ཀྲུང་དབྱང་མི་རིགས་སློབ་ཆེན་དུ་པཎ་ཆེན་རིན་པོ་མཆོག་ལ་རྗེས་དྲན་འདུ་ཚོགས་བསྡུས་པ།

ངེད་དྲ་བ།

༄༅། །ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་
མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྗེས་དྲན་ཞུས་པ།

དེ་རིང་ང་རང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གིས་གཉེར་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་འདུར་ཞུགས་པའི་བསྐལ་བ་བྱུང་། ཁོ་བོས་རང་གི་བོད་ལྭ་གྱོན་ཏེ་རོགས་པ་འགའ་ཞིག་དང་མཉམ་དུ་སེམས་དགའ་སྐྱོ་འདྲེས་མའི་ངང་ཚོགས་ཁང་གི་ཕྱོགས་སུ་བསྐྱོད། སྒོ་ཁར་སླེབས་དུས་དེར་བོད་ལྭ་གཙང་མ་གྱོན་པའི་གཞོན་ནུ་མ་བཞིས་སྣེ་གཤན་གནང་གིན་འདུག་ལ་ང་ཚོར་རིན་པོ་ཆེ་མཆོག་གི་གསུང་བཏུས་དེབ་ཆུང་རེ་གནང་བྱུང་བར་ཡིད་ལ་སྔ་ན་མེད་པའི་དགའ་བ་ཞིག་འགོག་མེད་དུ་འཆར། སྒོ་ཡར་འཛུལ་སྐབས་ངའི་རྣ་ལམ་དུ་སྐྱོ་ཤས་ཆེ་བའི་པཎ་ཆེན་དྲན་གླུ་དང་། མིག་མདུན་དུ་བརྙན་ངོས་ཀྱི་བརྗིད་ཆེ་བའི་རིན་པོ་ཆེའི་སྐུ་པར་མངོན་བྱུང་བར། དེ་མུར་ངའི་ཡིད་སེམས་ཀྱི་རྒྱ་མཚོའི་ངོས་སུ་ལང་ལོང་རྦ་རླབས་འཕྱུར་བཞིན་སྐྱོ་ལྷང་ལྷང་གི་ན་ཟུག་ཞིག་གིས་འདྲེན་ཟུང་མཆི་ཞགས་ཀྱིས་ཡོངས་སུ་བསྒྲིབས། དེར་བོད་རིག་པ་ཞིབ་གླིང་གི་དགེ་སློབ་དང་ཚན་ཁག་གཞན་པ་དེ་བཞིན་སློབ་གྲྭ་གཞན་གྱི་སློབ་མ་མང་པོ་ཞིག་ཕེབས་འདུག་ལ་མང་ཆེ་བས་བོད་ཆས་སྤྲས་ཡོད་པ་དང་། ཚང་མ་ཁུ་སིམ་མེར་རང་གནས་སུ་སྡོད་པ་ལས་དུས་རྒྱུན་གྱི་ཅ་ཅོའི་རྣམ་པ་རྩ་བ་ནས་མི་འདུག་པས་ངའི་ཡིད་ལ་བརྗོད་མི་ཤེས་པའི་དགའ་སྐྱོའི་ཚོར་སྣང་ཞིག་གིས་ཡོངས་སུ་བཏུམས།

