བལ་ཡུལ་གནོད་ཐེབས་ས་ཁུལ་དང་བོད་ཀྱི་བླ་སྤྲུལ་དག་གི་བྱ་འགུལ།

2015ལོའི་ཟླ་4བའི་ཚེས14ཉིན་གྱི་དུས་ཚོད་14དང་སྐར་མ་11སྟེང་བལ་ཡུལ་ལ་8.1ཅན་གྱི་ས་འགུལ་བྱུང་བས།ཉིན་འདི་དག་གི་རིང་ལ་འཛམ་གླིང་གི་སྨྱན་བྱེད་ཡོངས་ཀྱིས་བལ་ཡུལ་གནོད་ཐེབས་ས་ཁུལ་ གྱི་གནས་ཚུལ་ཕྲ་རགས་ཐམས་ཅད་ལ་དོ་ཁུར་བྱེད་ཀྱིན་ཡོད་པ་རེད།

རང་བྱུང་གི་གནོད་འཚེ་ཆེན་པོའི་སྔུན་ན་མི་ཐམས་ཅད་སྙིང་རྗེའི་ཡུལ་དུ་གྱུར་བ་དང་འདྲ་མཉམ་ཡིན་པའི་རྩ་དོན་གཞིར་བཟུང་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བྱམས་བརྩེའི་ལས་འགུལ་བ་དག་གིས་མ་བསྐུལ་དང་བླངས་སྒོས་བལ་ཡུལ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་རབ་དང་རིམ་པ་བྱེད་ཀྱིན་ཡོད་པ་རེད།

arrange_8
དེ་ཡང་བོད་ཀྱི་བླ་སྤྲུལ་དག་གི་རོགས་སྐྱོར་ཁག་ལས་རགས་ཙམ་ངོ་སྤྲོད་བྱས་ན། རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྒར་ཆེན་གྱི་གུར་སྤུས་ལེགས་བརྒྱ་དང་། བལ་སྒོར་ཁྲི་ལྔ་བརྒྱ་བཅས་བལ་ཡུལ་གནོད་ཐེབས་མི་དམངས་ལ་གནང་།

642220རང་བྱུང་གི་གནོད་ཚེའི་མདུན་ནས་ཚེ་སྲོག་ཐམས་ཅད་འདྲ་མཉམ་ཡིན།

6wwww40སྤྲུལ་སྐུ་རྒྱ་མཚོ་ལགས་ཀྱིས་རང་ཉིད་ཀྱིས་བཙུགས་པའི་བྱམས་བརྩེའི་ཐེབས་རྩ་ཚོགས་པ་བརྒྱུད་ནས་ནང་བལ་ཡུལ་གནོད་ཐེབས་ས་ཁུལ་ལ་གུར་སྤུས་ལེགས་སྟོང་ཕྲག་གསུམ་དང་ཀྲུང་སྒོར་ཁྲི་ལྔ་བརྒྱ་ལྷག་གིས་རོགས་སྐྱོར་བྱས།

6340

  རང་བྱུང་གི་འཇིགས་པའི་མདུན་ནས་རྒྱལ་ཁབ་དང་མི་རིགས་ལ་དབྱེ་བ་མེད།

20འཇམ་མགོན་ཀོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་འོག་བཀའ་བརྒྱུད་བདེ་ཆེན་གླིང་གི་གྲྭ་ཚང་ཡོངས་ཀྱིས་བལ་ཡུལ་ས་འགུལ་གནོད་ཐེབས་ ཡོངས་ལ་བསྔོ་སྨོན་གནང་ཞིང་། དེ་ནས་༧འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་གཙོས་པའི་གྲྭ་མང་གིས་གནོད་ཐེབས་ཁྲག་ཟད་མི་དམངས་ལ་ཁྲག་གི་སྦྱིན་པ་བཏང་།

04

གསལ་བཤད། གོང་གི་གནས་ཚུལ་འདི་ཚང་མ་འཕྲིན་སྟེགས་དང་སྐད་འཕྲིན་དག་གི་རྒྱབ་ལྗོངས་ལས་བླངས་ཏེ་འདིར་བཀོད་པ་ཡིན།

བསྟོད།7

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. 卓梦སྒྲོན་མེ
    卓梦སྒྲོན་མེསྤེལ་དུས་ནི།  

    ས་ཡོམ་གནོད་འཚེའི་ཁྲོད་བླ་སྤྲུལ་དག་གིས་བྱ་སྤྱོད་ལས་བོད་བརྒྱུད་ནང་བསྟན་གྱི་ངོ་བོ་ཆེས་ཆེར་མངོན

དཔྱད་མཆན་སྤེལ།