ཁམས་ཕྱོགས་ཀྱི་གཟའ་ཉི་མའི་ཁ་བརྡ་ལས་རང་གྲོལ་རྗེས་དྲན་སྐོར་གྱི་གནས་ཚུལ།

ངེད་དྲ་བ།

ཚོགས་བྱང་། གཟའ་ཉི་མའི་ཁ་བརྡ།

ཚོགས་པའི་གླེང་གཞི། རང་གྲོལ་རྗེས་དྲན།

ཚོགས་ཐེངས། སྐབས་བཅུ་གསུམ་པ།

ཚོགས་དུས། གཟའ་ལྷག་པ།(༢༠༡༡ལོའིསྤྱི་ཟླ༡༡བའི་ཚེས༣༠ཉིན)

ཚོགས་ཡུན། དུས་ཚོད༡༨:༢༠~༢༡:༠༠

ཚོགས་ར། དཀར་མཛེས་མི་རིགས་སློབ་འབྲིང་གི་སྐས་རིམ་སློབ་ཁང་།

གཙོ་སྒྲུབ་པ། དཀར་མཛེས་མི་རིགས་སློབ་འབྲིང་མཐོ་གཉིས་དང་པོ།

༼མདོ་འཛིན་པས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་མདོ་འཛིན་བྱེད་བཞིན་པ།༽

དང་པོ། མདོ་འཛིན་པས་རྒྱ་བོད་དབྱིན་གསུམ་གྱིས་གཏམ་བཤད་པ་དང་རང་གྲོལ་ལགས་ཀྱི་ཆེ་བ་བརྗོད་ཅིང་རྗེས་དྲན་བྱེད་དགོས་པའི་ཀུན་སློང་དང་དམིགས་ཡུལ། རྒྱུ་མཚན་སོགས་གསལ་བརྗོད་བྱས།

གཉིས་པ། འཛིན་གྲྭའི་སྐྱོར་དཔོན་ཚེ་དབང་རིག་འཛིན་གྱིས་བརྗེད་དང་དྲན་ལས་འཕྲོས་ཏེ༼ཤེས་ཡོན་ཅན་རང་གྲོལ་གླེང་བ༽ ཞེས་པའི་གཏམ་བཤད་གནང་བ།

༼ནང་དོན་མདོར་བསྡུས༽སྐུ་ཞབས་རང་གྲོལ་སྐུ་གཤེགས་ནས་ལོ་ངོ༢༦འགོར་ཟིན། ཐོག་མར་རང་གྲོལ་ཁོང་ཉིད་བློ་འབྱེད་མཁན་དང་ཤེས་ཡོན་ཅན་ཡིན་པའི་སྐོར་གྱི་ལྟ་ཚུལ་གླེང་སློང་བའི་ཚུལ་དུ་རང་ཉིད་ཀྱི་ལྟ་ཚུལ་བརྗོད། བློ་འབྱེད་ཞེས་པར་གསལ་བཤད་བྱེད་པ། ཆོས་ཀུན་ལ་རང་སྟོབས་ཀྱིས་འབྱེད་ནུས་པའི་བློ། ཤེས་ཡོན་ཅན་ཞེས་པ་ནི་རང་ཉིད་ཀྱི་བལྟས་ན་ཁེར་ཚུགས་ཀྱི་རང་གཤིས་སོགས་ཡོད་དགོས། མཁས་དབང་རང་གྲོལ་ཁོང་ཉིད་ནི་དོན་མཐུན་གྱི་ཤེས་ཡོན་ཅན་ཞིག་ཡིན་པར་འདོད། དེ་ལ་དོགས་པ་ཟ་དགོས་དོན་མི་འདུག ཁོང་གི་བརྩམས་ཆོས་ལ་གཞིག་ན་ཤེས་ངེས། ཁོང་གི་སྤྲུལ་སྐུ་དང་ལང་ཚོའི་རྦབ་ཆུ། རྐང་ལམ་ཕྲ་མོ་སོགས་བརྩམས་ཆོས་ཁྲོད་ནས་ཁོང་གི་སྙིང་སྟོབས་མཐོང་ཐུང་ལ། ཁོང་གི་ཁ་ཆེམས་ལ་བལྟས་ན་ཁོང་ནི་བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་པའི་རང་གཤིས་མཐོང་ཐུབ་པ་སོགས།

གསུམ་པ། སློབ་གྲོགས་བཀྲ་ཤིས་དར་རྒྱས་ཀྱིས༼རང་གྲོལ་གྱི་བརྩམས་ཆོས་མདོར་ཙམ་གླེང་བ༽ཞེས་པའི་གཏམ་བཤད་གནང་བ།

༼ནང་དོན་མདོར་བསྡུས༽རང་གྲོལ་ཁོང་ནི་བོད་ཀྱི་ཤེས་ཡོན་པ་དང་མཁས་པ་གྲགས་ཅན་ཞིག་ཡིན་ལ། ཁོང་སྐུ་གཤེགས་པའི་རྒྱུ་མཚན་ནི་ཁོང་གི་ཁ་ཆེམས་ལ་བལྟས་ན་ཤེས་ཐུབ། རིག་རྩལ་བསྐྱར་དར་དུས་སྐབས་སུ་ཨ་རིའི་མཁས་དབང་ཧའེ་ཐུ་མན་དང་རྒྱ་ནག་གི་རྩོམ་པ་པོ་ཀོ་མོ་རོ་ཡི་སྙན་ངག༼ལྷ་མོ༽དང་། བོད་ཀྱི་རང་གྲོལ་དང་ཁོང་གི༼ལང་ཚོའི་རྦབ་ཆུ༽ ད་དུང་ཁོང་གི་རིགས་ཞེན་གྱི་ཐད་ནས་འཕྲོས་ཏེ་བརྩམས་ཆོས་སྒྲུང་གཏམ་སོགས་ཀྱི་ཐད་ནས། ཕོ་མོ་འདྲ་མཉམ་དང་གཉེན་དོན་རང་དབང་གི་ཐད་ནས། སད་ཀྱི་བཅོམ་པའི་མེ་ཏོག་གླེང་ཞིང་། ཆོས་ལུགས་ཀྱི་ཐད་ནས་སྤྲུལ་སྐུ་བརྩམས་པའི་དགེ་མཚན་སོགས་གླེང་། བརྩམས་ཆོས་གཞན་དག་གི་ཁྲོད་ནས་ཀྱང་རྩ་ས་རྩོད་གླེང་སོགས་བོད་སྤྱི་ཚོགས་ཀྱི་གནད་དོན་གནད་བརྗོད་བྱས། ཡིག་བསྒྱུར་ལོ་ཙྰའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ། སློབ་མ་འདིས་རང་གྲོལ་ལགས་ཀྱི་རིགས་ཞེན་དང་བདེན་འཚོལ་སོགས་ཁོང་གི་བརྩམས་ཆོས་ལས་དྲངས་ཏེ་ཆེ་བ་བརྗོད་པ་དང་། ཁོང་གི་བོད་སྤྱི་ཚོགས་ཀྱི་གནད་དོན་དེ། ཆོས་པ་རྫུན་མ། ཕོ་མཆོག་མོ་དམན་སོགས་ལ་དབྱེ་ཞིབ་བྱས་པ་ཡིན་ནོ།།