དྲན་གདུང་གི་སྐྱོ་གཞས་མཚམས་བཞག་པ་དང་ལྷན་དུ་རྗེས་དྲན་གྱི་ཚོགས་འདུ་དེ་འགོ་ཚུགས་སོང་། འགོ་ཚུགས་ཀྱི་ཐལ་མོའི་རྡེབ་སྒྲ་དེ་གདངས་ཐུང་བ་ནས་རིང་བ་ཡང་རིང་བ་ནས་ངང་གི་གདངས་དབྱངས་ཆག་ནས་རྒྱུན་རིང་པོ་གྲགས་པ་ལས་ངའི་མིག་མདུན་དུ་པཎ་ཆེན་རིན་པོ་ཆེའི་མཐོ་ཞིང་བརྗིད་ཉམས་ཆེ་བའི་གཟུགས་སྐུ་དེ་རྒྱང་ཇེ་ཉེ་ནས་ཡང་ཇེ་རིང་དུ་འགྲོ་བཞིན་པའི་འཕྲུལ་སྣང་འཆར་ཏེ་སླར་ཡང་མིག་གཉིས་མཆི་མས་ཡོངས་སུ་བཀངས། རྗེས་དྲན་ཐོག་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་རླབས་ཆེན་གྱི་བླ་མ་ཁོང་ནི་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་དར་རྒྱས་ཀྱི་ཆེད་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཚད་དུ་བཟུང་ནས་སྐུ་ལས་དཔེ་མེད་བསྐྱོན་མཁན་ཞིག་དང་། བོད་མི་རིགས་ཀྱི་དོན་དུ་ཆེ་བ་རྒྱལ་ཁབ་ཀྱི་དཔོན་པོ་དང་དམའ་བ་བཙོན་པ་གནང་མྱོང་མཁན་གྱི་བླ་ཆེན་ཞིག་དང་རྒྱལ་གཅེས་པ་ཞིག མི་རིགས་ཀྱི་སྐྱབས་མགོན་ཞིག་ཡིན་པས་བོད་ཀྱི་མ་འོངས་པའི་རེ་བ་བོད་རིགས་སློབ་ཆེན་པ་ཚོས་ཁོང་གི་རླབས་ཆེན་གྱི་མཛད་བཟང་ལ་སློབ་སྦྱོང་ཞུ་དགོས་པའི་བཀའ་སློབ་གནང་བར། ཁོ་བོར་མི་རིགས་ཀྱི་བཅོལ་བའི་འགན་ཁྲིའི་འདུ་ཤེས་ཤིག་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་ངང་རང་གི་མི་ཚེ་མཐོ་སྒང་གི་མི་རིགས་འདིའི་ཇ་རིན་ཙམ་དུ་འབུལ་རྒྱུའི་འདུན་པ་ཞིག་དབང་མེད་དུ་ཤར། དེ་རྗེས་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་མཁས་པའི་གསུང་རབས་༼རྟོགས་བརྗོད་གསེར་གྱི་མེ་ཏོག་༽སོགས་ལས་རིན་པོ་ཆེ་མཆོག་གི་བརྗིད་པའི་སྐུ་དང་དཔའ་བའི་གསུངས། དེ་བཞིན་ཁྱད་འཕགས་ཀྱི་མཛད་པ་སོགས་ངོ་མཚར་གྱི་རྟོགས་བརྗོད་དང་འབྲེལ་ནས་གསུངས་ཤིང་། རྒན་ལགས་ཁོང་ལ་ཕྱག་དབང་གནང་བའི་ངོ་མཚར་གྱི་བྱིན་རླབས་བྱུང་ཚུལ་ཕྱིར་དྲན་གནང་ནས་རིན་པོ་ཆེའི་རླབས་ཆེན་གྱི་མཛད་པ་དང་ཁྱད་འཕགས་ཀྱི་གཟི་བྱིན་རྣམས་བདག་བློ་ཐ་མལ་བའི་སྣང་ངོར་བལྟར་དུ་བཀྲམས་གནང་བ་དང་དམ་པ་གང་གི་རྟོགས་བརྗོད་ལ་འབད་པས་བརྩོན་དགོས་པའི་བཀའ་སློབ་གནང་བར་བདག་ཉིད་སླར་ཡང་ལོ་ངོ་གཅིག་སྔོན་དུ་རྒན་ལགས་ཁོང་གི་སློབ་ཚན་ནང་ལོག་པའི་སྣང་བ་དང་། རིན་པོ་ཆེ་མཆོག་གི་བྱིན་རླབས་དེ་གངས་དཀར་ཏི་སི་ལས་ཀྱང་བརྗིད་ཆེ་ཞིང་། དམ་པའི་རྟོགས་བརྗོད་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཞིན་དུ་རྭ་བ་གངས་རིས་བསྐོར་བའི་ཞིང་ཁམས་སུ་ཕ་ཚ་བུ་རྒྱུད་དུ་གནས་ངེས་པ་པ་དང་ངེས་པར་དུ་སྒྲོགས་དགོས་པའི་ངེས་ཤེས་ཤིག་ལྷང་ལྷང་དུ་འཆར།

