ཁམས་གཟའ་སྐབས་བཅུ་དྲུག་པ“འཐོབ་ཤོར་དང་གྲ་སྒྲིག”གི་གནས་ཚུལ།

ངེད་དྲ་བ།

ཚོགས་བྱང་། ཁམས་ཀྱི་གཟའ་ཉི་མ།
ཚོགས་པའི་གླེང་གཞི། མཐོ་གསུམ་སློབ་མས་རང་ཉིད་ཀྱི་ལོ་ངོ་གསུམ་གྱི་སློབ་གཉེར་ལ་མྱོང་ཚོར་བརྗོད།
ཚོགས་ཐེངས། སྐབས་བཅུ་དྲུག་པ།
ཚོགས་དུས། གཟའ་ཉི་མ།(༢༠༡༢ལོའི་སྤྱི་ཟླ༣པའི་ཚེས༢༥ཉིན)
ཚོགས་ཡུན། དུས་ཚོད༡༧:༠༠~༡༩:༠༠
ཚོགས་ར། ཁམས་ཀྱི་མཛུ་གུ་སྤུན་ལྔ་འཛིན་གྲྭ།

༼བགྲོ་གླེང་འདིའི་དམིགས་ཡུལ་དང་ཁ་ཕྱོགས༽
རང་འཛིན་གྲྭ་ནི་མཐོ་འབྲིང་གཉིས་པའི་སློབ་མ་ཡིན་ལ། མི་འགྱངས་པར་མཐོ་གསུམ་གྱི་སློབ་གྲོགས་ཚོ་དང་ནང་བཞིན“མཐོ་རྒྱུགས”ཞེས་པའི། གནད་ཆེ་བའི་མདུན་ལམ་ཞིག་གི་དཀྱོགས་མཚམས་ཆེན་པོ་ཞིག་ལ་འཕྲད་ལ་ཉེ་བའི་སྐབས་འདིར། རང་འཛིན་གྲྭས་གཙོ་སྒྲུབ་བྱས་པའི“འཐོབ་ཤོར་དང་གྲ་སྒྲིག”ཅེས་པའི་བགྲོ་གླེང་འདི་ནི། ཆེད་དུ་རང་འཛིན་གྲྭའི་སློབ་གྲོགས་རྣམས་ལ་དམིགས་ཏེ། མཐོ་གསུམ་གྱི་སློབ་གྲོགས་ཚོས་རང་གི་མཐོ་འབྲིང་གི་ལོ་ངོ་གསུམ་ལ་བརྒྱུད་པའི་སློབ་སྦྱོང་ཐད་ཀྱི། མྱོང་ཚོར་རེ་དང་དགེ་རྒན་རྣམས་ཀྱིས་བསླབ་བྱ་རེ་གནང་བ་རེད།
༼ཞུགས་མི༽
ཀ མཐོ་གསུམ་གྱི་སློབ་མ་བཅུ་གསུམ།
ཁ། རྫོང་སློབ་འབྲིང་དགེ་རྒན་གཉིས་དང་ཁམས་བྱང་མཐོ་འབྲིང་དགེ་རྒན་གཉིས།
ག རང་འཛིན་གྲྭའི་སློབ་གྲོགས༥༦
ང་། མདོ་འཛིན་པ། སློབ་གྲོགས་འཆི་མེད་མགོན་པོ།

གོ་རིམ་དང་པོ། མཐོ་གསུམ་སློབ་མས་གཏམ་བཤད་གནང།
གཅིག སློབ་མ་ཆོས་ཉིད། ཐོག་མར་འདིར་འདུས་ཀྱི་དགེ་རྒན་དང་སློབ་གྲོགས་ཡོངས་ཀྱིས། ད་ཐེངས་ཀྱི་འཐོབ་ཤོར་དང་གྲ་སྒྲིག་ཟེར་ན་ཆོག་གི