བཞི་བ། སློབ་མ་མེ་ཏོག་ལྷ་མཚོ་ལགས་ཀྱིས༼རང་གྲོལ་ལགས། ངས་ཁྱེད་རང་དྲན་གི༽ཞེས་པའི་སྙན་ངག་གྱེར་འདོན་བྱས།

༼ནང་དོན་མདོར་བསྡུས༽

དོན་གྲུབ་རྒྱལ། ཁྱེད་རང་ཧ་ཅང་དྲན་གི

ཁྱེད་ནི་པཎ་ཆེན་རིན་པོ་ཆེ་མཆོག་གི་བློས་ཐུབ་ཀྱི་གྲོགས་པོ་དང

རང་གི་མི་རིགས་ཀྱི་སླད་དུ་གཞན་གྱི་རྐང་འོག་ཏུ་མི་འཇོག་པའི་སྐྱེས་ཆེན་དམ་པ་ཞིག

ལོ་ནག་རེ་རེའི་རྒྱབ་ལྗོངས་བར་ནས

འུ་ཚང་གི་ཁྱིམ་གཞི་འདིའི་ཡོད་ཚད་ཡོད་ཚད

སྐྱ་ཆད་སྔོ་སྡུག་གི་ངོ་བོར་གྱུར་དུས

འུ་ཚང་གིས་ཁྱེད་ཧ་ཅང་གླེང་གིན་འདུག

ཁྱེད་ཡོད་ན་ཞེས་པའི་སྐད་ཆ་དེ་གླེང་ཐེངས་རེ་རེར

མང་པོ་ཞིག་ལ་འདྲི་བཞིན་འདུག

དོན་གྲུབ་རྒྱལ ཁྱེད་ཧ་ཅང་དྲན་གི་ཞེས་དྲན་གདུང་དང་ན་ཟུག་གི་སྒོ་ནས་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ཕྱི་རུ་ངོམས་ནས་དཔལ་དོན་གྲུབ་རྒྱལ་དྲན་ཚུལ་བརྗོད་པ་ཡིན།

ལྔ་བ། སློབ་བུ་བསོད་ནམས་དགྲ་འདུལ་གྱིས་རང་ཉིད་ཀྱིས་བྲིས་པའི་རང་མོས་སྙན་ངག་སྟེ།

༼ལམ་གསར་བ་ཞིག༽ཞེས་པ་གྱེར་འདོན་བྱས་པ།

༼ནང་དོན་གཙོ་བོ༽ འཇིག་རྟེན་ན་མ་གཞི་ལམ་མེད་མོད། འགྲོ་མཁན་ཡོད་པར་གྱུར་པས་ལམ་བུ་ཡང་ག་ལེར་ཐོན་བྱུང་བ།

དྲུག་པ། སློབ་མ་མཁའ་འགྲོ་བདེ་སྐྱིད་དང་མེ་ཏོག་ལྷ་མཚོ་སོགས་ཀྱིས༼རྐང་ལམ་ཕྲ་མོ༽ཞེས་པའི་ལྷུག་རྩོམ་གྲགས་ཅན་དེ་གར་ཆུང་གི་རྣམ་པའི་འཁྲབ་པས་རྨ་མེད་པའི་རིན་ཐང་ཞིག་དང་བླ་ན་མཐོ་བའི་གྲུབ་འབྲས་མངོན་གསལ་ཅན་ཞིག་བླངས་ཡོད་པར་ཉན་མཁན་དང་བལྟ་མཁན་རྣམས་ཀྱིས་ངག་ནས་བརྗོད། འགལ་འདུ་ཡི་དུས་རབས་ཁྲོད་ནས་རང་གྲོལ་གྱིས་རང་གི་བདེ་བ་དོར་ནས་རིག་གནས་གསར་བའི་ལམ་སྣ་འདེམས་སོང་བའི་སྐྱོ་གར་ཞིག་དང་རྗེས་རབས་པ་དག་ལ་བཅངས་པའི་ཡིད་ཆེས་ཤིག་ཀྱང་རང་ཤུགས་ཀྱིས་མངོན་འོང་གི་རེད།

༼ནང་དོན་གཙོ་བོ༽རྐང་ལམ་ཕྲ་མོ་འཁྲབ་གཞུང་བྱས་ཏེ་འཁྲབ་ཅིང་རང་གྲོལ་ལགས་བརྗོད་བྱར་བྱས་ཏེ་རང་གྲོལ་དྲན་པའི་གླུ་ཆུང་བླངས་ཏེ་མཇུག་རྫོགས་པར་བྱས།

བདུན་པ། སློབ་བུ་བསྟན་འཛིན་ཟླ་བས་རང་ཉིད་ཀྱིས་སྐུ་ཞབས་རང་གྲོལ་མཆོག་ལ་བྲིས་པའི་རྩོམ་ཡིག་ཅིག་སྟེ། ༼དཔའ་བོ་ལ་དཔའ་དར་འཐེན་པ༽ཞེས་པ་ཞིག་གྱེར་འདོན་བྱས། དེ་ལ་ཚན་པ་གཉིས་ཡོད། རིག་གསར་སོགས་ཀྱི་དབང་གིས་མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་གནས་མེད་དུ་འཁྱམ་པ། ཡིན་ནའང་སྡུག་གི་རྗེས་ནས་སྐྱིད་ཅེས་པའི་དཔེ་བཞིན། ༡༩༥༠ལོར་དགུ་རོང་པདྨོ་རོང་ཞེས་པའི་ས་ཆ་ནས་དོན་གྲུབ་རྒྱལ་ཞེས་པ་འཁྲུངས། ཁོང་གི་ལོ་རྒྱུས་ཉུང་ཙམ་བརྗོད་པ། རྟོགས་སད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་ཀྱིས་འབད་པ་བྱེད་མོད། ཐམས་ཅད་ཀྱིས་ནོར་བུ་ངོ་མ་ཟིན་པར་ཚེ་ཡི་ཕ་མཐར་སྐྲད།

ཚན་པ་གཉིས་པ། མཛེས་སྡུག་གི་ཁོར་ཡུག་ལ་རིགས་ཞེན་གྱི་དུང་བ་ཟབ་ཅིང་བདེན་འཚོལ་གྱི་སྙིང་སྟོབས་མངའ་བའི་སྐྱེས་བུ་རླབས་ཆེན་མེད་ན་དེ་ནི་གྲང་ངར་གྱི་འཇིག་རྟེན་མ་ཡིན་ནམ།

ཁྱི་རྒན་ལྟ་བུའི་སྐྱེས་བུ་འགའ་ཞིག་གླེང་བ། རང་གྲོལ་ལྟ་བུའི་སྐྱེས་བུ་ལ་ཁ་ཕྱོགས་པ་ལས་ཁྱི་རྒན་ལྟ་བུ་ལ་གདེང་འཇོག་བྱ་བ།