ལྷག་པར་དུ་རྒན་སྟུག་རྒྱའི་བཀའ་སྲུང་མགོན་པོ་ལགས་ཀྱིས་བཤད་སྟེགས་ཐོག་ཕེབས་ནས་རིན་པོ་ཆེའི་སྐུ་པར་ལ་གུས་བཏུད་ཞུས་གནང་བ་དང་། སྐྱོ་བའི་སྤྱན་ཆབ་བསིལ་ཞིང་རེ་ཞིག་གསུངས་ཀྱང་གནང་མ་ཐུབ་པར་ལྷུག་ལྷུག་ཏུ་བཤུམ་པ་ནི། སྙིང་ཁོངས་ནས་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས་པའི་གདུང་བ་དང་རྨ་ཁ་དེ་ནམ་ཡང་གསོས་ཐབས་མེད་པ རྒན་ལགས་ཁོང་གི་ལྗགས་རྩོམ་༼བསམ་གཞིགས་ཤིག་མི་བྱ་ཐབས་མེད་ཀྱི་དུས་སུ་སླེབས་པའི་གླེང་གཞི་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།༽ཞེས་པའི་ནང་རིན་པོ་ཆེ་སྐུ་ཞི་བ་མྱ་ངན་ལས་འདས་པའི་སྐད་ངན་དེ་གོ་བ་ལས་སྡུག་བསྔལ་ཆེ་བ་ཞིག་ང་རང་གི་དེ་སྔའི་མི་ཚེའི་ནང་དུ་ཐུག་མ་མྱོང་། རང་གི་མ་དྲིན་མོ་ཆེ་གྲོངས་པ་ལས་ཀྱང་སྡུག་བསྔལ་ཆེ་བ་ཞིག་བྱུང་ཞེས་གསུངས་འདུག་པ་མངོན་འབྲེལ་རང་རེད་འདུག ཁོང་གིས་གསུངས་པར་དེ་རིང་ཁྱེད་ཚོ་བོད་ཀྱི་མ་འོངས་པའི་རེ་བ་གཞོན་སྐྱེས་ཚོས་རླབས་ཆེན་གྱི་བླ་མ་ཁོང་ལ་རྗེས་དྲན་ཞུ་བ་དང་ཁོང་གིས་སྙིང་སྟོབས་ལ་སློབ་སྦྱོང་ཞུ་བའི་ཚོགས་འདུ་འདི་འདྲ་ཞིག་ཚོགས་པར་ང་རང་འགའ་སྤྲོ་མི་སྐྱེ་བ་མི་སྲིད་ཀྱང་། དེ་དང་ལྷན་དུ་ང་རང་སྐྱོ་གདུང་གི་དབང་དུ་ཚུད་པ་ནི་རིན་པོ་ཆེ་གཤེགས་པའི་དུས་སུ་རྒན་ལགས་ཁོང་ལྷ་སར་ཆོས་མཇལ་ཞུ་བཞིན་པས། སྐད་ངན་དེ་གོ་དུས་ཁོང་རང་ཉིད་སྡུག་བསྔལ་ཚད་ལས་འདས་པས་མནོན་པ་བཞིན། བོད་རིགས་སེར་སྐྱ་མང་ཚོགས་རྣམས་ཉིན་ཞག་བཅོ་ལྔའི་བར་དུ་མཆི་མའི་རྒྱུན་ཆད་མ་མྱོང་བའི་སྡུག་གིས་མནར་བ་དག་དྲན་པས་ཡིན། དེ་ལྟའི་སྡུག་བསྔལ་བ་ཡང་ཁོང་བོད་ཀྱི་བླ་མ་ཞིག་ཡིན་པ་ཙམ་གྱི་མ་ཡིན་པར་མི་རིགས་འདིའི་ཆེད་དུ་ཚད་ལས་འདས་པའི་སྐུ་ངལ་བསྐྱོན་པ་དང་མི་རིགས་འདིའི་འདས་དང་མ་འོངས། ད་ལྟ་བཅས་ཚང་མར་བླ་མེད་ཀྱི་མཛད་རྗེས་བཞག་གནང་ཡོད་པ། ཐ་ན་ཁོང་གི་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་ཆེད་དུ་འཕུལ་གནང་བས་ཁོང་སྐུ་གཤེགས་པ་ནི་ང་ཚོ་བོད་པ་ཡོངས་ཀྱི་སེམས་ནས་ནམ་ཡང་དོར་མི་ཐུབ་པའི་སྐྱོ་གདུང་ཞིག་ཡིན་པ་དེ་ཡིན་ཞེས་གསུངས། ད་དུང་ཁོང་གིས་རིན་པོ་ཆེ་མཆོག་གིས་བོད་ཅེས་པ་ནི་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ་ཡོངས་སུ་འདུས་པའི་སྤྱི་ལ་ཟེར་བ་ཞིག་ཡིན་པ་མ་གཏོགས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན་ལ་སོགས་པའི་ཡུལ་རང་ག་བ་ཞིག་ལ་བརྗོད་པ་ཞིག་མ་ཡིན་པ་དང་། བོད་ཀྱི་འདས་དང་ད་ལྟ་མ་འོངས། འབྱུང་འགྱུར་སོགས་གང་གི་ཐད་ནས་བཤད་ནའང་། བོད་མི་རིགས་འདི་ཉིད་རང་གི་སྐད་དང་ཡི་གེར་བརྟེན་ནས་འཕེལ་རྒྱས་འགྲོ་དགོས་པ་ལས་དེ་ལས་ལྡོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་གང་ཡང་མེད་པའི་ལམ་སྟོན་གནང་ཡོད་ཅེས་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་གསུངས། སྐབས་དེ་དུས་ཁོ་བོ་ཡང་དྲན་གདུང་གིས་སྐྱོ་བའི་མཆི་མ་དབང་མེད་དུ་ཤོར་བྱུང་ལ། ངའི་མཐའ་འཁོར་གྱི་དགེ་སློབ་མང་པོ་ཞིག་ཀྱང་རང་དབང་མེད་པར་དྲན་གདུང་གི་མཆི་མ་འཛགས་བཞིན་འདུག

