པདྨ་ཚེ་བརྟན་གྱི་གློག་བརྙན༼ཐར་ལོ༽ཝེ་ནཱ་སི་ནས་ཐོག་མའི་གཟིགས་འབུལ་ཞུས།

112
ཉེ་ཆར། སྐབས་དོན་གཉིས་པའི་ཝེ་ནཱ་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱིས་གདན་ཞུ་བྱས་པ་ལྟར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་འཁོར་དང་བཅས་པ་ཟླ་དགུ་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར་པེ་ཅིང་ནས་ལམ་ལ་ཆས་ཤིང་། ཉིན་དེར་དགོང་མོའི་དུས་ཚོད་བཅུ་ཡས་མས་སྟེང་བདེ་བླག་ངང་དབྱི་ཐ་ལིའི་ཝེ་ནཱ་སིར་འབྱོར་ཡོད་པ་རེད།
ཟླ་དགུ་པའི་ཚེས་བཞི་ཉིན་གྱི་ས་དེའི་སྔ་དྲོའི་དུས་ཚོད་བཅུ་གཉིས་སྟེང་།

222222222
ཝེ་ནཱ་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཞུང་ཕྱོགས་ཀྱིས་གཙོ་སྒྲུབ་གནང་བའི་གློག་བརྙན་༼ཐར་ལོ༽ཡི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གཟབ་རྒྱས་ངང་བསྡུས་ཤིང་། ཕྱོགས་སོ་སོ་ནས་ཡོང་བའི་གསར་འགོད་པ་དག་གིས་གཅིག་རྗེས་གཉིས་མཐུད་ངང་གློག་བརྙན༼ཐར་ལོ༽དང་འབྲེལ་བའི་དྲི་བ་མང་པོ་བཏོན་པ་མ་ཟད། ཚོགས་འདུའི་སྟེང་ཐེངས་འདིའི་གློག་བརྙན་གྱི་སྐྱེས་མ་གཙོ་འཁྲབ་པ་གཡང་ཕྱུག་འཚོས་ཕ་སྐད་ཀྱི་གདངས་དབྱངས་ལ་བཀུག་པའི་གཞས་ཆུང་སྙན་མོ་ཞིག་ཡུལ་དངོས་གསར་འགོད་པ་དག་གི་རེ་བ་ལྟར་ཕུལ་བ་ལ་ཚང་མས་དགའ་བསུ་ཐོབ།

56

ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་འཁྲབ་ཁྲིད་གནང་ཞིང་། སྐབས་དོན་གཉིས་པའི་ཝེ་ནཱ་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི༼གནམ་ས་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་འགྲན་བསྡུར་ནང་ཚུད་པའི་བོད་སྐད་ཀྱི་ཚོན་མེད་གློག་བརྙན་བརྩམས་ཆོས་གསར་བ༼ཐར་ལོ༽ཞེས་པ། ཝེ་ནཱ་སིའི་ལི་ཏོའུ་གླིང་ཕྲན་གྱི་མི་གྲངས་ཆིག་སྟོང་བཞི་བརྒྱ་ལྷག་ཤོང་བའི་ཝེ་ནཱ་སིའི་གློག་བརྙན་ཕོ་བྲང་ནང་ནས་འཛམ་གླིང་ཡོངས་ཀྱི་ལྟ་མཁན་མང་པོའི་སྤྱན་ལམ་དུ་ཐོག་མའི་གཟིགས་འབུལ་གནང་བ་དང་། གློག་བརྙན་གཟིགས་འབུལ་བྱས་ཚར་རྗེས་དེར་འདུས་ཀྱི་ལྟ་མཁན་མང་པོས་གློག་བརྙན་༼ཐར་ལོ་༽ལ་དགའ་བསུ་ཆེན་པོ་ཐོབ་ཅིང་། གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་པ་རེད།

གསར་འགོད་པ། བཀྲ་ཤིས་རྒྱ་མཚོ།

qrcode_for_gh_24a680a08df5_430

བསྟོད།3

抱歉,评论已关闭!