རང་གྲོལ་དང་ཞོར་དུ་དེང་རབས་སྤྱི་ཚོགས་སུ་གནས་པའི་སྐྱུག་བྲོ་བའི་སྣང་ཚུལ་འགའ་བརྗོད་པ། ཁོང་གིས་ན་ཟུག་དང་ང་རྒྱལ། སྐྱོ་གདུང་དང་ངུ་འབོད་བཅས་ཀྱི་སྒོ་རྗེས་རབས་པ་མང་པོ་ཞིག་གི་ཤིན་ཏུ་མཐུག་པའི་གདོང་འབག་དམར་བཤུ་བྱས་ཟིན་ལ། དེའི་ཁྲོད་ནས་མདུན་བཞུགས་ཀྱི་དགེ་རྒན་དང་སློབ་མ་ཚོ་ལའང་ཚོར་སེམས་རྨ་མེད་རེ་དང་འདྲི་ཚིག་བླ་མེད་རེ་སྦྱིན་འོང་།

བརྒྱད་པ། སློབ་མ་བུ་མོ་ལྷ་དགའ་དང་འཆི་མེད་གཡང་མཚོ་གཉིས་ཀྱིས༼དུས་རབས་ཀྱི་དཔའ་བོ༽ཞེས་པའི་སྙན་ངག་ཅིག་གྱེར་འདོན་བྱས།

༼ནང་དོན་གཙོ་བོ༽ དུས་རབས་གང་ལྟ་བུ་ཞིག་ཡིན་ཡང་དེ་ལ་དེ་མཐུན་གྱི་སྐྱེས་ཆེན་མྱི་ཆེན་གྱི་རླབས་ཆེན་མཁས་ཆེན་སོགས་འཁྲུངས་ཡོད་པ་ནི་གཞི་བཞག་ཅིག་ཡིན་ཡང་རང་རེ་ཚོ་ད་དུང་ཡང་གཞན་ཁ་རྒྱུགས་པའི་སྐྱོ་གར་མང་དུ་འབྱུང་གིན་ཡོད་པའི་སྐོར།

༼བླ་རྫུན་ཞེས་པའི་གར་ཆུང༽

དགུ་བ། སློབ་བུ་འཕྲིན་ལས་དཔལ་འབྱོར་དང་བྱང་ཆུབ་རྡོ་རྗེ་སོགས་ཀྱིས་རང་གྲོལ་མཆོག་གི་བརྩམས་སྒྲུང་སྤྲུལ་སྐུ་ཞེས་པ་གར་ཆུང་དུ་བསྒྲིགས་ཏེ༼བླ་རྫུན༽ཞེས་པ་འཁྲབ། དེར་སློབ་བུ་འདི་དག་གི་བློ་རྩལ་ལས་ཐོན་པའི་བརྩམས་ཆོས་ཆུང་ཆུང་འདི་ལ་གཞལ་མེད་ཀྱི་རིན་ཐང་ཞིག་དང་བླ་མེད་ཀྱི་གོ་གནས་ཤིག་ཡོད་པར་ང་ཚོས་བཅོས་མིན་དུ་འདོད། ལྷག་དོན་འདི་འདྲའི་གར་ཆུང་གི་རྣམ་པ་ནི་མདུན་བཞུགས་སློབ་གྲོགས་དང་དགེ་རྒན་མང་པོས་བརྗོད་པ་ལྟར་ན་མཐོང་ཐེངས་དང་པོ་ཡིན་པས། དེ་ལས་ཀྱང་རིན་ཐང་གཞན་ཞིག་འདུག་ཅེས་བརྗོད་ཀྱིན་ཡོད།

༼གསལ་བཤད༽ཁོ་ཚོས་འཁྲབ་པའི་གར་ཆུང་འདིས་མདུན་བཞུགས་ཀྱི་དགེ་རྒན་མང་པོ་ཞིག་དང་སློབ་བུ་མང་པོ་ཞིག་ལ་ཨ་ཙི་དང་ཨ་མ་ཞེས་པ་སོགས་ཀྱི་ཡ་མཚར་བའི་ཚིག་ཀྱང་དུ་མ་ལྷུང་དུ་བཅུག དེའང་ཅི་ཁག་སྟེ། སློབ་བུ་འཕྲིན་ལས་དཔལ་འབྱོར་ལགས་ཀྱིས་སྤྲུལ་སྐུ་རྫུན་མ་ཞིག་གི་སྣང་བརྙན་དེ་ལྷང་ངེ་ལྷམ་མེར་མངོན་སུམ་དུ་བསྟན་ཆེད་གྲྭ་ཆས་ངོ་མ་ཞིག་སྤྲས་འོང་བས་ལོས་ཡིན་སྙམ་མོ།།

བཅུ་བ། སློབ་བུ་འཇམ་དབྱངས་ཆོས་གྲགས་ཀྱིས་རང་ཉིད་ཀྱིས་བྲིས་བའི་རྩོམ་ཡིག་སྟེ། ༼ང་ཕྱི་ལ་མི་སྐྲག་ནང་ལ་སྐྲག༽ཅེས་པ་གཏམ་བཤད་ཀྱི་ཚུལ་དུ་མདུན་བཞུགས་ཉན་མཁན་རྣམས་ལ་དྲི་བ་དང་བཅས་ཏེ་དྲིས་བྱུང་བས་བསམ་གཞིག་གི་རིན་ཐང་ཆེས་ཆེར་ལྡན་ཏེ། ཁོའི་གཏམ་བཤད་ལ་བཟང་ཆ་ཡ་མེད་ཅིག་འདུག་སྟེ། སྐད་ཀྱི་གདངས་ནི་མཐོ། ལུང་དང་རྒྱུ་མཚན་ཕྱུག གོ་རིམ་ཞིབ་ཅིང་ཕྲ་བ་སོགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད་པས་མདུན་བཞུགས་དགེ་སློབ་ཚོའི་ཡིད་དབང་ཅིག་ཅར་འཕྲོག་སོང་ངོ་།།

ད་དུང་རིགས་ཞེན་གྱི་ལ་རྒྱ་མཚོ་ལྟར་འཁྱིལ་བའི་སྐྱེས་བུ་ཆེན་པོ་རང་གྲོལ་ཁོང་ཉིད་བགྲོངས་མཁན་ནི་བོད་རང་ཉིད་ཡིན་པ་ལས་གཞན་མ་ཡིན་པ་གླེང་བ།

