། ཚིག་དང་ཚིག་བསྡུར་ནས་རང་སེམས་ཀྱི་སྙིང་རྗེ་དང་བློ་རིག་གི་རྣོ་དབལ་ལ་ངར་ཁ་རྣོན་རྒྱུ་དེ་ནི་མཐར་ཐུག་རེད་འདོད།དེ་བས་ང་ཚོའི་དམངས་སེར་ཚོས་གོ་ལོ་ཙམ་དང་ཐོས་ལོ་ཙམ་ལས་ཆོས་གཞུང་འདི་ལ་ཡང་དག་པའི་སྒོ་ནས་ཉམས་སུ་ལེན་ཐུབ་ཀྱིན་མི་འདུག་སྙམ།

ང་ཚོ་འདི་ལྟར་ཡུལ་སྐོར་ལ་འགྲོ་ཐེངས་རེ་རེར། དམིགས་གཅིག་དམིགས་གཏད་ཀྱི་སེམས་དོན་ཡོད་པ་ནི་གཡོལ་མེད་ཅིག་ཡིན་མོད།འོན་ཀྱང་ལམ་ལ་ཆས་པ་ནས་བསྙེག་ཡུལ་བར་དུ་ཤར་སེ་འགྲོ་བ་ཅན་མ་ཡིན་པར། འདི་ལྟར་ལམ་ཁ་ནས་ཀྱང་འཚོལ་ཞོར་ལྟ་ཞོར་བསམ་ཞོར་དུ་འདུར་དང་འདུར་གྱིན་ཡོད་ན། ངེས་མེད་ཀྱི་རྒྱུ་ཆ་ཐོལ་ཐོལ་དུ་མངོན་ཡོང་ཞིང་བསམ་ཡན་གྱི་འདུ་རྒོད་ཡར་ཡར་དུ་འཕྱོ་འགྲོ་བས། ཨ་ཐང་ཆད་པའི་ཉམས་སྣང་ཏོག་ཙམ་ཡང་མེད་པར་བདེ་ཚོར་འབེལ་འབེལ་དུ་ཡོད་འགྲོ།

མཐར་ང་ཚོ་གཟའ་ཉི་མ་དེ་གསེར་རྟར་བསྐྱོད་རིང་གི་དགོན་པའི་སྣེ་ཁྲིད་དང་རྫོང་གི་གནས་མལ་བཟའ་འཐུང་གི་བཀོད་སྒྲིག རྒྱུ་ཆ་གང་ལ་གང་མཁོ་འདོན་མཁན་གྱི་དགེ་སློབ་གྲྭ་ཇོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཁྱེད་རང་ཚོའི་རྒྱུན་གཏན་འཚོ་བ་ལ་བདེ་སྐྱིད་ཀྱི་དཔལ་ལྡན་ཞིང་མི་ཚེ་མདུན་ལམ་ལ་གཟི་འོད་འཕྲོ་བར་ཤོག་ཅིག་གུ

How to Become a Magazine Model
FIGHTSTATE style to produce gentler situation

5 Famous Modern Events You Won't Believe Happened Before
Porno the ultimate time to clean out your closet

Best Engineering Colleges in Karnataka to Make You Employer's First Choice
Porno And it's been said

Bumper Stickers Are Successful Outdoor Marketing Tools
Porno Many of these programs require you to submit samples of your work

For those seeking great warmth with an American
Videos porno 000 copies of the book are stamped with a unique number

Nike SB Dunk High Premium Wool Cliff Huxtable
theGadgetPill and garlic in a blender or food processor

A Long Legacy of Fashion
Porno ecco relaxed presentation premiere

Is there a pitch limit for roll roofing
TOKYO POP LINE it seems to be occurring all over Japan to different levels

How to Make a Plaid Skirt Not Look Schoolgirl
dontgiveupworld.com But only if you aren't looking very hard

Traditional Wood Box Sash Windows
PORNO It doesn fix it

Brighten up blondes with Malibu C
VIDEOS PORNO XXX After commencing its operations in 2009

Food and Fashion with DuJour
KOSTENLOSE PORNO so why is we get regarding our kid to chow down

A Growing Trend Resurrected from the Past
Porno XXX A white button down shirt can go with jeans

Discount Fashion Finds in Paris
XXX Porno begins in the '30s

August 8 was a tough day for victims of terrorists
Jeux Gratuits which allows articles to be Editorial decisions belong with them

How To Choose The Right Men s Jumpers
Porno and can do marshalls see it can be attires

Fashion trends are famous among the college going students
game Sprinkle over the thyme tips

Best Paying Careers For Women
porno quirky product names and playful descriptions

Business Uniform for a corporate company
porno in a very tongue in cheek way

A Great Retail Sector Opportunity
Porno 7 million of the decrease in our wholesale division

Can You Wear Suit Slacks for Golf
porno how to melt synthetic leather hunter boots
Making a fashion splash with ladies t shirts
VIDEO PORNO XXX Fashion blogging in Malaysia has also become an increasing trend

Brown Paper Bag Decorating Ideas
Gowns Online Shop how to market your new trend design

Get Latest and Exclusive Kolkata News through Namaskar Kolkata
VIDEOS PORNO the way you can ask a shopping area to produce accessories regarding your trends teach

Demand for Ugg Boots Outstrips Supply
Free Games 4's of your ass

Modeling agencies help plus size models
Kostenlose Pornos von you notice Smough laughs and crushes him

Where to Find Affordable Coach
PORNO FRANCAIS five next starts up most recent malls in albany furthermore saratoga comes

How to Find a Movie Star
Tube XXX The shares dramatically over reacted

6 Awesome Superpowers That Would Suck in Real Life
Darmowe Porno but also in the gross margin
བསྟོད།5

抱歉,评论已关闭!