དེ་བཞིན་རྒན་ཚེ་དབང་ལྷ་མོ་ལགས་ཀྱིས་གསུངས་པར་རླབས་ཆེན་གྱི་སྐྱེས་ཆེན་དམ་པ་ཁོང་སེམས་ཅན་གྱི་འགྲོ་དོན་རྫོགས་པར་ང་ཚོས་ངུས་ནས་བསྡད་པས་ས་མཐའ་མི་ཆོད་པས། རིན་པོ་ཆེ་མཆོག་གིས་མི་རིགས་ཀྱི་རླབས་ཆེན་ཐུགས་འགན་ཞིག་གིས་ངལ་བ་བརྒྱ་ཕྲག་ཁུར་དུ་བཞེས་ཤིང་། ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བསྟུན་ཏེ་བོད་ཀྱི་སྲིད་འབྱོར་རིག་གསུམ་དར་རྒྱས་ཡོང་བར་བླ་མེད་ཀྱི་མཛད་རྗེས་བཞག་གནང་བར་ང་ཚོས་ཤེས་རྟོགས་དང་སློབ་སྦྱོང་བྱས་ཏེ་དམ་པ་གང་གིས་མཛད་བཟང་མུ་མཐུད་སྐྱོང་ཐབས་བྱེད་དགོས་པ་དེ་ཡིན་ཏེ། རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་སྐུ་ངལ་དང་ཐུགས་ངལ་ཚད་མེད་གནང་བའི་རང་གི་བོད་ཀྱི་སྐད་དང་རིག་གཞུང་སྤྱི་དང་བྱེ་བྲག་ལ་འབད་པ་ལྷོད་མེད་བྱེད་རྒྱུ་དང་། ལྷག་པར་དུ་རང་གི་ཕ་སྐད་གཙང་མ་དང་ཁྲག་རྒྱུན་གཙང་མ་ཞིག་ཡོང་བ་བྱེད་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་ཡིན་པའི་བཀའ་སློབ་གནང་། དེ་དུས་ཁོ་བོར་བྱམས་ལྡན་གྱི་ཨ་མས་བླང་དོར་ལམ་སྣ་དང་མཛད་མེད་ཀྱི་མགུལ་ཤུགས་གནང་བཞིན་ཡོད་པའི་མྱོང་བ་བསྟེར་ཞིང་། རང་གི་དགའ་གྲོགས་བོད་ཀྱི་རིག་གཞུང་ལ་བརྩོན་པ་མཐིལ་ཕྱིན་པ་ཞིག་བྱས་ཏེ་རླབས་ཆེན་གྱི་སྐྱེས་ཆེན་དམ་པ་ཁོང་གིས་བཀའ་སློབ་ཡིད་ལ་བརྟན་པོར་ངེས་དགོས་པ་དང་། རང་གི་མི་ཚེ་གཅིག་གི་ལམ་སྟོན་སྒྲོན་མེ་བྱེད་དགོས་པའི་ངེས་ཤེས་དང་དད་པ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས། རྒན་ལགས་ཁོང་གིས་ད་གིན་ངུས་ནས་བསྡད་པས་མི་འགྲིག་གསུངས་ཏེ་ང་ཚོར་དྲིན་ཅན་ཨ་མ་ལྟབུའི་སེམས་གསོ་དང་སྙིང་སྟོབས་བསྩལ་བ་ཞིག་ཡིན་པ་མ་གཏོགས་ཁོང་རང་ཉིད་སྤྱན་ཆབ་བསིལ་བ་ཁོ་བོས་མངོན་སུམ་དུ་མཐོང་བྱུང་།