ཡང་ན་ངེད་ཚོ་མཐར་ཕྱིན་སློབ་མ་ཚོར། རང་སེམས་ཀྱི་ཕྱིར་འགྱོད་དང་བྲེལ་འཚུབ་སྐྱེ་བཞིན་པའི།སེམས་ཀྱི་མྱོང་བའི་འགའ་བཤད་པའི་གོ་སྐབས་འདི་འདྲ་ཞིག་སྦྱིན་པར་བཀའ་དྲིན་ཆེ་ཟེར་རྒྱུ་ཡིན། ང་རང་ནི་ཕ་ཡུལ་གསེར་རྟ་ནས་ཡིན་ཞིང་། ད་སྐབས་ཁམས་བྱང་མཐོ་འབྲིང་གི་གསུམ་གཉིས་འཛིན་གྲྭའི་སློབ་མ་ཆོས་ཉིད་ཅེས་པ་དེ་ཡིན། སྤྱིར་ཡིན་ན། ད་ཐེངས་ང་ཚོ་འདིར་འོངས་དོན་ག་རེ་རེད་ཅེ་ན། དེའང་ཅི་ཞིག་ཤེས་མདོག་དང་། གང་ཞིག་ཡོད་མདོག་གིས་འོང་བ་མིན་པར། ང་རང་ཚོར་རང་གི་དངོས་མྱོང་གི་སྐད་ཆ་འགའ་བཤད་རྒྱུ་ཡོད་པས་ཡིན། ང་ཚོ་ལ་རིག་གནས་དང་བསམ་བློ་སོགས་ཕྱོགས་གང་ཅིའི་ཐད་ནས་ཚད་དམའ་བས། གཏམ་བཤད་ཀྱི་གོ་རིམ་འདིའི་ཁྲོད་ནས་སྐད་ཆ་མ་འཁྱོངས་ས་དང་། བསམ་བློའི་མ་འདང་ས་རེ་ཡོད་ན། འདིར་བཞུགས་ཀྱི་དགེ་སློབ་རྣམ་པ་ཚོ་ལ་དགོངས་འགལ་མེད་པར་ཞུ།
ད་དེ་རིང་ངས་འདི་ནས་ཅི་ཞིག་འཆད་རྒྱུ་ཡིན་ཞེ་ན། ངས་ཕྱོགས་གཉིས་ནས་བཤད་རྒྱུ་ཡིན། གཅིག་ནས་རང་ཉིད་ལ་འགྱོད་པ་མེད་པའི་སློབ་སྦྱོང་ཞིག་བྱེད་རྒྱུ་དང་། གཉིས་ནས་བརྩོན་པ་ཞིག་དགོས་གི་རེད་ཅེས་བཤད་ཁུལ་བྱ་རྒྱུ་ཡིན། དེས་ན། ཅིའི་ཕྱིར་འགྱོད་པ་མེད་པའི་སློབ་སྦྱོང་ཞིག་བྱེད་དགོས་སོང་ནི་རེད་ཅེ་ན། དེ་ནི་མ་མཐའ་ཡང་རང་ཉིད་ཀྱི་ཕ་མ་གཉེན་ཉེ་ཡིན་ན་ཆོག་གི ཡང་ན་ཕ་ཡུལ་གྱི་དགེ་རྒན་དང་གྲོགས་པོ་སོགས་ཀྱི་སེམས་ལ་སྡང་སེམས་ཤིག་མི་སྐྱེ་བའི་ཆེད་ཡིན། བྱེ་བྲག་གི་སྒོ་ནས་བཤད་ན། ངས་རྒྱུན་པར་འདི་འདྲ་ཞིག་འདོད་ཀྱིན་ཡོད་དེ། རིག་པ་རྣོ་དང་མི་རྣོ། ཆ་རྐྱེན་ཡོད་མེད་སོགས་ལ་མ་བལྟོས་པར། ནམ་རྒྱུན་རང་གིས་འབད་བརྩོན་ཅི་ཐུབ་ཅིག་དང་། བརྩོན་པ་གང་ཐུབ་རེ་བྱས་བཏང་ན། ཉེ་རིང་ཀུན་གྱི་སེམས་ལ་ཕན་ཞིག་ཐོགས་སོང་ནི་རེད་འདོད་ཀྱིན་ཡོད། ལྷག་པར་ཏུ་རང་ཉིད་ཀྱི་སེམས་ལ་འགྱོད་པ་མི་སྟེར་རྒྱུ་ནི་དགོས་གལ་ཆེ་བར་འདོད།
