རང་སྐྱེད་སྨྱུག་ཚོགས་ཀྱི་གཏམ་གླེང་འདུ་འཛོམས་ཐོག་མའི་གནས་ཚུལ།

རྩོམ་པ་པོ་མི་གསལ།

ཉེ་ལམ་རང་སྐྱེད་སྨྱུག་ཚོགས་ཀྱི་གཏམ་གླེང་འདུ་འཛོམས་ཐེངས་དང་པོ་དེ། སྤྱི་ཟླ་བརྒྱད་པའི་ཚེས་ ལྔ་ཉིན་ཚོགས་མི་ཁྲོ་བུ་ལགས་ཀྱི་བཀོད་སྒྲིག་ལྟར་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་འཚོགས། འདུ་འཛོམས་འདི་ནི་རང་སྐྱེད་སྨྱུག་ཚོགས་ཀྱི་ཚོགས་པ་འདི་བཙུགས་སུན་ཐོག་དང་པོར་བསྡུས་པ་ཞིག་ཡིན། རང་སྐྱེད་སྨྱུག་ཚོགས་ཞེས་པའི་ཚོགས་པ་འདི་ནི《མཚན་སྨག་གིས་བདས་པའི་ང་ཚོ》ཞེས་པའི་ཕོ་གསར་རང་སྣང་ཅན་འདི་དང་འགྲོགས་ནས་ལམ་ལ་ཆས་བྱུང་།

ཚོགས་འདུ་འདི་ལྟ་བུ་ཞིག་བསྡུ་དགོས་པའི་དམིགས་ཡུལ་ནི། གཅིག་ནས་ཚོགས་མི་ཕན་ཚུན་བར་སྙིང་ཕུར་རྡེབ་རྒྱུ་དང་། གཉིས་ནས་བོད་ཀྱི་ཤེས་ཡོན་ཅན་དང་ན་གཞོན་ཟུར་ཁ་ཅན་ཚོའི་དབར་གྱི་གོ་འཛོལ་གསེལ་འགྲེལ་ཡོང་རྒྱུ་བཅས་ཀྱི་དགོས་མཁོར་དམིགས་ནས་བསྡུས་པ་ཡིན། ད་ལོ་ནས་བཟུང་ལོ་རེ་བཞིན་ཐེངས་གཅིག་རེ་བསྡུ་རྒྱུ་ཡིན་པས་ཞུགས་འདོད་ཡོད་མཁན་དག་གིས་ཐུགས་འཇགས་འཚལ།

ཐེངས་རྗེས་མའི་མདོ་འཛིན་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་ན་ཞིབ་འཇུག་འདོན་གྱིན་པས་སྐུ་ཞབས་བྱམས་ཕྲུག་ལགས་ཡིན་ལ། འཚོགས་ཡུལ། འབོ་ར་ཨ་མཆོག་ཡིན།

ཐེངས་དང་པོའི་འདུ་འཛོམས་ཀྱི་གདན་ཞུའི་སྐུ་མགྲོན་ནི།

རྨ་ཆུའི་བསམ་གཏན། སྐྱབས་ཆེན་བདེ་གྲོལ། དངུལ་རའི་བཟོད་པ། རྡོ་བསྟན་པ་དར་རྒྱས་བཅས་ཡོད་ལ། དེ་དག་གི་ཁར་ངའི་ཚོགས་པའི་ཁྲོ་བུ་དང་འདྲེན་བྱེད། བྱམས་ཕྲུག སྒྲེན་པོ་བཅས་ཁྱོན་མི་བརྒྱད་ཀྱིས་དུས་ཚོད་གསུམ་ཙམ་གྱི་ཡུན་སྤྱད་ནས་རང་མོས་རང་དབང་གི་རྩ་དོན་ལྟར་བགྲོ་གླེང་བགས་ཐོན་པ་ཞིག་བྱས།

བསྟོད།8

དཔྱད་མཆན་སྤེལ།