བཅུ་གཅིག་པ། སློབ་མ་བསྟན་འཛིན་དབང་མོ་དང་བསོད་ནམས་ཆོས་སྒྲོན། ཕུར་བུ་གཡང་མཚོ་གསུམ་པོས༼སྤྲིན་དཀར་གྱི་འདབས་མ༽ཞེས་པ་གྱེར་འདོན་བྱས་ཤིང་། ད་དུང་ཚིག་དང་དབྱངས་ཁོ་མོ་ཚོས་བརྩམས་པའི༼རང་གྲོལ་ལགས། གངས་རིའི་བླ་སྲོག༽ཞེས་པའའི་གཞས་ཞིག་བརྩེ་དུང་དང་ལྡན་ཞིང་ཚིག་འབྲུ་གསལ་བ། ཉམས་འགྱུར་གྱིས་ཕྱུག་པའི་སྒོ་ནས་བླངས་བྱུང་བས་མདུན་བཞུགས་ཀྱི་དགེ་སློབ་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་ནི་བཤད་ག་ལ་དགོས་ཨང་།

ༀ་འབར་ལགས་ཀྱི་གཏམ་བཤད།

མཐོ་གཉིས་གཉིས་པའི་བྱ་འགུལ་ལ་གདན་འདྲེན་ཞུས་པ་ལ་བཀའ་དྲིན་ཞུ་བ་ཡིན། འདི་ལྟ་བུའི་བྱ་འགུལ་སྤེལ་བ་ལ་བཀའ་དྲིན་ཞུ།

རྗེས་དྲན་ཞུ་དགོས་པའི་རྒྱུ་མཚན་ཁོང་གི་དེབ་ཕྲེང་གཉིས་པ༼དཀར་བཟློག་དམར་བཟློག༽ན་གསལ་བས་འཐུས་བར་བྱ།

གཏམ་བཤད་ཀྱི་ཁ་བྱང་། རང་གྲོལ་དང་སློབ་མ།

ཁོང་རང་མཁས་པ་གཞན་དང་མི་འདྲ་བར་སློབ་ཆུང་ནས་སློབ་ཆེན་འགྲིམས་པ། དགོན་པ་དང་སློབ་གྲྭའི་རྗེས་དྲན་བྱེད་སྟངས་མི་འདྲ་བ། སློབ་གྲྭའི་དགེ་སྐྱོན་གླེང་དགོས་པ། བྱས་རྗེས་གླེང་བ། ༡ ཁོང་ནི་བོད་ཀྱི་རྩོམ་རིག་ལ་སྙེག་པ་ཐོག་མ་ཡིན་པ། ང་རྒྱལ་ཆེ་ཚུལ་བརྗོད་པ་ལ། ༢ ཁོང་ནི་ཡོན་ཏན་འབྱོར་བས་རང་ཚུགས་ཡོད་པས་སོ།། ༣ གསུང་པོད་དྲུག་པོ་ཐམས་ཅད་སློབ་གྲྭ་ནས་ཡིན་པ་མ་གཏོགས་སྤྱི་ཚོགས་ནས་མ་ཡིན། ཁོང་གི་སྐྱེས་ཐོབ་སྤྱི་ཚོགས་ནས་བོར་བ་རེད། ༤ རྩོམ་འབྲིའི་ཆུ་ཚད་ཡག་པས་རྒྱུ་མཚན་གང་ཡིན། གླིང་སྒྲུང་གི་རྐྱེན་གྱིས། ཁོང་གི་བརྩམས་སྒྲུང་མཐའ་དག་གཏམ་རྒྱུད་ཡིན་ལ་དེ་དག་ཨ་མྱེས་གནའ་གཏམ་སོགས་ཀྱིས་རྐྱེན་བྱེདནས་ཡོང་བར་འདོད་པ། ༥ འཆི་རྐྱེན་བཤད་པ། མི་རིགས་ཀྱི་བདག་ལས་རང་གི་བདག་བོར་བས་རང་ཉིད་ཀྱིས་རང་ཉིད་ཀྱི་རིན་ཐང་ངོས་མ་ཟིན་པ། ནང་སེམས་ལ་དཔྱད་མཁན་ཞིག་མ་ཡིན་ལ་མི་རིགས་ཀྱི་བསླུ་བྲིད་ཐེབས་པས་ཕམ་ཁ་ཉོ་ཁོ་ཐག་ཡིན་པར་བརྗོད་པ། ༦ ང་ཚོར་མཁོ་བ་ནི་སྤྱི་ཚོགས་ལ་ཁ་གཏོད་ཐུབ་པའི་རིག་གནས་དགོས་པ། གནའ་རྫས་རྟོག་དཔྱོད་རིག་པ་སོགས་ལ་སྦྱོང་དགོས། ༧ སློབ་གྲྭ་ཆེན་མོར་ཐོན་ན་ཕུགས་བསམ་ཡོད་དགོས། དེ་ཡིན་ན་ད་གཟོད་ཁོང་གི་བརྒྱུད་སློབ་ཡིན་པར་བལྟ་བ་སོགས་ལས་འཆད་པའོ།།

དྲི་བ།

༡ཁོང་ཉིད་བློ་འབྱེད་ཤེས་ཡོན་ཡིན་མིན་གྱི་སྐོར་འདྲི་བ།

ཤེས་ཡོན་པ་ནི་སྤྱི་ཚོགས་ལ་ཁ་གཏད་དགོས། མང་ཚོགས་ལ་ཁ་ཕྱོགས་པ་དང་དེའི་བདེ་སྡུག་གླེང་བ། སྲིད་གཞུང་གི་བྱ་བ་ལ་ནམ་ཡང་ལྟ་རྟོག་དང་དགག་གཞག་བྱེད་ཐུབ་པ་སོགས་ཀྱི་མི་གཞི་ཚུགས་ཐུབ་ཀྱི་སྒལ་ཚིགས་བརྟན་པ།དེར་ཐོག་མར་རང་བློ་རང་གིས་སད་ཐུབ་ཅིང་རང་གཤིས་རང་གིས་འཐུས་ཚང་དུ་གཏོང་ཐུབ་པ་བཅས་ལའོ།།མ་ཟད་སྐུ་ཞབས་ཞོགས་དུང་ལགས་ཀྱི་དོགས་སློང་སྙིང་སྟོབས་ཀྱི་དཔེ་དེབ་ལས་ཤེས་ཡོན་ཅན་གྱི་སྐོར་གླེང་བ་ཞེས་པའི་ཚད་ཤིང་གཞི་བཟུང་ན་ཡང་རང་གྲོལ་ལགས་བློ་འགྱེད་ཤེས་ཡོན་ཅན་རྣལ་མ་ཞིག་མ་རེད་བསམ། ལྡོག་སྟེ་ང་ཚོ་བོད་ལ་ཤེས་ཡོན་ཅན་གྱི་མྱུ་གུ་འབུས་མགོ་ཚུགས་ཙམ་དུ་མཆིས་པར་འདོད།

དྲི་བ།

༢བརྩེ་དུང་གི་སྐོར་ལས་ཕམ་ཁ་ཉོས་ཨེ་ཡོད།

ཕམ་ཁ་ཆེན་པོ་ཞིག་རེད་འདོད། བཟའ་ཟླས་རྒྱབ་སྐྱོར་ཆེན་པོ་མ་ཐོབ་པས། དེ་ནི་རང་ཤི་བརྒྱབ་པའི་རྒྱུ་རྐྱེན་གྲས་ཤིག་ཏུ་འགྲོ་བསམ།