གཉིས་པ་ནི་བརྩོན་པ་ཞིག་བྱེད་དགོས་ཀྱི་རེད། བརྩོན་པ་མེད་ན་ཅི་ཡང་འགྲུབ་ཀི་མ་རེད། དེ་ནི་ངས་ནི་གོང་དུ་བཤད་པའི་རང་ཉིད་ལ་འགྱོད་པ་སྐྱེ་རུ་མི་རུང་པའི་རྒྱུ་ཡང་མཐར་གཏུགས་ན་འདི་ལ་ཐུག་ཡོད། རྒྱུ་མེད་ན་འབྲས་བུ་འབྱུང་གི་མ་རེད། དེ་བས། བརྩོན་པ་བྱེད་རྒྱུ་དེ་རང་ཉིད་ལ་གོམས་སུ་བཅུག་ན་བརཟང་གི་རེད་སྙམ། འདི་ལྟར་ན།ད་འདིར་འདུས་ཀྱི་སློབ་གྲོགས་རྣམ་པས་ཀྱང་།སང་ལོའི་མཐོ་རྒྱུགས་ཀྱི་སྐབས་དེར། རང་ཉིད་ལ་འགྱོད་པ་མེད་རྒྱུ་དང་། མི་རང་ཉིད་ཀྱི་ཕུགས་བསམ་གཏད་སོ་དང་། དམ་བཅའ་གང་ཡོད་པ་དེ་ཉིད་ལ། བློ་མི་ལོག་པ་ཞིག་བྱེད་རྒྱུ་ནི་ངའི་གཏམ་བཤད་ཀྱི་མཇུག་མཐའི་རེ་བ་ཡིན། བཀྲིས་བདེ་ལེགས།
གཉིས། སློབ་མ་དཔལ་དར་སྐྱིད། མཐོ་གསུམ་འཛིན་གྲྭ་གཉིས་པའི་སློབ་མ་ང་ནི། བྲག་འགོའི་རྩྭ་ཐང་ནས་ནར་སོན་པའི་འབྲོག་ཕྲུག་དཀྱུས་མ་ཞིག་ཏེ། མིང་ལ་དཔལ་དར་སྐྱིད་ཟེར། སྤྱི་རང་ཉིད་ལ་མཚོན་ན། ཡོན་ཏན་ནང་ནོམ་གྱི་ཆ་ནས་དབུལ་བོ་དབུལ་རྐྱང་ཞིག་ཡིན་པས། སྔར་མ་གྲགས་པའི་བརྗོད་དོན་ཟབ་མོ་དང་། རྣ་བའི་བཅུད་དུ་འགྱུར་བའི་ཚིག་གི་སྡེབ་སྦྱོར་སྙན་མོ་སོགས་ཅི་ཡང་མེད་ཀྱང་། ཕྲན་གྱིས་མཐོ་འབྲིང་གི་ལོ་ངོ་གསུམ་གྱི་འཚོ་བ་ཡོངས་སུ་ནས་བརྒྱུད་ཚར་ཟིན་ལ་ཉེ་བས། དེའི་སྐོར་ལ་ཉམས་མྱོང་མི་ཉུང་བ་ཞིག་འཐོབ་བྱུང་། དེས་ན། ངས་བཅོས་མིན་སེམས་ཀྱིས་ཁྱེད་ཅག་མཐོ་གཉིས་སློབ་གྲོགས་ཚོའི་མཐོ་རྒྱུགས་ཀྱི་སྟ་གོན་ཇེ་ལེགས་དང་། སློབ་སྦྱོང་གི་ཁ་ཕྱོགས་ཇེ་གསལ་དུ་ཡོང་བར་ཕན་པ་ཅུང་ཟད་རེ་ཨེ་ཡོད་སྙམ་ནས། འདིར་རྣམ་པ་གསུམ་གྱི་ལམ་ནས་ཚང་མའི་སྙན་ལམ་དུ་ཕུལ་འདོད་པ་ཡིན།
༡ཕུགས་བསམ་གཏན་འཁེལ་བྱེད་དགོས་པ་སྟེ། ཕུགས་བསམ་བརྟན་པོ་ཞིག་མེད་ཚེ།དེའི་འགྱུར་བ་དང་བསྟུན་ནས་རང་གི་སློབ་སྦྱོང་གི་རྣམ་པ་ལ་ཡང་འགྱུར་བ་མང་པོ་ཤོར་ངེས་ཏེ། མཐར་རང་ཉིད་ལ་ཕྱོགས་གང་ཐད་ནས་སྦྱངས་འབྲས་ལེགས་པོ་ཞིག་འཐོབ་མི་ཐུབ་པ་དེ། རང་གི་ཉམས་མྱོང་དངོས་ཀྱིས་གསལ་བཤད་བྱས་ཏེ། དང་ཐོག་ཕུགས་བསམ་བརྟན་པོ་ཞིག་དགོས་སྨྲས།
