ཁྱུང་མཆུ་རྫོང་གསེར་དེའུ་སློབ་ཆུང་གིས་འཛམ་གླིང་དཔེ་ཀློག་དུས་ཆེན་ལ་དུས་དྲན་བྱས་པ།

གསེར་དེའུ་སློབ་ཆུང་ནས་2015ལོའི་འཛམ་གླིང་དཔེ་ཀློག་ཉིན་མོར་དུས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་གཉིས་པ༼དབྱངས་ཀྱི་གཤོག་པ་ལྗང་ཁུ༽ཞེས་བྱ་བ་སྤེལ་ཚུལ།

གསར་འགོད་པ། གཡག་སུག

00000012དེ་རིང་ནི་སྤྱི་ལོ2015ལོའི་ཟླ་4བའི་ཚེས23ཉིན་ཏེ་འཛམ་གླིང་དཔེ་དཔེ་ཀློག་ཉིན་མོ་རེད། 2014ལོར་ ངེད་སློབ་གྲྭས་ཐེངས་དང་པོར་འཛམ་གླིང་དཔེ་ཀློག་ཉིན་མོར་དུས་དྲན་གྱི་ཆོ་ག་ ཆུང་ཆུང་ཙམ་སྤེལ་ཞིང་། ད་ལོར་དེ་ཡི་རྨང་གཞིའི་སྟེང་ནས་སྐབས་གཉིས་པའི་དུས་དྲན་ཆོ་ག་བསྒྲུབ། ཉི་མ་འདིའི་སྔ་དྲོར་ངེད་སློབ་གྲྭས་དཔེ་ཀློག་ཉིན་མོ་དང་དཔེ་ཀློག་གི་གལ་ཆེའི་རིན་ཐང་ངོ་སྤྲོད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ཕྱི་དྲོར་དུས་དྲན་གྱི་ཚུལ་དུ་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་སྡུར༼དབྱངས་ཀྱི་གཤོག་པ་ལྗང་ཁུ༽ཞེས་པའི་ཆོ་ག་ཞིག་ཀྱང་སྤེལ།

IMG_6058

སྤྱིར་ན་འུ་བུ་ཅག་གི་མི་རིགས་ནི་མ་གཞི་ནས་རིག་གནས་དང་དཔེ་ཆ་ལ་འབྲེལ་འདྲེས་ཉུང་ལ། ལྷག་པར་སློབ་གསོའི་སྡེ་ཁག་ན་བྱ་བ་གཉེར་བའི་དགེ་རྒན་ཡིན་ལོ་མང་པོ་ཞིག་གིས་ཀྱང་རང་གི་འཚོ་བ་དང་ཁེ་ཕན་ཁོ་ན་ཙམ་གྱིས་སློབ་ཁྲིད་དང་སློབ་གསོའི་ལས་སུ་ སྙེགས་པ་ལས། ངེས་པ་དོན་གྱིས་སློབ་གསོ་དང་སློབ་ཁྲིད་ལ་སེམས་ཁུར་རྨང་ནས་བྱས་ཏེ། རང་ནུས་ཅི་ལྕོག་གིས་དཔེ་ཀློག་ཀྱང་ཅི་ཐུབ་ཅིག་འེ་འགྲུབ་བལྟ་མཁན་ཤིན་ཏུ་ཉུང་བ་དེས་ནི། རང་ཅག་གི་སློབ་གསོ་དང་ཤེས་རིག་འཕེལ་རྒྱས་ཀྱི་ལམ་ཞིག་གསལ་བོར་མཚོན་ཡོད་པ་མ་ཡིན་ནམ།

IMG_6024མ་གཞི་དུས་དྲན་ནི་དུས་དྲན་ཙམ་སྟེ། ཉིན་གཅིག་རིང་གི་བྱ་འགུལ་ཁོ་ན་ཙམ་ཡིན་ན་ཡང་། ཅི་ལྟར་དུས་དྲན་བྱེད་པ་དང་། ཅིའི་ཕྱིར་དུས་དྲན་བྱེད་དགོས་པའི་དྲི་བ་ནི་སོ་སོའི་ཡུལ་དུ་ངེས་པར་དུ་ཡོད་དགོས་པའི་དོན་དག་ཅིག་རེད་སྙམ། དེ་བཞིན་དཔེ་ཀློག་ཉིན་མོར་དུས་དྲན་བྱེད་པ་ཡང་རང་གི་དཔེ་ཀློག་ལ་འཆར་བཀོད་གསར་བ་ཞིག་དང་གོམ་སྟབས་གསར་བ་ཞིག ཡང་ན་སྟོབས་ཤུགས་གསར་བ་ཞིག་སྨིན་དགོས་པ་ནི་འཛམ་གླིང་དཔེ་ཀློག་ཉིན་མོར་དུས་དྲན་བྱེད་དགོས་ཀྱི་རྒྱུ་མཚན་ཞིག་ཀྱང་རེད་འདོད།

proxy.do

གོང་དུ་བཀོད་པའི་འདྲ་པར་དག་ནི་བྱ་འགུལ་གྱི་ཡུལ་དངོས་ཡིན།

བསྟོད།5

དཔྱད་མཆན་སྤེལ།