དྲི་བ།

༣ རང་གྲོལ་ལགས་ཀྱི་ལྟ་བ་དེ་དེང་རབས་ཁོ་ན་རེད་དམ་ཡང་ན་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་ཟུང་འབྲེལ་རེད།

ཁོང་གི་ལྟ་བ་ངོ་མ་ལྟར་ན་གཉིས་ཀ་ཟུང་འབྲེལ་བྱ་དགོས་པར་འདོད་པ་དེ་རེད་སྙམ། རྒྱུ་མཚན་ནི་རྐང་ལམ་ཕྲ་མོར་རྐང་ལམ་དང་གཞུང་ལམ་གྱི་གདམ་ཀ་དང་། ལང་ཚོ་རྦབ་ཆུ་ཡི་བརྩམས་ཆོས་སུ་རིག་གགནས་ཆེ་ཆུང་བཅུ་ལ་ལྟ་ཚུལ་འཛིན་སྟངས་ཀྱི་ཆ་ལ་དཔྱད་ན་ཧ་གོ་ཡོང་།ཡང་ན་དེང་རབས་ཆིག་རྐྱང་དང་སྲོལ་རྒྱུན་ཆིག་རྐྱང་གང་ཡིན་གྱི་གསལ་ཁ་རང་ངོས་ནས་ཡང་དག་གིས་བཤད་མི་འདུག

གཙོ་འཛིན་དགེ་རྒན་སྒོམ་པ་ཚེ་རིང་གིས་འབྲེལ་ཡོད་གཏམ་བཤད་གནང་བ་དང་བྱ་འགུལ་སྤེལ་བའི་རྒྱུ་མཚན་དང་དམིགས་ཡུལ་སོགས་བཤད་དེ་ཁོ་བོས༼རང་གྲོལ་རྗེས་དྲན༽གྱི་ལྟ་ཚུལ་བརྗོད་པ།

༡ སློབ་མའི་གཏམ་བཤད་གྱི་ནུས་པ་སྐྱེད་བསྲིང་བྱ་ཐུབ་པར་འདོད་པ།

༢ སློབ་མའི་དགའ་ཕྱོགས་སྐྱེད་བསྲིང་བྱ་ཐུབ་པར་འདོད་པ།

༣ སློབ་མའི་མདོ་འཛིན་པའི་སྨྲ་ལྕེ་སྐྱེད་བསྲིང་བྱེད་ཐུབ་པར་འདོད་པ།

༤ སློབ་མའི་སྙིང་སྟོབས་སྐྱེད་བསྲིང་བྱེད་ཐུབ་པར་འདོད་པ།

༥ སློབ་གླིང་གི་སློབ་སྦྱོང་མཁའ་དབུགས་གསར་བསྒྱུར་ལ་ཕན་པར་འདོད་པ།

༦ ཕྱོགས་གཞན་ཞིག་ནས་སྐྱེས་ཆེན་མྱི་ཆེན་དག་ལ་ངོས་ཟིན་ཟབ་མོ་ཞིག་ཐོབ་ཆེད་སོགས།

རང་གྲོལ་རྗེས་དྲན།

—————སྐུ་ཞབས་རང་གྲོལ་མཆོག་སྐུ་གཤེགས་ནས་ལོ་འཁོར་ཉེར་དྲུག་ལོན་པར་ཆེད་དུ་བྲིས་པ།

སྒོམ་པ་ཚེ་རིང་།

ཐོག་མར་ངེད་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་མ་ཡོངས་ཀྱིས་སྒྲུབ་པའི་༼རང་གྲོལ་རྗེས་དྲན༽ཞེས་པའི་བྱ་འགུལ་འདི་ལ་ཞུགས་མཁན་གྱི་དགེ་རྒན་དང་སློབ་མ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་དང་འབྲེལ་ནས་ངས་ཀྱང་འདི་ནས་རང་གི་ཤེས་ཚོད་ཀྱིས་གཏམ་འགའ་ཞིག་བཤད་འདོད་བཅོས་མིན་དུ་སྐྱེས་འོང་།

གོ་ལ་འདིའི་སྒང་གི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་རང་རང་སོ་སོ་ལ་འདས་ཟིན་པའི་ལོ་རྒྱུས་རེ་ཡོད་པ་རེད། མིའི་རིགས་ཀྱི་འཕེལ་རྒྱས་དང་ལ་ཐད་ཀར་དུ་ནུས་པ་ཆེན་པོ་ཐེབས་ཡོད་མཁན་གྱི་མཁས་ཆེན་བགྲང་གིས་མི་ལངས་བ་ཞིག་བྱུང་ཡོད་པ་ནི་ངས་འདི་ནས་བཤད་ག་ལ་དགོས་ཏེ། སྐྱེས་ཆེན་དེ་དག་ནི་ཏག་ཏག་མིའི་རིགས་ཀྱི་ཆེས་མུན་ནག་དང་ཆེས་ཀླ་ཀློ། ཆེས་གདུག་རྩུབ་དག་ལ་ཁ་གཏད་དུ་ལངས་ཐུབ་པའི་བློ་སྤོབས་ཀྱིས་ཕྱུག་ཡོད་པས་མ་ཡིན་ནམ། དེ་ནི་དཔེར་ན་ཨུ་རུ་སུའི་མཁས་པ་དང་བསམ་བློ་བ། དཔྱད་བརྗོད་པར་བགྲང་བཞིན་པའི་སོལ་ཟེ་ཉི་ཆེན་ལྟ་བུ་དག་གིས་གྲུབ་འདུག་པ་མིན་ནམ། ཡིད་ལ་རང་རེ་ཚོ་བསམ་པ་དང་འཛམ་གླིང་ལ་ཕྱོགས་པ་ཅན་ཞིག་ཡིན་ཚེ་མཁས་མཆོག་དོན་གྲུབ་རྒྱལ་གྱི་རིན་ཐང་དང་བྱས་རྗེས། མི་འདང་ས་སོགས་ཀྱང་ག་ལེར་ག་ལེར་ཧ་གོ་ངེས་རེད། ངས་བསམ་ན་མཁས་མཆོག་དོན་གྲུབ་རྒྱལ་ཡང་རང་རེ་ཚོའི་སོལ་ཟེ་ཉི་ཆེན་ཞིག་ཅི་ལ་མིན་ཨང་།