༢ཅི་ནུས་ཀྱིས་སྦྱང་ཚན་སོ་སོར་དབྱེར་མེད་དུ་བརྩོན་དགོས་པ་སྟེ། རང་གི་དགའ་ཕྱོགས་ཁོ་ན་ཙམ་དུ་མི་བསྟུན་པར། སློབ་གྲྭའི་བཀོད་སྒྲིག་ལྟར།སྦྱང་ཚན་སོ་སོར་དབྱེར་མེད་དུ་ཅི་ནུས་གང་ལྕོགས་ཀྱིས་བརྩོན་དགོས་པ། རང་གིས་དེ་ལྟར་མ་བྱས་པའི་ངན་འབྲས་ཀྱིས་སྒྲུབ་བྱེད་བྱས་ཏེ།རང་གི་ཕུགས་བསམ་བརྟན་པོ་དེ་མངོན་འགྱུར་ཡོང་བར་སྦྱང་ཚན་སོ་སོར་དབྱེར་མེད་དུ་བརྩོན་དགོས་པ་བསྟན།
༣ཐབས་ཤེས་ཟུང་འབྲེལ་གྱིས་སློབ་ལ་བརྩོན་དགོས་པ་སྟེ། རང་གི་ཕུགས་བསམ་བརྟན་པོ་དེ་མངོན་འགྱུར་ཡོང་བར་ཕྱོགས་གང་ཐད་ནས་བརྩོན་དགོས་པ་དང་། དེར་བརྩོན་སྐབས་སམ་སློབ་སྦྱོང་བྱེད་སྐབས་ཐབས་གང་ཞིག་སྤྱད་ན་རང་ལ་འཚམ་མིན་བརྟག་སྟེ། སློབ་སྦྱོང་དེ་ཐབས་དང་མ་བྲལ་བའི་སྒོ་ནས་མ་བྱས་ཚེ། སྡུག་རེས་ཁོ་ནས་སྦྱང་འབྲས་ལེགས་པོ་མི་འཐོབ་པ་ཉམས་མྱོང་མང་པོས་བསྒྲུབས་ཏེ། སློབ་གྲོགས་རྣམ་ པས་ཉམས་མྱོང་ལ་རྒན་ཞིང་ཤེས་བྱ་ལ་མཁྱེན་རྒྱ་ཡངས་པའི་རྒན་དམ་པ་ཚོར་བློ་འདྲི་གང་མང་ཞིག་བྱས་ཏེ། ཐབས་ཤེས་ཟུང་འབྲེལ་གྱིས་སློབ་ལ་བརྩོན་པ་དེ་གལ་ཆེ་བས་བསྟན། མཐར་དགེ་སློབ་ཡོངས་ཀྱི་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན།
གསུམ། སློབ་མ་ཚུལ་ཁྲིམས་ཚེ་རིང་། སློབ་གྲོགས་རྣམ་པ། མཐོ་གསུམ་སློབ་མ་ཞིག་ཏུ་གྱུར་རྗེས། སྤྱིར་བཏང་དུ་སློབ་མའི་རྣམ་པ་ཁག་གསུམ་དུ་གྲུབ་སྲིད། གཅིག མཐོ་གཅིག་ནས་བརྩོན་པའི་རྒྱུན་བཏང་མ་མྱོང་ལ་སྦྱངས་འབྲས་ཡང་ཚད་ངེས་ཅན་ཞིག་ཏུ་ཐོན་ཡོད་པའི་སེམས་ཅུང་ལྷོད་པའི་ངང་ཕྱོགས་སྟོན་བྱེད་ཞོར་དུ་སྦྱོང་བའི་ཁག གཉིས། མ་རྩ་སྦྱངས་འབྲས་མི་ཞན་རུང་རྩེད་མོའི་ཕྱོགས་སུ་མགོ་འཁོར་ནས་འཐོབ་བྱ་མང་པོ་ཞིག་ཤོར་སོང་བས་བྲེལ་བའི་ངང་སྦྱོང་བཞིན་ཡོང་པའི་ཁག གསུམ། སྦྱངས་འབྲས་ཞན་ལ་ཡིད་ཆེ་མེད་པ། སྦྱང་འདོད་ཀྱང་མེད་པས་ཅི་མི་སྙམ་པར་ཉིམ་འདའ་བའི་ཁག་བཅས་རིགས་གསུམ་དུ་འདུས།
