བོད་ཀྱི་ཤེར་རྟོགས་རིག་པ་བ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

1233sdsdsdsdsdsdsdsd3333333 ངེད་གཞོན་གསར་དྲ་བས་བོད་ཀྱི་ཤེར་རྟོགས་རིག་པ་བ་འབྲོང་བུ་
ཚེ་རིང་རྡོ་རྗེ་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ནི། ༡༩༦༤ལོར་མཚོ་སྔོན་གཅན་ཚ་རྫོང་དུ་སྐྱེས་ཤིང་། ༡༩༧༦ ལོར་རྨ་ལྷོ་དགེ་འོས་སློབ་གྲྭར་ཞུགས། ༡༩༨༢ ལོར་སློབ་མཐར་ཕྱིན་ཏེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་སྒྲུབ་པ་དང་མཉམ་དུ་ལྷ་རམས་པའི་དགེ་བཤེས་ཆེན་པོ་དགེ་འདུན་དར་རྒྱས་མཆོག་གི་དྲུང་དུ་གྲུབ་མཐའ་དང་བསྡུས་གྲྭ བློ་རིག རྟགས་རིག ཚད་མ་སོགས་རིག་པའི་གཞུང་ལ་སློབ་གཉེར་གནང་ཡོད། ༡༩༨༦ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་འགྲིམ་པའི་སྐལ་བ་ཐོབ་ཅིང་ནུབ་ཕྱོགས་ཤེར་རྟོགས་རིག་པར་སློབ་གཉེར་བྱས། ད་ལྟ་སྔ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པའི་ཕྱག་ལས་གནང་བཞིན་ཡོད་པ་དང་འདི་ལོར་ཁོང་རང་ལོ་ ༥༡ ཡིན་འདུག

རྩོམ་པ་པོ་དང་བསམ་བློ་བ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་དང་། ཁོའི་བརྩམས་ཆོས་ཤེས་རྟོགས་རིག་པ་ནི་བོད་པའི་གཞོན་སྐྱེས་རིག་པ་སྨྲ་བ་ཚོས་ཧ་ཅང་དགའ་མོས་བྱེད་ཡུལ་ཞིག་ཡིན་པ་མ་ཟད། ཁོང་གི་ཤེས་རྟོགས་རིག་པ་ཞེས་པ་དེ་ནི་བོད་པའི་རིག་གཞུང་ཁྲོད་དམ། ཡང་ན་བོད་སྐད་ཡིག་ནང་ད་སྔ་སྟོང་ཆར་ལུས་ཡོད་པའི་རིག་ཚན་ཞིག་ཡིན་པར་ཤོད་མཁན་ཡོད་ཀྱང་། རྒན་རབས་པ་ཁག་ཅིག་གིས་འབྲོང་བུའི་ཤེས་རྟོགས་རིག་པ་ནི་བོད་པའི་མཚན་ཉིད་རིག་པ་ལས་མ་འདས་ཀྱང་། འབྲོང་བུ་ཚེ་རིང་རྡོ་རྗེ་ཁོ་རང་ནི་བོད་པའི་ནང་དོན་རིག་པ་དང་ནུབ་ཕྱོགས་དེང་རབས་རིག་པ། རྒྱ་ནག་གི་ཉེ་རབས་རིག་གསར་སོགས་ལ་བག་ཆགས་གཏིང་ཟབ་མོ་ཡོད་པའི་ན་གཞོན་རྣམ་དཔྱོད་ཆེ་ལ། བོད་མི་རིགས་ཀྱི་ལ་ཞེན་ཡོད་པའི་རྩོམ་པ་པོ་ཞིག་ཡིན་པའི་ངོས་འཛིན་བྱེད།

8edd8a86jw1etabzu3fd3j20da0hsjti  ༡༩༨༨ ལོ་ནས་མགོ་བརྩམས་ཏེ་བོད་ཀྱི་ཤེར་རྟོགས་རིག་པའི་པའི་སྐོར་གྱི་བརྩམས་ཆོས་མང་པོ་བཏོན་ཡོད་པ་མ་ཟད། <<སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིག>> དང་། <<རྟོགས་གཞིག་གསར་པའི་འདུ་ཤེས་ཀྱི་ཡོ་ལང་།>> ། <<ཤེས་རྟོགས་རིག་པའི་ཚིག་བུམ།>> ། <<མིའི་རིགས་ཤེས་རབ་ཀྱི་རྣམ་བཞག>> སོགས་བོད་ཀྱི་ཤེས་རྟོགས་རིག་པ་དང་ནུབ་ཕྱོགས་མཚན་ཉིད་རིག་པ་བཅས་ཀྱི་སྐོར་ལ་དེབ་ཀྱང་མང་པོ་ཞིག་བརྩམས་ཡོད།

(གསལ་བཤད། ཁོང་གི་ལོ་རྒྱུས་མདོར་བསྡུས་འདི་ནི་དྲ་གྲོགས་ཚོས་འོས་སྦྱོར་བྱས་པ་ཡིན་ལ། ཆད་ལྷག་ཡོད་ཚེ་རིམ་བཞིན་སྣོན་འཕྲི་བྱེད་ངེས་ཡིན།)

བསྟོད།11

དཔྱད་མཆན་སྤེལ།