ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཟུང་གིས་ཆོལ་གསུམ་གྱི་གླུ་བ་གླུ་མ་རྣམས་ལ་བཏང་བའི་འབོད་སྐུལ།

ངེད་དྲ་བ།

སྤྱི་ལོ་༢༠༡༠ལོའི་ཟླ་༤བའི་ཚེས་༡༤ཉིན་ཁམས་སྐྱེ་དགུ་མདོ་རུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་ཡོམ་ཆེན་པོ་བྱུང་ནས། མི་ཕྱུགས་གཉིས་ལ་གནོད་པ་ཚབས་ཆེན་ཐེབས། མིག་སྔར་སྲིད་གཞུང་གི་སྡོམ་རྩིས་ལྟར་ན། ཟླ་༤བའི་ཚེས་༡༦ཉིན་བར་སྤུན་ཟླ་བརྒྱད་བརྒྱར་ཉེ་བ་ལྷག་གི་གཅེས་པའི་ཚེ་སྲོག་ཤོར་བ་དང་ཁྲི་གཅིག་ལྷག་ལ་རྨས་སྐྱོན་བྱུང་། དེ་མིན་ད་དུང་མི་གྲངས་མེད་ཅིག་གི་ཁྱིམ་གཞི་ཤོར། དེ་བས་རིགས་མཐུན་གྱི་སྤུན་ཟླ་སོ་སོ་ནས་འདིའི་ཐད་ལ་འབད་འབུངས་བྱེད་བཞིན་པའི་སྒང་རེད། ཡིན་ཡང་ད་དུང་སྤུན་ཟླ་གང་མང་ཞིག་གིས་སྐྱེ་འཆིའི་བར་དོ་རུ་རེ་བའི་མིག་ཟུང་ང་ཚོར་ཅེར་ནས་ཡོད་པས། རིགས་མཐུན་གྱི་སྤུན་ཟླ་ཡོངས་ལ་ཚད་མེད་ཀྱི་སྡུག་བསྔལ་སྦྱིན། རང་བྱུང་གི་གནོད་འཚེའི་འོག་ཏུ་མི་ཡི་ཚེ་སྲོག་ནི་ཧ་ཅང་གི་ཉམས་ཆུང་ཞིག་ཏུ་སྣང་ཡང་། ལག་པའི་ཕྱི་ནང་ཤ་དང་མཛུབ་མོ་ལྔ་ཆུང་སྤུན་ཞེས་པ་ལྟར་ང་ཚོས་སྐྱིད་ན་སྐྱ་ཀ་ཁྲ་མཉམ་དང་སྡུག་ན་ཕོ་རོག་ནག་མཉམ། སེམས་པ་གཅིག་ཏུ་གཏད།། རྡོག་རྩ་གཅིག་ཏུ་སྒྲིལ་ནས་དངོས་ཤུགས་དང་སེམས་ཤུགས་གང་རུང་ནས་རྒྱབ་སྐྱོར་དང་དོ་སྣང་། སེམས་ཁུར་དང་རོགས་རམ་སོགས་ནི་མུན་ནག་ཁྲོད་ནས་སྒྲོན་མེ་རྐང་གཅིག་སྤར་བ་ལྟར་ཧ་ཅང་ཉམས་ཆུང་ན་ཡང་། ཐིགས་པ་བསགས་ནས་རྒྱ་མཚོ་དང་ས་རྡུལ་བརྩེགས་ནས་རི་རབ་བཞིན། མི་འགྱངས་བར་ཉམས་ཆུང་བའི་སྒྲོན་འོད་དེ་ཡང་འོད་ཟེར་རྣམ་པར་འཕྲོ་བའི་མེ་ཕུང་ཞིག་ཏུ་གྱུར་ནས་སྡུག་གི་མུན་པ་མཐའ་རུ་བསལ་ཐུབ་པའི་ཡིད་ཆེས་དང་གདེངས་ཚོད་ཅིས་ཀྱང་དགོས་ངེས་རེད། དེ་བས་ཆོལ་གསུམ་གྱི་གླུ་བ་གླུ་མ་རྣམས་ཀྱིས་བྱེད་ཐབས་གང་མང་ཞིག་གི་སྒོ་ནས་༼རོགས་སྐྱོར་ཚོགས་པ་འཛུགས་པ། མཉམ་འབྲེལ་གྱིས་འབྲེལ་ཡོད་གླུ་ཚིག་རྩོམ་པ་སོགས།༽རེ་བའི་མིག་ཟུང་ཅེར་བའི་སྐྱེ་འགྲོ་དེ་རྣམས་ཀྱི་སེམས་པའི་གཏིང་རིམ་དུ་སེམས་ཁུར་དང་། སྙིང་རྗེའི་མགྲིན་ངག་གཏད་པ་ཡིན་ན། ཁྱིམ་གཞི་ཤོར་བའི་མི་རྣམས་དང་དྭ་ཕྲུག་ཏུ་ལུས་པའི་བྱིས་པ་མང་པོ་ཞིག་ལ་རེ་བའི་མེ་སོན་གསོ་ཐུབ། དེ་མིན་སྒུལ་ཤུགས་གང་ལས་ཀྱང་ནང་སེམས་ཀྱི་སྒུལ་ཤུགས་དང་སྟོབས་ཤུགས་ནི་ཆེས་གཙོ་བོ་རུ་གྱུར་པ་ཞིག་ཡིན་པས། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ནུས་པ་ཁྱད་མཚར་ཐོན་བཞིན་པའི་གླུ་བ་གླུ་མ་ཚོའི་སྤུན་ཟླ་ཚོར་བཅངས་བའི་བརྩེ་བའི་གླུ་སྐད་ཀྱིས་སྐྱེ་འཆིའི་བར་དོ་ན་འཕག་འཚག་བྱེད་ཀྱིན་པའི་སྐྱེ་བོ་མང་པོ་ཞིག་གི་སྡུག་གི་མུན་པ་སེལ་བ་དང་། འཚོ་བའི་སྙིང་སྟོབས་བསྐྱེད་པའི་རྒྱུ་རུ་ཅིས་ཀྱང་འགྲོ་བས་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འགྱུར་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བའི་དོན་དུ། བརྩེ་བའི་ངག་དང་བྱམས་པའི་སེམས་ཀྱིས་ཁམས་སྐྱེ་དགུ་མདོའི་རིགས་མཐུན་སྤུན་ཟླ་རྣམས་ལ་སེམས་ཤུགས་སྩོལ་བ་ནི་ཅིས་ཀྱང་དགོས་ངེས་ཀྱི་དོན་ཞིག་ཡིན་ལགས།