རེད་དེ། ང་རང་ནི་གཉིས་པའི་རིགས་སུ་གཏོགས་པས་མྱོང་ཚོར་རགས་ཙམ་འདི་ལྟ་སྟེ། དང་ཐོག་མཐོ་གསུམ་དུ་ཐོན་རྗེས་མདུན་ཅོག་ཐོག་གི་རི་ལྟར་སྤུངས་པའི་སྦྱོང་ཚན་རྣམས་མཐོང་སྐབས།སེམས་སུ་སུན་སྣང་དང་། འཇིགས་སྣང་།འཚབ་སྣང་བཅས་སྐྱེས། དེ་ལ་ཐག་གཅོད་པའི་ཐབས་ཤེས་ཡོད་པ་ཡིན་ལ། ངེས་པར་དུ་ཐག་ཀྱང་གཅད་དགོས། དེའི་ཕྱིར། སྐབས་དེར་ཁྱོད་ལ་མེད་མི་རུང་བ་གསུམ་ཡོད་དགོས་ཏེ། ཡིད་ཆེས། བརྟན་བརླིང་གི་འདུ་ཤེས། དུས་ཚོད་རིན་ཐང་གི་འདུ་ཤེས། ཡིད་ཆེས་མེད་ན་བྱ་བ་འགྲུབ་དཀའ་ལ། ཡིད་ཆེས་ཀྱི་ཁྲོད་དུ་མོས་པ་ཞིག་ཀྱང་འདུ་ཡོད་པས་ཧ་ཅང་གལ་ཆེ། དེ་ནས་དུས་ཚོད་བཀོད་སྒྲིག་ལེགས་པོ་ཞིག་མ་བྱས་ཚེ། མ་རྩ་ནས་དུས་ཚོད་ཉུང་བས་དེ་ཡང་ཤིན་ཏུ་གལ་ཆེ། ད་དུང་སྐབས་དེར་ཁྱོད་ལ་སེམས་ཁམས་བརྟན་པོ་ཞིག་མེད་ན། སྦྱང་དེབ་ཏུ་སེམས་འགྲོ་མི་ནུས་པའམ་ནང་དོན་མི་ལོན་པས་ནེ་ཙོའི་མ་ཎིར་འགྲོ་ཉེན་ཆེ། དེའི་ཕྱིར་སློབ་གྲོགས་རྣམ་པས་ཡིད་ཆེས་རྨང་གཞི་བྱས་ནས། སྤྲོ་བ་དང་སེམས་བརྟན་པོའི་ངང་དུས་ཚོད་ཀྱི་བཀོད་སྒྲིག་ལྟར་སྦྱོང་རྒྱུ་ནི་རྒྱལ་ཁ་ལོན་བྱེད་ཀྱི་ལམ་ཞིག་གོ
བཞི། སློབ་མ་བསོད་ནམས་ཆོས་དར། སློབ་གྲོགས་རྣམ་པ། དགེ་རྒན་རྣམ་པ། སྐུ་ཁམས་བཟང་། ང་ནི་ཕ་ཡུལ་གསེར་རྟའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན།མིང་ལ་བསོད་ནམས་ཆོས་དར་ཟེར། ད་སྐབས་མཐོ་གསུམ་གཉིས་པའི་སློབ་མ་ཡིན། དེ་རིང་སྐབས་འདི་ལ་ཐོན་དུས། ངེད་ཅག་སློབ་མ་རྣམས་སྟེ། མཐོ་གསུམ་སློབ་མ་ཚོ་ལ། བྱང་ལམ་རྪོང་ཁག་བརྒྱད་ཀྱི་སློབ་མ་ཡོད། དེ་བས། ང་ཚོས་རང་གི་འཚོ་བ་ལ་ཕྱིར་དྲན་དང་སྦྲགས་ནས་སློབ་གྲོགས་རྣམས་ལ་ཉམས་མྱོང་ཙམ་བཤད་རྒྱུ་ཡིན། ངའི་བཤད་བྱ་གཙོ་བོ་ཁག་གསུམ་ལ་བགོས་ཡོད།