དེ་བཞིན་དུ་འུ་ཅག་བོད་ཀྱི་ལོ་རྒྱུས་དང་ལྷག་དོན་རང་རེའི་བོད་ཀྱི་ཉེ་རབས་ལོ་རྒྱུས་སུའང་མུན་ནག་ཁྲོད་ཀྱི་ཉི་མ་ལྟ་བུའི་སྐྱེས་བུ་ཁ་ཤས་འཁྲུངས་ཡོད་དེ། སྐྱེས་བུ་དེ་དག་ནི་རིག་གནས་ལ་ལྟ་རྒྱ་ཆེ་བ། བློ་རིག་གི་དྲན་འཕྲུལ་མྱུར་བ། དཔྱོད་ཤེས་ཀྱི་མིག་དཀྱུས་ཡངས་བ། མི་རིགས་ལ་བློ་སེམས་དཀར་བ། སྒལ་ཚིགས་ཀྱི་མི་གཞི་སྲ་བ། དྲང་བདེན་གྱི་བློ་མིག་མངའ་བ་ཅན་ཤ་སྟག་ཡིན་པས། རང་རེ་ཁོ་ན་བསམ་པའི་ཁོང་ཚོའི་འདས་ཟིན་གྱི་ལོ་རྒྱུས་ཡིག་ཕྲེང་རེ་རེ་ནི་ང་ཚོས་མ་ཤེས་ཐུ་མེད་ཀྱི་ཤེས་བྱའི་ཟེགས་མ་དང་ཕྲག་ལ་བབས་པའི་འོས་འགན་རེ་རེ་ཡིན་ལ། ལོ་རྒྱུས་ཀྱི་བྱེ་ཐང་ཁྲོད་དུ་ཁོ་ཚོའི་དཀའ་སྡུག་དང་སྐོམ་གདུང་གིས་བཞུད་པའི་གོམ་པ་འདེགས་འཇོག་རེ་རའང་ང་ཚོས་མི་གླེང་ཐུ་མེད་ཀྱི་ངོ་ཚའི་ཅོ་འདྲི་རེ་རེ་ཡིན། མི་ལོ་ཉེར་ལྔའི་སྔོན་གྱི་མཁས་དབང་དོན་གྲུབ་རྒྱལ་ནི་ཉི་མ་ལྟ་བུའི་སྐྱེས་བུ་དེ་དག་གི་ཁྲོད་ཀྱི་གཅིག་ཅི་ལ་མིན་ཨང་། དེ་མ་ཟད་སྤྱི་ཚོགས་རྙོག་འཛིང་གི་དུས་སྐབས་སུ་མཁས་པ་དང་སྐྱེས་ཆེན། དཔའ་བོ་དག་འཁྲུངས་བར་བཤད་པ་མིན་ནམ། ངས་བསམ་ན་རང་གྲོལ་གྱི་དུས་སྐབས་ནི་སྤྱི་ཚོགས་རྙོག་འཛིང་བསམ་བློ་མཁྲེགས་འཛིན་གྱི་དུས་སྐབས་ཤིག་ཏུ་ཁོ་བོས་འདོད་གི་ཡོད་དོ།།

འགྲན་རྩོད་ལ་བརྟེན་ནས་མི་ཚེ་ཡི་རིན་ཐང་འཚོལ་དགོས་ལ། འགྲན་རྩོད་ལ་བརྟེན་ནས་དུས་རབས་དང་འཛམ་གླིང་གི་ཁ་ཕྱོགས་ཀྱང་བསྙེག་དགོས། གསར་གཏོད་ལ་བརྟེན་ནས་དུད་འགྲོ་དང་ཁྱད་པར་ཕྱེ་དགོས་ལ། གནས་ལུགས་ལ་བརྟེན་ནས་མི་རུ་སྐྱེ་པ་བདེན་དཔང་བྱེད་དགོས། བདེན་དོན་ལ་བརྟེན་ནས་རྟག་བརྟན་གྱི་གནས་མལ་ཞིག་བཙལ་དགོས་ལ། ལ་རྒྱ་ལ་བརྟེན་ནས་ནང་སེམས་ཀྱི་ན་ཟུག་དང་ང་རྒྱལ་ཡང་ཕྱི་རུ་ངོམས་དགོས། ཐབས་ཤེས་ལ་བརྟེན་ནས་ཐུན་མིན་གྱི་ལམ་བུ་ཞིག་ཅིས་ཀྱང་འཚོལ་དགོས་ཨང་། ཏག་ཏག་དོན་གྲུབ་རྒྱལ་གྱི་མི་ཚེ་ཡང་གོང་གི་ཐ་སྙད་འདི་དག་གིས་གྲུབ་འདུག་སྟེ། འགྲན་རྩོད་དང་གསར་གཏོད། གནས་ལུགས་དང་བདེན་དོན། ལ་རྒྱ་དང་ང་རྒྱལ་སོགས་ཀྱིས་མཚོན་ཐུབ་པ་མིན་ནམ། ང་རྒྱལ་ཞེས་པའང་རིག་གནས་པའི་ཚུགས་ཐུབ་ཀྱི་བྱ་སྤྱོད་སོགས་ལ་གོ་ན་འགྲིག་གི་རེད་བསམ་གྱིན་ཡོད། དེ་ཡང་སྐུ་ཞབས་༼郁达夫༽མཆོག་གིས་འདི་ལྟར་གསུང་མྱོང་བ་ལྟར། རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་གི་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་གྱི་མི་སྣ་བྱུང་ཡང་དེ་ལ་བརྩི་བཀུར་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་མི་རིགས་ནི་རེ་བ་མེད་པའི་བྲན་གཡོག་གི་མི་རིགས་དང་རྒྱལ་ཁབ་ཅིག་ཡིན་ཞེས་བཤད་ཡོད་པ་རེད། དེ་རིང་ང་ཚོས་འདི་ནས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་ན། རང་ཉིད་ཀྱི་རང་ཉིད་ལ་གཤགས་བཅོས་ཐེངས་ཤིག་བྱས་ན། དོན་གྲུབ་རྒྱལ་དེ་རིང་གི་སྐབས་འདི་ལ་བཞག་ཏེ་ཚད་འཇལ་ན། སྐུ་ཞབས་ཁོང་ལྟ་བུའི་མི་ཕོ་སྙིང་སྟོབས་ཅན། མི་བུ་དཔྱོད་ཤེས་ཅན། མཁས་པ་ཁེར་ཚུགས་ཅན། བསམ་བློ་སྔོན་ཐོན་ཅན་བྱུང་ཡོད་པ་དྲན་ཚེ། ད་གཟོད་དེ་རིང་གི་ང་ཚོ་ལ་ཅི་ཞིག་ཆད་ཡོད་པ་དང་སང་ཉིན་གྱི་ང་ཚོས་ཅི་ཞིག་འཚོལ་༼བསྒྲུབ༽དགོས་པ་སོགས་ཀྱང་རིམ་གྱིས་རྟོགས་ཡོང་གི་རེད། དཔལ་དོན་གྲུབ་རྒྱལ་ནི་རྩོམ་པ་པོ་ཁོ་ན་ཙམ་མ་ཡིན་པར་དུས་རབས་ཤིག་རེད། བསམ་བློ་ཞིག་རེད། སྙིང་སྟོབས་ཤིག་རེད། རིག་གནས་ཤིག་རེད། བདེན་ལུགས་ཤིག་རེད། ང་ཚོས་རྩོམ་པ་པོ་ཁོང་ལ་དུས་དྲན་བྱེད་པ་ནི་མི་རིགས་ཤིག་གི་རིག་གནས་སྙིང་སྟོབས་ཀྱི་དྲན་པ་སད་དུ་འཇུག་པའི་ཆེད་དུ་རེད། དུས་རབས་ཤིག་གི་ཁ་ཕྱོགས་ཅིག་གི་ལམ་སྟོན་བྱེད་ཆེད་ཀྱང་ཅིས་མ་ཡིན་ནམ། དེའི་ཕྱིར། འདས་ཟིན་པ་ནི་དྲན་པའི་རྨང་རྡོ་དང་ལམ་སྟོན་གྱི་གཞི་འཛིན་ཡིན་ལ། དྲན་པའི་རྟོགས་སད་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའང་ཡིན། དྲན་པ་ཉམས་པའི་སྤྱི་ཚོགས་དང་བརྗེད་ངས་ཅན་གྱི་མི་རིགས་ནི་ཅི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་། ཡིན་ནའང་། མི་རིགས་འདི་མ་གཞི་ནས་བརྗེད་ངེས་ལ་དགའ་ཞིང་ཡིད་ཆེས་ཀྱིས་སྟོངས་བའི་མི་རིགས་ཤིག་རེད། མདོར་ན། དགྱ་ནག་པ་ཞུས་ཧྥུ་ཀོན༼徐复观༽ནས། ཤེས་ཡོན་ཅན་ནི་མ་གཞི་ནས་སྐྱོ་གར་གྱི་རང་བཞིན་ཅན་ཡིན། ཐ་ན་དེ་ནི་ཤེས་ཡོན་ཅན་རྣལ་མ་ཡིན་མིན་གྱི་བདེན་བཤེར་ཚད་གཞི་ཉག་གཅིག་ཀྱང་ཡིན། ཞེས་པ་བཞིན་ཤེས་ཡོན་པ་ཡིན་མ་ཡིན་དེ་ཡང་སྐྱོ་གར་ཡིན་མིན་ལ་ཐུག་འདུག་ན་རང་གྲོལ་ཡང་དེ་ལས་མ་འདས་པ་ཡིན། ང་ཚོས་འདི་ལྟར་འདས་ཟིན་གྱི་དྲན་པ་ཡོད་ཚད་རྩ་རྫོགས་བྱས་རྗེས། ང་ཚོ་ལ་འདས་ཟིན་པ་ཞིག་དང་ད་ལྟའི་སྙིང་བོ་དང་རིན་ཐང་གང་ན་ཡོད། འདས་ཟིན་དང་ད་ལྟ་མེད་ཚེ་ང་ཚོས་ཅི་ལྟར་བྱ་ཨང་།

