ཚོང་དཔོན་གཅིག་དང་བུད་མེད་བཞི།

རྫོགས་ཕྲུག་གིས་བསྒྱུར།

ཚོང་དཔོན་གཅིག་ལ་ཆུང་མ་བཞི་ཡོད། ཁོ་ཆེས་དགའ་ས་ནི་ཆུང་མ་བཞི་བ་ཡིན། ཁོ་མོར་འཆོར་ཉམས་ལྡན་པའི་གྱོན་ཆས་གྱོན་པ་དང་བྲོ་བ་ཞིམ་པའི་ཟས་རིགས་གནང་བཞིན་རྟག་ཏུ་ཆེས་བཟང་བ་དང་ཆེས་ཡག་པ་དག་སྦྱིན་ནས་གཅེས་སྐྱོང་གང་ལེགས་བྱེད་ཀྱི་ཡོད། ཚོང་དཔོན་ཆུང་མ་གསུམ་པ་ལའང་ཧ་ཅང་དགའ་སྟེ། ཁོ་པས་ཁོ་མོ་མཛུབ་མགོའི་མཆོད་པ་བྱས་ནས་དུས་རྒྱུན་གྲོགས་པོའི་སྔུན་དུ་བསྟོད་ར་བྱེད་སྲིད། ཡིན་ནའང་། ནམ་ཞིག་ཁོ་མོ་སྐྱེས་པ་གཞན་དང་འགྲོགས་ནས་ཁོ་རང་བསྐྱུར་འགྲོ་བར་ཚོང་དཔོན་གྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།

ཚོང་དཔོན་ཁོ་པའི་ཆུང་མ་གཉིས་པ་ལའང་དགའ་སྲིད། ཁོ་མོ་ནི་གཞན་གྱི་དོན་དུ་སེམས་ཁུར་བྱེད་མཁས་པོ་དང་བཟོད་བསྲན་ཐུབ་མཁན་ཞིག་ཡིན་པས་ཚོང་དཔོན་གནད་དོན་ཅིག་དང་འཕྲད་ཚེ་ཁོ་མོ་ནི་བློ་འདྲི་ས་ལྟ་བུར་གྱུར་ཡོད། དེ་བཞིན་ཆུང་མ་གཉིས་པས་ཀྱང་ཚོང་དཔོན་ལ་རོགས་པ་གང་ཐོན་གྱིས་དཀའ་གནད་སེལ་རོགས་བྱེད་ཀྱིན་ཡོད།ཚོང་དཔོན་གྱི་ཆུང་མ་དང་པོ་ནི་ལྷག་བསམ་རྣམ་དག་དང་བློ་དཀར་གཞུང་དྲང་ཞིག་ཡིན། ཁོ་མོས་ཁྱིམ་ཚང་བདག་སྐྱོང་གང་ལེགས་དང་ཚོང་དཔོན་ལ་དགའ་དགའ་ཅི་ལྟར་བྱས་ནའང་། ཚོང་དཔོན་གྱི་སེམས་སུ་ཁོ་མོར་གཏད་ནས་སྣང་འཇོག་ཙམ་ཡང་བྱེད་ཀྱི་མེད། ཐ་ན་ཆུང་མ་དང་པོ་ཟེར་བ་ཞིག་ཡོད་པའང་བརྗེད་ཀྱིན་ཡོད་པ་འདྲ།