༡ཀླད་པ་རྒྱུན་ལྡན། ཀླད་པ་རྒྱུན་ལྡན་གྱིས་སློབ་སྦྱོང་ལ་ཞུགས་པ་ནི་ཆེས་ཐོག་མའི་ཆ་རྐྱེན་རེད། ཀླད་པ་རྒྱུན་ལྡན་གྱི་སྒོ་ནས་སློབ་སྦྱོང་བྱས་ན་གཞི་ནས་ཆེས་ཐོག་མའི་ཆ་རྐྱེན་ཚང་བ་རེད། དཔེར་ན། རྒྱུ་འབྲས་འཚོལ་ཤེས་པ། ཤེས་བྱ་ཕན་ཚུན་སྦྲེལ་ཤེས་པ། ཡང་དག་གི་སེམས་འདུན་དང་དྲང་གཞག་གི་མི་གཞི་དགོས་པའོ།།
༢འཆར་གཞི། ཀླད་པ་རྒྱུན་ལྡན་ཡིན་པའི་ཆ་རྐྱེན་འོག་རང་ལ་འོས་འཚམ་དང་བསྒྲུབས་ཐུབ་པ། བྱ་བ་ཡང་འགྲུབ་ཐུབ་པའི་འཆར་གཞི་དགོས། འདི་ལ་གཙོ་བོར་དུས་ཚོད་བཀོད་སྒྲིག་བྱེད་སྟངས་བཤད་པ་ཡིན་ལ། སློབ་མ་སོ་སོས་རང་གི་རྨང་གཞི་དོན་དངོས་གཞིར་བཟུང་ནས། དེ་ལ་དེ་འཚམས་ཀྱི་བཀོད་སྒྲིག་དགོས་ལ། སྐབས་སྐབས་སུ་སེམས་ཁམས་ལྟར་སྦྱོང་ནའང་ཆོག
༣བརྩོན་པ། དོན་དངོས་སུ་བྱ་བ་གང་ཞིག་བསྒྲུབ་རུང་བརྩོན་པ་ནི་ཁ་འབྲལ་ཐབས་མེད་པའི་ཆ་རྐྱེན་གལ་ཆེན་ཞིག་རེད་ལ། བརྩོན་པ་མེད་པའི་འབྲས་བུ་བཟང་བོ་ཞིག་ཡོད་དུ་མི་སྲིད་པ་དོན་དངོས་ཡིན། དེ་བས། གོང་དུ་བརྗོད་པ་གསུམ་པོ་ཟུང་འབྲེལ་བྱས་ན། རྒྱལ་ཁ་ལོན་པར་ཡིད་ཆེས་བྱས་ན་ཕལ་ཆེར་འགྲིག་སྟེ། སློབ་གྲོགས་རྣམ་པའི་སེམས་ཤུགས་མི་ཉམས་པར་འབད་པ་བྱེད་པར་རེ་བ་ཞུ་བ་ཡིན།
གཞན་ཁ་གསབ་གྱི་ཚུལ་དུ། ད་སྐབས་སློབ་གྲོགས་མང་པོས་ཤེས་བྱ་ཤེས་ཐབས་མེད་པ་ནི། བོད་རང་གི་བསམ་བློའི་འདུ་ཤེས་དང་། རྒྱུན་ཤེས་མང་པོ་མེད་པས་རེད་ལ། གཞུག་ཕྱོགས་ཁྱིམ་མི་དག་དང་། ཁྱད་པར་དུ། ནུ་བོ་ནུ་མོ་དག་ལ་སློབ་གསོ་བཏང་ནས། རང་ཉིད་འགྲོ་ནོར་ཤོར་བའི་ལམ་དེར་སླར་ཡང་ཁོ་ཚོ་འགྲོ་རུ་མི་འཇུག་རྒྱུ་ནི་གལ་ཆེ། མཇུག་མཐར་སློབ་གྲོགས་ཡོངས་ལ།ང་ཚོའི་མི་ཚེ་ནང་ཅུང་ཚབས་ཆེ་བའི་གཡུལ་འགྱེད་དེ་ལས་རྒྱལ་དེ། བོད་མི་དག་མ་ཞིག་བྱེད་ཐུབ་པ་དང་།དགེ་རྒན་རྣམ་པའི་བྱ་བ་ལམ་འགྲོ་ཡོང་བར་བཀྲིས་བདེ་ལེགས་ཞུ། བཀའ་དྲིན་ཆེ། བོད་རྒྱལ་ལོ།
