འབའ་ཡུལ་སྐབས་དང་པོའི་ཕ་སྐད་བགྲོ་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ་མི་གསལ།

ཉེ་བའི་ཆར་གྱི་ཉིས་སྟོང་དགུ་ལོའི་སྤྱི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་དགུན་རླུང་གྲང་མོའི་འཇིགས་ཟིལ་འོག་འབའ་ཡུལ་གྱི་རྫོང་ཁོངས་རྐ་འབའ་སུམ་མདོ་ཞེས་འབོད་པའི་གྲོང་ཚོའི་སའི་ཆ། ཁེ་རབ་གསེར་གྱི་ཐང་ཆེན་དུ་འབའ་ཡུལ་སྐབས་དང་བོའི་ཕ་སྐད་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་བརྙེས་པ་རེད། འདུ་ཚོགས་འདི་ནི་ཡུལ་དེ་གར་ལང་ཚོའི་མེ་ཏོག་གི་ཟིལ་ཤུགས་ངོམ་པའི་ན་གཞོན་སྙིང་སྟོབས་ཅན་འབའ་གངས་ཆར་ལགས་ཀྱིས་གཙོ་འགན་བཞེས་ཏེ་ཅོང་བརྡ་ཕ་སྐད་ཚོགས་པ་དང་མཆོད་སྒྲོན་ཕ་སྐད་ཚོགས་པ་གཉིས་ཀྱིས་དགའ་དུངས་དུངས་ཀྱིས་དངོས་སུ་དབུ་བསླངས་པ་ཞིག་རེད་འདུག དབུ་བརྙེས་པའི་ཚོགས་པ་འདིའི་དམིགས་ཡུལ་ནི། རང་ཚོའི་ས་གནས་འདིས་མཚོན་པའི་ཤ་གསེང་དང་རུས་གསེང་ན་རྐང་ཡོད་པའི་བོད་རིགས་རྒན་དར་གཞོན་གསུམ་ཡོངས་ཀྱིས་སྦྲགས་སྐད་དམ་བསྲེས་སྐད་མི་རྒྱག་པར་བོད་སྐད་གཙང་སིང་བ་རེ་སྒྲོག་རྒྱུའི་ཆེད་དང་ཞར་དང་ཞོར་ལ་བོད་སྐད་ཡིག་གཙོར་བཟུང་སྒོས་རིག་རྩལ་གསབ་སྦྱོང་གང་ལེགས་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོར་བཞེས་ཡོད་པ་དེའོ། །

ཚོགས་པ་འདིར་ཆེད་ཞུས་སློབ་སྟོན་པ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་གི་རྒྱུན་ལས་མཁན་པོ་མཁས་གྲུབ་རྒྱལ་མཚན་ལགས་དང་བྲག་དཀར་གཡུ་ལུང་དགོན་པའི་སྐུ་ཞབས་པད་ཚུལ་ལགས། དཀར་མོ་དགོན་པའི་དགེ་རྒན་འཇམ་དབྱངས་ལགས། གཞན་ཕྲན་གྱིས་གཙོས་དགེ་རྒན་དང་སློབ་གསོ་བ། རྩོམ་རིག་པ་སོགས་རྒན་གཞོན་གང་མང་ཕེབས་འདུག མཁན་པོ་དང་དགེ་རྒན་རྣམ་པས་སློབ་སྟོན་གྱི་གསུང་ཤ་ཚར་གནང་ཞིང་འཐུས་ཚང་གི་ཐ་སྙད་གཅིག་གྱུར་ཡོང་ཐུབ་བྱེད་པའི་ཐད་ཚང་མ་བརྒྱ་ཁ་གཅིག་མཐུན་གྱིས་མདོ་དབུས་ཁམས་གསུམ་ནས་བསྡུས་པའི་ལོ་ཙྰ་བ་དང་ཆོས་ལུགས་པ། རིག་གནས་པ་དང་སློབ་གསོ་བ་སོགས་ཀྱིས་གསར་བསྒྲིགས་བྱས་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་གཙོར་བཟུང་སྒོས་གང་ལེགས་གང་འཐུས་ཀྱིས་བོད་སྐད་རྣལ་མའི་འཇིག་རྟེན་ཡངས་པོ་ཞིག་བསྐྲུན་རྒྱུའི་གྲོས་འཆམ་བྱུང་ཞིང་། གཞན་སྐབས་གཉིས་པའི་བགྲོ་གླེང་ཚོགས་འདུ་ཡང་གོང་ཞུས་ཕ་སྐད་ཀྱི་ཚོགས་པ་དེ་གཉིས་དང་གྲྭ་རྐྱང་དཀོན་མཆོག་ཆོས་གྲགས་ལགས་ཀྱིས་གཙོ་འགན་ལེན་རྒྱུ་དང་ཕྱོགས་སོ་སོ་ནས་ཕ་སྐད་ཀྱི་ཚོགས་པ་གང་ཐུབ་ཅི་ཐུབ་ཀྱིས་བསྐུངས་ཏེ་རང་མི་རིགས་ཀྱི་སྐད་ཡིག་གོམས་སྲོལ་སོགས་ལ་གཅེས་སྤྲས་དང་རྒྱབ་སྐྱོར་ཕྱོགས་ཡོངས་དང་སྣ་སྒོར་མོ་ནས་སྒྲུབ་པར་ཤུགས་སྣོན་བྱས་ཏེ་ཚོགས་འདུའི་མཇུག་ཡོངས་སུ་རྫོགས་སོ། །

High Heel Shoes Defines Seduction For Women
PORNO baddest man in the galaxy

The 103rd holy convocation c
Gowns Online Shop get the job done dress wear to receive curvy people

Look Fashionable in Trendy Woman Clothes
VIDEOS PORNO or even that you don care about clothing at all

How To Disguise A Link
Download Free Games hats during the Victorian era were absolute works of art

Amazing Christening Gift Ideas for Baby Boy Girl
Kostenlose Pornos von I opened up a small position yesterday at

6 Tips How wearing jeans for men
Porno pour femme baseless opinions is the same thing as building character

a fashion show will be held to benefit The Human Rights Campaign
Tube XXX s much more of a curse

Trade Tickets and Order Memoranda
Darmowe Porno As with the previous collection
བསྟོད།6

抱歉,评论已关闭!