ཉིན་ཞིག ཚོང་དཔོན་ལ་ནད་ལྗི་མོ་ཞིག་ཕོག་ནས་འཆི་བ་དང་ཐག་མི་རིང་བར་ཡོད་དུས། ཚོང་དཔོན་གྱི་སེམས་སུ་རང་ཉིད་ལ་ཟ་འཐུང་དང་རྒྱན་གོས་ལ་སེམས་ཁུར་མི་དགོས་པའི་རྒྱུ་ནོར་ཡོད་པ་དང་། ད་དུང་སྒེག་ཉམས་མ་ཡལ་བའི་ཆུང་མའང་བཞི་ཡོད་མོད། ང་རང་ཤི་བའི་རྗེས་སུ་ཁེར་རྐྱང་དུ་ལུས་འགྲོ་འམ་སྙམ་ནས། ཆུང་མ་བཞི་པ་ལ། ཁྱོད་ནི་ངའི་ཆུང་མ་བཞི་བོའི་གྲས་ཀྱི་ཆེས་འདང་ཆེན་དེ་ཡིན་པ་མ་ཟད་ཆུང་མ་བཞི་བོའི་ནང་ནས་དམིགས་བསལ་གྱི་ལྟ་སྟངས་གང་ལེགས་བཟུང་མྱོང་། ད་ལྟ་ང་ལ་ནན་གྱིས་མནར་ནས་འཆི་བ་མགོ་ཐོག་ལ་ཐོན་པའི་སྐབས་འདིར། ཁྱོད་ཀྱིས་སྔར་བཞིན་ང་ལ་བདག་སྐྱོང་བྱེད་ཐུབ་བམ་ཅེས་དྲིས་པར། ཆུང་མ་བཞི་པས་སྣ་ཤུད་ཅིག་བྱས་ནས་སྐྱིད་པོ་དྲན་གི་མ་འདུག་ཟེར་ནས་ཚོང་དཔོན་གྱི་མདུན་ནས་བུད་སོང་། སྐད་ཆ་དེས་ཚོང་དཔོན་གྱི་སྙིང་ཁར་གྲི་ཡིས་བསྣུན་པ་ལྟ་བུའི་ན་ཟུག་སྐྱེས། སེམས་སྡུག་ལུས་ནད་དུ་གྱུར་བའི་ཚོང་དཔོན་གྱི་གདོང་ནས་སྐྱོ་བ་དང་བཅས་ཏེ་ཆུང་མ་གསུམ་པ་ལ། མི་ཚེ་འདིར་ང་ཁྱོད་ལ་ཧ་ཅང་བཟང་མྱོང་། ད་ལྟ་ང་འཆི་ལ་ཡོད་ཐོག་འདིར་ཁྱོད་ཀྱིས་སྔར་བཞིན་ང་ལ་འདུག་རོགས་བྱེད་དམ་ཞེས་དྲིས་པར། ཆུང་མ་གསུམ་པ་ན་རེ། འཚོ་བ་འདི་འདྲའི་མཛེས་སྡུག་དང་ལྡན་པ་ཞིག་རེད། ང་ལ་དགའ་མཁན་འཇིག་རྟེན་འདིར་མ་མང་ནའང་མི་ཉུང་། ཁྱོད་ཤི་སོང་ན་ངས་ཡང་བསྐྱར་སྐྱེས་པ་གཞན་དང་གཉེན་སྒྲིག་བྱས་ཆོག་གི་རེད་ཅེས་བཤད། ཚོང་དཔོན་གྱི་བྲང་ཁར་ཆུ་འཁྱག་བླུགས་པ་ཇི་བཞིན་འཇིག་རྟེན་འཁྱག་སྣང་གིས་ཁྱབ་པ་ལྟ་བུར་གྱུར། ཚོང་དཔོན་གྱིས་ཡང་བསྐྱར་ཆུང་མ་གཉིས་པ་ལ་འདྲི་རྒྱུར། ཁྱོད་ཀྱིས་དུས་རྒྱུན་ང་ལ་དཀའ་ཁག་ཅི་ལ་ཐུག་ཀྱང་བློ་ཐབས་གང་རུང་སྤྱད་ནས་རོགས་པ་བྱས་མྱོང་། ད་ལྟ་ཡང་ང་ལ་ཁྱོད་ཀྱི་རོགས་རམ་མཁོ། ང་ཤི་རྗེས། ཁྱོད་ཀྱིས་ང་ལ་འདུག་རོགས་བྱེད་ཐུབ་བམ་ཅེས་དྲིས་པར། ཆུང་མ་གསུམ་པས་བཤད་རྒྱུར།