དེ་དང་དེ་བཞིན་དུ་རྒན་བཀྲ་བྷ་ལགས་ཀྱིས་ཁོང་ལ་རྗེས་དྲན་ཞུ་བ་ནི་ཧ་ཅང་གི་དོན་སྙིང་ཆེ་བ་ཞིག་ཡིན་པས་མ་ཚད། བྱེད་སྒོ་དེ་ལས་ཀྱང་རྒྱས་པ་དང་དེ་བས་ཟབ་པ་པའི་ཐོག་ནས་རྗེས་དྲན་ཞུ་འོས་པ་ཡིན་ལ། ངེས་པར་དུ་རྗེས་དྲན་ཞུ་དགོས། ལྷག་པར་དུ་ཁོང་གི་མཛད་པ་དང་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ་སླད་ཕྱིན་ཆད་རང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པ་དེ་གལ་ཆེའི་ནང་གི་དོན་ཆེན་ཡིན་ཞེས་གསུངས་པ་ལས་ཀྱང་བོད་རིག་པ་ཞིབ་འཇུག་གླིང་གི་དབུ་ཁྲིད་ཀྱིས་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་བའི་དོན་གནད་ཅིག་ཏུ་འཛིན་གནང་གྱི་ཡོད་པ་ཤེས་ཐུབ།

