<<རྨི་ལམ་འཁྲུག་པའི་ལོ>>མངག་ཉོ་བྱེད་པའི་གནས་ཚུལ་ཐོན་འདུག

ངེད་དྲ་བ།

དེབ་འདི་ཟླ་བརྒྱད་པའི་ཚེས༢༩ཉིན་དངོས་སུ་ཚོང་རར་བཀྲམས། དམིགས་བསལ་གྱི་གནས་ཚུལ་དབང་གིས་དེབ་འདི་སྤྱིར་བཏང་དུ་གཞུང་སྒེར་གཉིས་ཀྱི་དཔེ་ཁང་དུ་བཞག་མེད་པར་མི་ལག་དང་སྦྲག་ཁང་བརྒྱུད་ནས་འཚོང་གི་ཡོད། མིག་སྔར་གྱི་ཚོང་ལམ་ལ་ནུབ་བྱང་མི་རིགས་སློབ་ཆེན་དང་ཀླུ་ཆུ་རྫོང་གི་མིག་སྒྲོན་དཔེ་ཁང་(དཔེ་ཁང་འདིས་རེབ་གཅིག་ལ་དེབ་བརྒྱད་ཅུ་མ་གོང་ལྟར་དུ་ཉོས་པ་རེད)། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་། མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་། སྐ་ཆུ་རྫོང་བོད་ཡིག་སློབ་འབྲིང་། རྔ་བ་རྫོང་བོད་ཡིག་སློབ་འབྲིང་། རྔ་བ་ཀིརྟི་དགོན་པ་བཅས་ལས་མེད། བོད་མི་ཞིག་ཡིན་ཕྱིན་བཀླག་ན་རིན་ཐང་ཆེ་བའི་དེབ་འདི་བོད་ཁུལ་སྤྱིའི་ཤེས་ལྡན་པའི་སྡེ་ལ་ཁྱབ་པའི་ཆེད་དུ་(ལྷག་པར་དུ་ལྷ་ས་དང་། སི་ཁྲོན་དཀར་མཛེས།)འགན་ཁུར་གྱི་འདུ་ཤེས་ལྡན་པའི་ཤེས་ལྡན་པ་ཚོས་ཅི་མགྱོགས་ཀྱིས་དཔེ་ཆ་འདིའི་ཚོང་པར་འབྲེལ་གཏུག་བྱས་ཏེ་མངག་ཉོ་བྱེད་པར་དགའ་བསུ་ཞུ། མངག་ཉོ་བྱེད་པར་ཐོག་མར་དཔེ་ཆ་དུ་ཉོ་བའི་ཁ་གྲངས་ལྟར་སྒོར་མོ་དངུལ་ཁང་ནས་བསྐུར་དགོས། ཉོ་ཐེངས་རེར་ཆེས་ཉུང་ན་ཡང་སྒམ་གཅིག་ཡིན།(སྒམ་རེར་དཔེ་ཆ20ཡོད) གཞན་དེབ་གཅིག་སྦྲག་ཁང་ནས་ཉོས་ན་དེབ་རིན་གྱི་སྟེང་དུ་བསྐུར་གླ20སྣོན་དགོས་པ་དང་ཉོ་ཤ་སྟག་ཡིན་ན་སྔོན་ལ་སྒོར་མོ་བསྐུར་རྗེས་ད་གཟོད་ཚོང་པར་འབྲེལ་གཏུག་བྱ་དགོས།
银行:农业银行
用户:་甲伯
帐号:622848 4130 874913115
འབྲེལ་གཏུགས་ཁ་པར། 13309047944
QQ:552772743

༼གསར་འགྱུར་འདོན་སྤྲོད་པ། ཧུ་ར་འཇའ་པེ།༽

བསྟོད།7

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. རའོ།
    རའོ།སྤེལ་དུས་ནི།  

    དཔེ་ཁང་དུ་ཐོན་པ་དེ་དང་མི་འདྲ་བ་ཞིག་ཡོད་དམ། ངའི་དྲན་གསལ་ལ་དཔེ་ཆ་དེ་ལྷ་སའི་དཔེ་ཁང་རེ་ཤས་ཀྱི་དཔེ་ཁྲིའི་སྟེང་དུ་འདུག

དཔྱད་མཆན་སྤེལ།