སྒྲུང་རིང་«དམྱལ་ཟངས་ནང་ན་ཀུ་རེ་མེད»ཅེས་པ་ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

ནག་པོ་སྐལ་བཟང་།

བོད་རིགས་རྩོམ་པ་པོ་ནག་པོ་སྐལ་བཟང་གིས་བརྩམས་པའི་སྒྲུང་གཏམ་རིང་མོ«དམྱལ་ཟངས་ནང་ན་ཀུ་རེ་མེད»ཅེས་པ་དེ་ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ནག་པོ་སྐལ་བཟང་གིས༡༩༩༡ལོར་བོད་ཡིག་གི་དྲག་རྩལ་སྒྲུང་གཏམ«ཀླུ་འབུམ་དམུ་རྒོད»ཅེས་པ་དེ་བརྩམས་ནས་པར་དུ་བསྐྲུན་ནས་ད་བར་དུ་ལོ་བཅོ་བརྒྱད་འགོར་ཡང་། ཁོང་གི་གསར་རྩོམ་པུར་རྩེ་ནམ་ཡང་མཚམས་བཞག་མ་མྱོང་བ་དང་། ཉེ་ལམ་ཡང་བོད་ཡིག་གིས་བྲིས་པའི་སྒྲུང་གཏམ་འདི་བརྩམས་ནས་པར་དུ་བསྐྲུན་པ་རེད། «དམྱལ་ཟངས་ནང་ན་ཀུ་རེ་མེད»ཅེས་པའི་སྒྲུང་གཏམ་འདི༢༠༠༥ལོར་ཀན་སུའུ་ཞིང་ཆེན་གྱི«ཟླ་ཟེར»དུས་དེབ་སྟེང་མུ་འགོད་བྱས་ཚར་ཏེ། བོད་ཡིག་གི་ལམ་ནས་བྲིས་པའི་ཉེན་རྟོག་པ་དང་ཇག་པའི་འཐབ་འཁྲུག་མཚོན་པའི་སྒྲུང་གཏམ་རིང་མོའི་སྲོལ་ཕྱེས།

ནག་པོ་སྐལ་བཟང་ལགས་ཀྱི་བརྩམས་ཆོས་ནི་བོད་ཡིག་གི་ཀློག་པ་པོ་རྣམས་ལ་མཚོན་ན་ཆ་རྒྱུས་ཧ་ཅང་ཡོད་པ་ཞིག་རེད། ཁོང་གིས་བརྩམས་པའི«ཀླུ་འབུམ་དམུ་རྒོད»ཅེས་པའི་སྒྲུང་གཏམ་དེ༡༩༩༡ལོར«མཚོ་སྔོན་མང་ཚོགས་སྒྱུ་རྩལ»སྟེང་མུ་འགོད་བྱས་བྱས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། དེ་ལས་དེང་རབས་བོད་ཡིག་རྩོམ་རིག་གི་བརྩམས་ཆོས་ལ“དྲག་རྩལ་སྒྲུང་གཏམ”མེད་པའི་སྟོང་ཆ་ཁ་སྐོང་བྱས། ཁོང་གི་བརྩམས་ཆོས་དག་ལ་གོ་བདེ་བ་དང་མི་རིགས་རང་གི་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན།

བསྟོད།5

དཔྱད་མཆན་སྤེལ།