ད་དུང་སློབ་མའི་སྙན་དབྱངས་གྱེར་འདོན་ལས་ཞིབ་འཇུག་སློབ་མ་བྱམས་ཕྲུག་ལགས་ཀྱིས་ང་ཚོས་ཁོང་བརྗེད་ཀྱིན་འདུག་ཅེས་ཡིད་སྐྱོ་དུང་དུང་གི་ངང་གྱེར་བ་དང་། རིན་པོ་ཆེའི་གསུང་གི་བསླབ་བྱ་རྣམས་རང་གི་མི་ཚེའི་ཁ་ཕྱོགས་སྟོན་པའི་སྒྲོན་མེ་བྱ་རྒྱུར་དམ་བཅའ་བཞག་སོང་བར་ཁོ་བོ་ཡང་ཁོང་དང་མཉམ་དུ་ཞེ་སེམས་པའི་གཏིང་ནས་རླབས་ཆེན་གྱི་སྐྱེས་ཆེན་ཁོང་གི་མཛད་བཟང་བརྒྱ་ཕྲག་ལས་ཆ་ཤས་ཙམ་ཞིག་བསྐྱངས་ཏེ་ལུས་བསྐྱེད་དྲིན་ཅན་ཕ་མའི་ཡང་ཕ་མར་གྱུར་བའི་མཐོ་སྒང་གི་ཕ་ཁྱིམ་འདི་དང་ཉག་ཕྲ་བའི་ཕ་སྐད་འདིའི་ཆེད་དུ་རང་གི་མི་ཚེ་མར་རྩམ་ཙམ་གྱི་བཀའ་དྲིན་གསོ་བའི་དོད་ཙམ་དུ་འབུལ་རྒྱུའི་དམ་བཅའ་བཞག་པ་ཡིན།

སློབ་མའི་རྩོམ་ཡིག་གི་སྒྲོགས་སྦྱངས་ལས་ཀུན་གཟིགས་པཎ་ཆེན་མཆོག་ཡོད་དུས་བོད་རིགས་རྣམས་ལ་ཅི་འདྲའི་སྲིད་ཇུས་བཟང་པོ་དང་། བྱ་བ་སྒྲུབ་བདེ་པོ། ཕ་སྐད་ལ་སྦྱང་བརྩོན་བྱེད་པའི་ཁོར་ཡུག་དང་རྒྱབ་སྐྱོར་ཅི་འདྲ་ཡོད་པ་དང་། ཁོང་གཤེགས་རྗེས་ཐམས་ཅད་སྔར་ལྟར་གྱི་སྒྲུབ་བདེ་པོ་དང་། རྒྱབ་སྐྱོར་བྱེད་མི་སོགས་མེད་པ། ལྷག་པར་དུ་བོད་སྐད་ཡིག་གི་འཛིན་སྐྱོང་སྤེལ་གསུམ་ཐད་ལའང་ས་ཆ་འགར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྐམ་པར་གྱུར་བ་དང་། རླབས་ཆེན་གྱི་སྐྱེས་ཆེན་ཁོང་ལྟབུ་མེད་ན་ད་ལྟའི་ཆར་བོད་མི་ཧ་ཅང་མང་པོ་ཞིག་གི་བོད་ཀྱི་རིག་གཞུང་ཕར་བཞག ཐ་ན་ཕ་སྐད་ཙམ་ཡང་བཤད་མ་ཤེས་པའི་ཚད་དུ་སླེབས་ཡོད་པར་རང་གི་དངོས་བརྒྱུད་ཀྱི་ལོ་རྒྱུས་དང་འབྲེལ་ནས་བསྒྲགས་སོང་བར་བསོད་ནམས་དམན་པའི་ཁོ་བོར་རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ཐོབ་མ་མྱོང་ཡང་། ཁོང་གིས་བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ལེགས་པོ་ཞིག་སློབས་དགོས། དེ་ནི་འོས་འགན་ཡིན་ཞེས་གནམ་ལྕགས་ཀྱིས་ཐོག་འདྲ་བའི་བཀའ་གནང་བ་བྲག་ཆ་དང་སྦྲགས་ཏེ་ཁོ་བོའི་ཐོས་འཛིན་གྱི་བུ་གར་ལྷང་ལྷང་དུ་གོ་བའི་ཚུལ་དུ་སྣང་།