སྙིང་ཉེ་ལགས། དགོངས་དག་ཞུ། ངས་ཁྱོད་ཤི་རྗེས་དུར་འཇུག་བྱེད་པ་ལས་ཡན་གྱི་རོགས་པ་བཟོ་ཐུབ་ཀྱི་མི་འདུག་ཅེས་ལན་བཏབ་པར། ཚོང་དཔོན་ནི་ཨུ་ཐུག་ཐབས་ཟད་དུ་གྱུར་ནས་སྡུག་བསླལ་གྱི་རྒྱ་མཚོར་ལྷུང་བ་ལྟ་བུའི་ན་ཟུག་གིས་ཁེངས། སྐབས་དེར། ང་ཁྱོད་དང་མཉམ་འགྲོ་མཉམ་འདུག་བྱས་ཆོག དམྱལ་བ། དག་ཞིང་། མདོར་ན་ཁྱོད་གང་ལ་འགྲོ་ན་ངའང་དེར་འགྲོ་ཆོག་ཅེས་པའི་སྐད་ཆ་ཞིག་བཤད་བྱུང། ཚོང་དཔོན་མགྱོགས་མྱུར་ངང་མགོ་བོ་དགྱེ་ནས་བལྟས་པར། ཆུང་མ་དང་པོ་ཡིན་པ་མཐོང་། རུད་ལ་ཕྲ་བའི་ལུས་ཟུང་ནི་བུད་ཤིང་ཞིག་དང་འདྲ་བ་དང་ཤ་ཆད་རུས་ཟད་དུ་སྣང་བའི་ངོ་གདོང་ལས་ཚོང་དཔོན་ལ་བཅོས་མ་མིན་པའི་རྣམ་འགྱུར་ཞིག་བསྟན་པས་ཚོང་དཔོན་སེམས་འགུལ་དང་དགའ་སྐྱོ་གཉིས་འདྲེས་ངང་། ཐོག་དང་པོ་ནས་ང་ཁྱོད་ལ་བཟང་ན་འགྲིག་ཟིག ཡིན་ནའང་་་་་་་་་དོན་དངོས་སུ་འཚོ་བའི་ཁྲོད་ང་ཚོ་མི་ཚང་མར་ཆུང་མ་དེ་བཞི་ཀ་ཡོད། ཆུང་མ་དང་པོ་ནི་ང་ཚོའི་རྣམ་ཤེས་ཡིན། ང་ཚོས་རྒྱུ་ནོར་དང་ལུས་ཀྱི་བདེ་སྐྱིད་གང་རུང་ཞིག་ལ་རོལ་མྱོང་བྱེད་དུས་རྟག་པར་རྣམ་ཤེས་བརྗེད་འགྲོ་ཡི་ཡོད། ཡིན་ཡང་རྣམ་ཤེས་ནི་ང་ཚོ་དང་སྐར་ཆ་གཅིག་ལའང་འབྲལ་གྱི་མེད་ལ་ཤི་ནས་དམྱལ་བར་ལྷུང་ཡང་་་་ཆུང་མ་གཉིས་པ་ནི་ང་ཚོའི་གཉེན་ཉེ་དང་གྲོགས་པོ་ཡིན། འུ་ཅག་མ་ཤི་གསོན་ངོགས་སུ་ཡོད་དུས་ཅི་འདྲའི་འབྲེལ་བ་བཟང་པོ་ཡོད་ནའང་ཤི་རྗེས་སེམས་སྡུག་དང་དུར་འཇུག་བྱེད་རོགས་ཙམ་ལས་ཡོང་གྱི་མེད།ཆུང་མ་གསུམ་པ་ནི་ང་ཚོའི་མིང་གྲགས་དང་དབང་ཆ། རྒྱུ་ནོར་བཅས་ཡིན། དེ་དག་གིས་སྔོན་ཆད་ང་ཚོ་ཅི་འདྲའི་ངོ་སོ་ཅན་དང་མི་སྣ་རླབས་ཆེན་ཞིག་ཏུ་བསྒྱུར་མྱོང་ནའང་། ང་ཚོ་ཤི་རྗེས་དེ་དག་ནི་མི་གཞན་པའི་ལག་ཏུ་ཤོར་འགྲོཆུང་མ་བཞི་བ་ནི་ང་ཚོའི་ལུས་ཕུང་ཡིན། ང་ཚོས་ཇི་ལྟར་སེམས་ཤུགས་ཡོད་དགུས་དུས་ཚོད་མང་པོ་སྤྱད་ནས་དེ་ལ་གཅེས་སྤྲས་དང་སེམས་ཁུར་བྱས་ནས་ཁོ་པའི་འདོད་པ་ལྟར་དུ་སྒྲུབ་ནའང་། དུས་ཚོད་ཅིག་ལ་ཐོན་དུས་ལུས་ཕུང་ནི་ང་ཚོ་དང་རིང་དུ་གྱེས་འགྲོ

 

རྒྱ་ཡིག་གི་དུས་དེབ་ཅིག་ལས་བཤུས་ཏེ་བསྒྱུར།
2015.6.19

qrcode_for_gh_24a680a08df5_430

བསྟོད།8

དཔྱད་མཆན་སྤེལ།