ཅི་ཡང་བརྗེད་སླ་བའི་དུས་རབས་འདིའི་ནང་དུ་ཅི་ཡང་བརྗེད་པར་དགའ་བའི་མི་རིགས་འདིས་མི་རབས་དང་མི་རིགས་ཤིག་གི་རིག་གནས་ཀྱི་དྲན་པ་འདི་ལྟར་འཐོར། འཐོར་ནས་ཞིག ཞིག་ནས་ཆག ཆག་ནས་གས། གས་ནས་ཐེད། ཐེད་ནས་རལ། དེ་ལྟར་རྩ་མེད་ཤུལ་མེད་དུ་བཟོས་པས་བདག་ནི་ཆེས་དངངས་ཤིང་སྐྲག་པ་ཞིག་གོ

ང་ཚོས་ད་ལྟ་དོན་གྲུབ་རྒྱལ་ལ་རྗེས་དྲན་བྱེད་པའི་སྙིང་བོ་ནི། དེང་སང་གི་དུས་འདི་ལ་རྗེས་དྲན་བྱ་ཡུལ་གྱི་དོན་གྲུབ་རྒྱལ་ལྟ་བུ་མཁོ་སོང་བའི་རྐྱེན་གྱིས་རེད། མེད་སོང་བའི་རྐྱེན་གྱིས་རེད། མ་རྙེད་པའི་རྐྱེན་གྱིས་རེད། རང་སྲོག་བཅད་པ་དེ་ཡང་ཁོང་གི་སྙིང་སྟོབས་ཤིག་ཏུ་བལྟས་ན་ཅིས་མི་ཆོག སྙིང་སྟོབས་ཅི་ཞིག་ལ་རེད་ཅེ་ན། བདེན་པའི་དོན་དུ། གནས་ལུགས་ཀྱི་དོན་དུ། མི་རིགས་འདིའི་དོན་དུ་རང་སྲོག་བཅད་པ་རེད། དེ་ནི་ཁོང་གིས་གྲོགས་གསང་བདག་དང་ཟླ་བ་བློ་གྲོས་སོགས་ལ་བསྐུར་བའི་ཁ་ཆེམས་ཡི་གེ་སོགས་ལ་བལྟས་ན་ངེས་ཤེས་འདྲོངས་ཐུབ་པ་རེད། ཆོས་འཇིག་རྟེན་གང་ནས་བཤད་ཀྱང་འཇིག་རྟེན་འདི་ན་ཚེ་སྲོག་གི་ཡན་གྱི་རྩ་ཆེན་ཞིག་ཡོད་སྲིད་པ་མ་རེད། འོན་ཀྱང་དོན་གྲུབ་རྒྱལ་ལ་མཚོན་ན་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ནི་གནས་ལུགས་དང་བདེན་ལུགས་ཡིན་སོང་བ་རེད། མི་རིགས་འདི་ཡིན་སོང་ནི་རེད། མ་འོངས་པ་ཡིན་སོང་ནི་རེད། རྗེས་རབས་པའི་ཆེད་དུ་ཡིན་སོང་ཟིག ཁོང་གི་བསམ་བློ་ན་ཧ་ཅང་རྩ་ཆེ་བའི་ཚེ་སྲོག་ལས་ཀྱང་གཏོང་དགོས་པའི་གནས་ལུགས་དང་དྲང་བདེན་གྱི་མ་མཐའི་ཚད་གཞི་ཞིག་ཡོད་པ་རེད། དེའི་ཕན་ཆད་ལ་བརྒལ་ཚེ་ཚེ་སྲོག་ཡིན་ཀྱང་གཏོང་དགོས་སོང་ནི་རེད།

རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མི་ཡུལ་ནས་བཙན་གྱིས་བསྐྲད་པ་དེ་ཁོང་ནི་རྒྱ་གར་དམར་ཤོག་ཚོགས་པའི་མྱུལ་མ་རེད་ཅེས་ནང་མིས་ལྐོག་ཞུ་བྱས་པས་རེད་ལ། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས་ཀྱི་མིག་འབྲས་ཐོལ་གྱིས་འབྲུ་དོན་ཡང་ཀ་ཤོད་ཆོས་རྒྱལ་ཉི་མ་སོགས་ནང་མིས་བཞག་པའི་བྱས་རྗེས་རེད། པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་ལོ་དགུ་ཟླ་བརྒྱད་རིང་བཙོན་དུ་བཞུགས་དོན་ཡང་ཁོང་ནི༼གསར་བརྗེ་ངོ་ལོག་༽རེད་ཅེས་ནང་གི་ང་ཚོས་ལྐོག་ཞུ་བྱས་པས་རེད་ལ། འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས༼མི་རིགས་རིང་ལུགས་༽ཀྱི་ཞྭ་མོ་ནག་པོ་ཞིག་གོན་ནས་མི་ལོ་བཅོ་བརྒྱད་ཀྱི་རིང་ལ་བཙོན་དུ་བཞུགས་དོན་ཡང་ནང་མིས་ལྐོག་ཞུ་བྱས་པས་རེད། ད་དུང་རྩོམ་རིག་གསར་བའི་དེད་དཔོན་ཏེ་མཁས་དབང་དོན་གྲུབ་རྒྱལ་མཆོག་ཕྱི་མའི་ཡུལ་ལ་གཡུག་མཁན་ཡང་རང་རེའི་མཁས་པ་དང་དགེ་རྒན་ཚོ་ཅིའི་ཕྱིར་མ་ཡིན་ནམ། རངདང་མི་མཐུན་པ་ཞིག་གླེང་ན་དགྲ་ལ་བརྩི་བའི་འུ་ཚོས་ད་དུང་ཡང་མཁས་ཆེན་དག་གི་སྐེ་རྩ་བསྒག་ནས་ཕྱི་མར་མི་བརྫང་པའི་ངེས་པ་ཁྱོན་ནས་མེད། དེའི་ཕྱིར་ངས་དོན་གྲུབ་རྒྱལ་ཞེས་པའི་སྐྱེས་མཆོག་འདི་གླེང་ན་འདོད་གི དེའི་ཕྱིར། ང་ནང་མི་སྐྲག་གི་ཡིན་ཟེར་རྒྱུ་དེ་ལས་གཞན་མ་རྙེད་ཐལ།

རྨོངས་བས་བཏུམས་པའི་འུ་ཚོས་མཁས་པ་དག་དང་སྐྱེས་ཆེན་དག་ལ་དཔའ་དར་དེ་འཐེན་མི་ཤེས་པ་དང་ཡིན་འཇོག་བྱེད་མི་ཤེས་པ་དང་རྗེས་དྲན་བྱེད་མི་ཤེས་པ་དང་། རིན་ཐང་སོགས་ཧ་མི་གོ་བའི་རྐྱེན་གྱིས་སློབ་དཔོན་ཐོན་མིས་བློན་ཚོགས་ཀྱི་གྲས་སུ། ང་དྲིན་ཆེན་གྱི་སློབ་དཔོན་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།། ཞེས་པའི་༼ང་རྒྱལ་གཞོམ་པའི་མགུར༽བླངས་པ་དང་། ས་པཎ་གྱིས་ཀྱང་སྒྲ་བ་ང་ཡིན་རྟོག་གེ་བ་ང་ཞེས་པའི་༼ང་བརྒྱད་མ༽ཞེས་པའི་ང་རྒྱལ་གྱི་གླུ་བླངས་མྱོང་བ་མིན་ནམ། དོན་གྲུབ་རྒྱལ་ཡང་ང་རྒྱལ་དང་རང་ཚུགས་ཁེར་ཚུགས་ལྡན་པའི་སྐྱེས་བུ་ཞིག་རེད་ལ། གལ་ཏེ་དོན་གྲུབ་རྒྱལ་ལ་ང་རྒྱལ་དང་རང་ཚུགས་དང་ཁེར་ཚུགས་མེད་སོང་ཚེ་ཁོང་དོན་གྲུབ་རྒྱལ་ཡང་དོན་གྲུབ་རྒྱལ་ངོ་མ་ཞིག་ཏུ་མི་གྲུབ་པས་སོ།།

ཞེས་2011ལོའི་ཟླ་11པའི་ཚེས་30ཉིན་གྱི་མཚན་མོར།

༼གཟབ་ཉན་དང་བསམ་གཞིག་གི་ཚོགས་ར་ལྷུན་གྲུབ་མ༽

༼གསལ་བཤད༽དུས་ཚོད་ཀྱི་ཚད་བཀག་གིས་སློབ་གྲོགས་བསྟན་འཛིན་ཆོས་སྒྲོན་སོགས་ཀྱིས་འཁྲབ་པའི༼སྤྲུལ་སྐུ༽དང་སློབ་བུ་མཆོག་རྒྱན་གྱིས༼རང་གྲོལ་དྲན་གླུ༽ བློ་བཟང་དོན་གྲུབ་ཀྱིས༼ལང་ཚོའི་རྦབ་ཆུ༽ ཟླ་སྒྲོན་དང་གཡུ་སྒྲོན་གཉིས་ཀྱིས་སྙན་ངག་གྱེར་འདོན། ༼རྩྭ་ཐང་དྲན་གླུ༽སོགས་སྤེལ་ཐུབ་མ་སོང་བས་སྐྱོ་འོས་པ་ཞིག་ཅིས་མ་ཡིན་ནམ།

San Francisco Nob Hill Hotels
FIGHTSTATE Wear a heel for a more sophisticated look

Teresa Giudice remains friends with Kim D after infamous fashion show
Porno Daytime weddings are a bit more casual than evening ones

What Are the Education Requirements to Be a Fashion Designer
Porno 3 days to make sure you destroy

8 School Model Better Than the Traditional Middle School Models
Porno well appointed guest rooms and suites

Target Marketing Better Than General Marketing
Videos porno Sewing clothing by hand is incredibly slow

Fashion Accessories Will Always Be In Demand
theGadgetPill There will be other occasions to wear your red carpet fashions

Things That Suck About Being Stacked
Porno styles social cpa marketing networks

A Brief Fashion History Of England Part 2
TOKYO POP LINE Consider all these streets design and style fads to get Spg 2013

Levi's Men's 511 Slim Fit Jean 23
dontgiveupworld.com On the merits of the lawsuit

Notable Stocks To Watch For Next Week Ahead Of Earnings
PORNO Take a look

Tap Into The Freelance Jobs With The Highest Demand
VIDEOS PORNO XXX dark green and fuchsia

10 Coach New Parker Perforated Op Art Shoulder Bag
XXX Porno he tries to help her

just trying to work like every other model
Videos Porno Responsibilities in Fashion Jobs

Quit Making New Year's Resolutions
Porno I'm a grown woman living in a free country

anticipated 1826 Restaurant Lounge in Miami Beach to open early 2014
Jeux vogue dork in sweden stockholm

A Great Value for the Long
Porno business runway season 6 winner for having fun day gown reachable totally during macy's

Evil Dead Red Band Trailer
game but had orders to follow

8 Wedding Photography Tips for Beginners
porno development drawings for novices

Prada spring 2012 Milan Fashion Week handbags
porno including a cold war that nearly annihilated all of humanity

Exclusive Technologies for Small Businesses
Porno apparel licensor Cherokee has

Fashion Tips for Women in their 40s
porno my lover thinks about this looks unpleasant nonetheless i find physiology not true by it
བསྟོད།7

抱歉,评论已关闭!