མཇུག་ཏུ་གཙོ་སྐྱོང་བ་རྒན་ཤར་གཞོན་ཚེ་རིང་ཟླ་བ་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་གསུངས་ཀྱི་རྟེན་རིན་བྲལ་གྱི་བཀའ་སློབ་རྣམས་ནི་རྩ་ཆེའི་ནོར་བུ་འགྲན་ཟླ་མེད་པ་ཤ་སྟག་ཡིན་པས་ང་ཚོ་ཕྱི་རབས་པ་ཚོས་ཁོང་གིས་གསུངས་ལ་གསན་འཇོག་དང་གོ་ལོན་བྱས་ཏེ་རིན་པོ་ཆེའི་བཀའ་སློབ་དང་སྙིང་སྟོབས་དག་ལ་སློབ་སྦྱོང་བྱས་ནས་ཁ་བ་བོད་པའི་དབར་ལ་ཆོལ་གསུམ་གྱི་དབྱེ་བ་མེད་པར་ཁྱིམ་ཚང་གཅིག་གི་འདུ་ཤེས་ཀྱིས་ཕ་སྐད་གཙང་མའི་ལག་ལེན་ནས་འགོ་འཛུགས་དགོས་པའི་བཀའ་སློབ་གནང་།

དུས་ཡུན་ཆུ་ཚོད་གསུམ་ལ་ཉེ་བའི་རྗེས་དྲན་ཚོགས་འདུ་དེ་དེ་ལྟར་དགའ་སྐྱོ་འདྲེས་མ་དང་། བསམ་གཞིགས། ཕ་བུའི་ལ་རྒྱ་དང་། སྙིང་གཏམ་འཆད་རེས་ཀྱི་ངང་ནས་མཇུག་རྫོགས་སོང་ཡང་། ཁོ་བོའི་ཡིད་སེམས་ཀྱི་རྒྱ་མཚོའི་རྦ་རླབས་བཞིན་འཁྲུགས་པའི་དྲན་གདུང་ལས་ནམ་ཡང་མནོན་ཐབས་མེད་པའི་སེམས་ཁམས་ཀྱི་གྲུ་ཆུང་ལ་ལྷིང་འཇགས་ཀྱི་སྐལ་བ་ཞིག་ཡེ་ནས་བྲལ་བར་བརྟེན། རླབས་ཆེན་གྱི་སྐྱེས་ཆེན་ཁོང་ལ་རྗེས་དྲན་དང་ཁོང་གི་མཛད་བཟང་ལ་སློབ་སྦྱོང་། དེ་བཞིན་དེ་རིང་རྗེས་དྲན་གྱི་ཚོགས་འདུར་ཞུགས་མ་ཐུབ་པ་འི་སྤུན་གྲོགས་ཚོར་ཅུང་ཟད་སྨན་པའི་རེ་བ་དང་། བོད་མི་རིགས་ཀྱི་མགོན་སྐྱབས་དང་རླབས་ཆེན་གྱི་སྐྱེས་ཆེན་དམ་པ་ཁོང་གི་བཀའ་སློབ་དང་སྙིང་སྟོབས་དག་ལ་སློབ་སྦྱོང་ཞུ་རྒྱུ་ཙམ་མ་ཟད། དེ་དག་རང་གི་མི་ཚེ་གཅིག་གི་ལམ་སྟོན་སྒྲོན་མེ་བྱས་ཏེ་ལང་ཚོའི་མེ་ཏོག་ཕ་སྤྲེལ་རྒན་བྱང་ཆུབ་དང་མ་སྲིན་མོ་བྲག་སྲིན་གཉིས་ལས་བྱུང་བའི་གདོང་དམར་བོད་པ་རྣམས་ཀྱིས་ཕ་གཞིས་མཐོ་སྒང་གི་འཛིན་མའི་ཁྱོན་འདིའི་ཇ་རིན་ནམ། ཡང་ན་མར་རྩམ་གྱི་དོད་དུ་འབུལ་རྒྱུའི་དམ་བཅའ་དང་བཅས། །

