ན་གཞོན་སྙན་ངག་པ་བྱ་མདོ་ཚེ་དབང་ལྷུན་འགྲུབ་ཀྱི་སྙན་དེབ་ཐོག་མ་སྒེའུ་ཁུང་པར་བསྐྲུན་བྱས་ཡོད།

རྩོམ་པ་པོ་མི་གསལ།

ཉེ་ལམ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ན་གཞོན་སྙན་ངག་པ་བྱ་མདོ་ཚེ་དབང་ལྷུན་འགྲུབ་ཀྱི་སྙན་དེབ་ཐོག་མ་སྒེའུ་ཁུང་ཞེས་པ་པར་བསྐྲུན་བྱས་ཡོད་ལ། སྙན་དེབ་འདིའི་ནང་རྩོམ་པ་པོས་སློབ་ཆེན་གྱི་ལོ་ངོ་གསུམ་རིང་བྲིས་པའི་སྙན་ངག་བཞི་བཅུ་ལྷག་བདམས་བཀོད་བྱས་ཡོད། དེ་དག་ལས་"ཞིང་གྲོང་གི་རྦ་རླབས། བཞུད་ཟིན་པའི་ཧོར་ཟླ་བཅུ་བ་"དང་"དོ་ནུབ། ང་ཙོང་ཁ་ན་ཡོད་"ཅེས་པའི་སྙན་ངག་གཉིས་ལ་སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་སྤེལ་བའི་གངས་ཀྱི་རོལ་དབྱངས་སྙན་ངག་གསར་རྩོམ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མྱོང་།

བསྟོད།4

དཔྱད་མཆན་སྤེལ།