བོད་ཀྱི་སློབ་མས་ཕབ་སྐྲུན་བྱས་པའི་གློག་བརྙན་《ཕྱིར་འོང་མེད་པའི་ལོ་ཟླ་》ཞེས་པ་བརྙན་ཕབ་བྱས་ཚར་བ།

རྩོམ་པ་པོ་མི་གསལ།

འཁྲབ་གཞུང་འབྲི་མཁན་དང་འཁྲབ་ཁྲིད་པ་ལྷ་མོ་བཀྲ་ཤིས། པར་ལེན་པ་དང་ཕབ་སྐྲུན་པ་དཀོན་མཆོག་རིན་ཆེན་དང་འཇིགས་མེད་རྡོ་རྗེ། གློག་བརྙན་གྱི་བརྗོད་དོན་གླུ་དབྱངས་ཀྱི་ཚིག་འབྲི་མཁན་དཔལ་རྩལ་དང་། གླུ་གཞས་ལེན་མཁན་ཤེས་རབ་རྣམ་རྒྱལ། འཁྲབ་སྟོན་པ་གཙོ་བོ་ཤེས་རབ་ལྷུན་རྒྱལ་དང་བསོད་ནམས་ཉི་མ། དཔའ་བཙན། སྒྲོལ་མ་མེ་ཏོག་བཅས་ཡིན། གཞན་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཚོགས་པ་འདི་ལ་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཟེར།

གློག་བརྙན་གྱི་འདྲ་པར།

བརྙན་ཕབ་བྱེད་བཞིན་པ།
ཉེ་ལམ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ གློག་བརྙན་སྒྱུར་སྒྲིག་ལྟེ་གནས་ཀྱི་སློབ་མའི་ཚོགས་པ་རང་གིས་བརྙན་ཕབ་བྱས་པའི་གློག་བརྙན་《ཕྱིར་འོང་མེད་པའི་ལོ་ཟླ》ཞེས་པའི་ཕབ་སྐྲུན་དང་རྗེས་ཀྱི་སྒྲིག་བཟོའི་ལས་ཀ་ཕྱོགས་ཡོངས་ནས་ཚར་བ་རེད།
ཤེས་གསལ་བྱུང་བ་ལྟར་ན། 《ཕྱིར་འོང་མེད་པའི་ལོ་ཟླ》ཞེས་པའི་གློག་བརྙན་འདི་ནི་བོད་ཀྱི་སློབ་གྲྭ་ཆེན་མོ་བ་རང་གིས་འཁྲབ་ཁྲིད་དང་རང་གིས་འཁྲབ་སྟོན་བྱས་ཤིང་། སློབ་གྲྭའི་འཚོ་བ་ཇི་མ་ཇི་བཞིན་དུ་མཚོན་པའི་གློག་བརྙན་ཐོག་མ་ཞིག་རེད། འཁྲབ་གཞུང་དང་། འཁྲབ་ཁྲིད་པ། པར་ལེན་པ། འཁྲབ་སྟོན་པ། སྒྲ་ལེན་པ་དང་རྗེས་ཀྱི་སྒྲིག་བཟོ་ལ་སོགས་ཚང་མ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་མས་འགན་ཁུར་ནས་སྒྲུབ་པ་རེད།
《ཕྱིར་འོང་མེད་པའི་ལོ་ཟླ》ཞེས་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་ལྷ་མོ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་ནི་སློབ་ཆེན་སློབ་མ་ཞིག་གིས་སློབ་མཐར་ཕྱིན་ལ་ཉེ་སྐབས་རང་གི་འདས་ཟིན་པའི་སྐྱི་གཡའ་བའི་འཚོ་བ་ལ་ཕྱིར་དྲན་བྱས་པ་བརྒྱུད། ཕྱོགས་ཡོངས་ནས་དེང་དུས་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་སྒྱིད་ལུག་དང་གང་དྲན་འདི་དྲན་མེད་པའི་སྣང་ཚུལ་མཚོན་ཡོད་པ་རེད།

བསྟོད།6

དཔྱད་མཆན་སྤེལ།