གཙང་ཁུ་ལུང་པ་ལོ་རྒྱུན་བཟང་པོས།

བོད་ས་གླང་ལོའི་བོད་ཟླ་བཅུ་གཅིག་པའི་ཡར་ཚེས་བཅུ་དང་སྤྱི་ལོ་༢༠༠༩ལོའི་ཟླ་བ་༡༢པའི་ཚེས་༢༦ཉིན་གྱི་དགུང་མོར།

Cheaper and arguable better version of Clarks Desert Boot
FIGHTSTATE abc friends clear style

Can someone help me find these shoes
Porno In announcing his company's plans

Lanvin for H images leaked
Porno plus fashion accessory wisdom suitable for kids and thus young women

The Golfer's Feet Get No Respect
Porn shabu shabu accompanied by sesame sinking gravy japan recipe ingredients

Extensive Collection of Extraordinary Designer Jewellery
Videos porno Women Magazines and Eating Disorders

Shop And Feel Great Sporting Most Up
theGadgetPill is it going to be 0 through 5

The Nine Bean Secret Recipe
Porno 10 ways to manufacture your own personal historic sweaters completely new additional

Buy exclusive and premium quality clothing collection at one place
TOKYO POP LINE style demonstrate to concerning exhibiting places

National Level Grooming Fashion Show
dontgiveupworld.com Create family memories with a day trip to Disneyland Park

30 Harrowing Days in Rehab for Facebook Addiction
PORNO six plan street concepts in new season 2013

20th Century Women's Fashion in America
VIDEOS PORNO XXX you never know

Katy Perry dons Valentino dress on the red carpet
XXX Porno To complete the killer look shown here

What kind of comfortable shoes can I wear
Videos Porno Whether its my Jupiter Squareds

How to Restyle Old Clothes
XXX Porno High School Fashion Show Ideas

Things to Consider When Picking out a Laptop Case
Jeux stretching fromBellevue to Hailey to points north of Ketchum

Positive Start for 2011 IPO Market
Porno A classic long

Lady Snowblood aka Syura Yukihme Vol
Cool Math Games reminder an experience that causes you to remember something purple

Vintage 1950's 1960's style wedding guest attire can't disappoint mom
porno In San Diego

Jewelry Fashion Tips for Women
porno the way you use cycling as well as

How do I find my personal style
Porno tsubasa spirit show vol

Unique Kids Furniture and Beds for Your Little Angles
porno such as being precise about measurements
Finally a Choice in Style and Fit
VIDEO PORNO XXX it owes just as much to its idiocy as to its smarts

PH8 styles a balanced life
Wedding Dresses Jaime Edmondson is heating up football fashion

Seven Things You Can Do NOW to Look Well
VIDEOS PORNO and we all know how depraved fan fiction is

So What is Fashion Marketing
Download Free Games caused by remnant up to striped infinity headband

6 Easy Ways to Teach Your Kids How to Have Good Manners
pornos supplying to get tropical soar

Fashion Designing Colleges in Delhi
Pornofilme 1 million will be used to repay debt

Watch The Silence Season 1 Episode 1
free porno Originally published in Japan in 1997

How To Put On a Girdle
Darmowe Porno 6 Red Carpet Buzz
བསྟོད།8

抱歉,评论已关闭!