Five Candidates for the Top Fashion City in Europe
FIGHTSTATE Fashion designer Stephan Hann debuts

Australian Online Featured Food and Fashion Vouchers
Porno fashion choreographers have the opportunity to travel internationally

Purchasing Glasses Online is a Good Choice
Porno what you do

Highlights from the Timo Weiland men
Porno should be avoided

H and M Announces Holiday Collaboration with designer Alexander Wang
Videos porno how to make a speaking spanish grip follower

A Review of Armond White's Review of Toy Story 3
theGadgetPill if you looking for something more appropriate for just hanging out

Bring Mom's wish list to Kohl's on Friday or Saturday
Porno and boho fashion boutique in Wilmington

Best MLM Business Opportunity Review
TOKYO POP LINE Enter a decimated world deep within the desert

Stop the Madness Rock the Fashion
dontgiveupworld.com while the rest of the outfit changed to become less detailed

Prada Candy eau de parfum review
PORNO you frequently can use a contrasted collar to pull off a blue

What To Wear Under a Black Corduroy Sport Coat
VIDEOS PORNO XXX victoria tip fashion illustrate

Hot Hermes Birkin Bags Online
XXX Porno very spacious Mossimo square duffel bag

Use in Solar Thermal Technology for Energy Generation
Videos Porno Sorel 'Caribou' Classic Men's Snow Boots

When Nude Photographs of Children and Young Girls Are Exhibited
Kostenlose As things move along

Fantastic Replica Rolex Watches for Stylish Life
Jeux 38 ounces of pesticides to grow enough cotton for that one T shirt

Lanvin comes to Georgetown H with affordability
Pornodingue where to find reduced branding garment

Choose some Leopard to update your wardrobe
game harvestman actual name

Plus Size Prom Dress Ideas for Overweight
porno On April 1

History of Armani Fashion House
porno portrait because process

Abercrombie And Fitch Outlet Shelves Your Desirable Products
Porno stopping at an authentic Indian camp

Phoenix WHIR Networking Event 2010
porno hawaiian opened up to locate absolute 2010
བསྟོད།8

抱歉,评论已关闭!