ལྔ། སློབ་མ་བདེ་སྐྱིད་ལྷ་མོ། ང་ནི་མཐོ་གསུམ་ལྔ་བའི་རྩིས་ཚན་འཛིན་གྲྭའི་སློབ་མ་ཞིག་ཡིན། ཕ་ཡུལ་ནི་དཔལ་ཡུལ་རྫོང་ཡིན། མིང་ལ་བདེ་སྐྱིད་ལྷ་མོ་ཟེར། ངས་འདིར་བཞུགས་ཀྱི་དགེ་སློབ་རྣམས་ལ་སྐད་ཆ་ཆ་ཚང་ཞིག་བཤད་མི་ཤེས། གཅིག་ནི་ཤེས་རིག་གི་ཆུ་ཚད་ཞན་པ་དང་། གཉིས་ནི་སྐད་ཆ་བཤད་པའི་སྤོབས་པ་མེད་པས། ཚང་མ་ལ་དགོངས་དག་ཞུ། དེ་ཡིན་ན། ལོ་འདི་གསུམ་གྱི་ནང་དུ་རང་ཉིད་ཀྱི་སློབ་སྦྱོང་བྱེད་པའི་ཐབས་ཤེས་དང་མྱོང་ཚོར། རྩིས་ཚན་འཛིན་གྲྭ་འདེམས་ལུགས། བདམས་པའི་དམིགས་ཡུལ་བཅས་མདོར་བསྡུས་འཆད་རྒྱུ་ཡིན།
ལོ་འདིའི་ནང་ནངས་སྔ་ལངས། དགོང་འཕྱི་ཉལ་སོགས་བྱས་ནས་སློབ་ལ་འབད་ཁུལ་བྱས། ཡིན་ཡང་། འབྲས་བུ་ལེགས་པོ་ཞིག་འཐོབ་མ་སོང་། སློབ་སྦྱོང་བྱེད་པ་ཡིན་གཅིག་མིན་གཉིས་དཔེ་ཆ་ལག་ཏུ་བཟུང་ནས་བལྟས་པ་ཙམ་གྱིས་ཤེས་པ་ཞིག་མ་རེད། དཔེར་ན། སྡོང་བུ་ཞིག་འཛུགས་ན། དེ་ལ་ས་ཆུ་དྲོད་སོགས་ཚང་མ་མ་ལྡན་ན། ཤིང་སྡོང་སྐམ་འགྲོ་བ་ལས་བརྒྱངས་མི་ཐུབ། དེའི་ཕྱིར། དེ་ནང་བཞིན་སློབ་སྦྱོང་ལ་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས།
དེ་ནས་མཐོ་གསུམ་སློབ་སྐབས་སྔོན་མའི་ཟླ་གཅིག་གཉིས་རྗེས་ནས་རིག་ཚན་རྩིས་ཚན་ཟེར་ནས་འཛིན་གྲྭ་སོ་སོར་བགོས། དང་པོ་བཤད་རྒྱུ་ལ། སྐྱེ་དངོས་རྫས་གསུམ་འཁྲིད་རྒྱུ་ཡོད་པ་མ་ཟད། བོད་ཡིག་གི་སྒོ་ནས་འཁྲིད་ངེས་ཟེར། གཉིས་ན་མཐོ་རྒྱུགས་ཀྱི་སྐར་ཚད་དམའ། ༢༠༡༡ལོར་སྐར་གྲངས༡༣༠ནས༢༤༠ཙམ་ལོན་ན་དངོས་གཞིའི་ནང་དུ་འཕྲོད་པ་དང་། སྐར་གྲངས༡༢༠ཙམ་ལོན་ན་ཆེད་སྦྱོང་དུ་འཕྲོད་པ་རེད། རེད་དེ། གནའ་མིའི་གཏམ་དཔེ་ལ། གར་ཉན་སའི་སྐྱིད་མེད།། གར་སོང་སའི་སྡུག་མེད་ཟེར་བ་ལྟར་རེད། མཐར་དགེ་རྒན་རྣམས་ཀྱི་བྱ་བ་ལམ་འགྲོ་དང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ།
དྲུག སློབ་མ་དར་རྒྱས། སློབ་གྲོགས་ཚོ། བདག་ལ་སྐད་ཆ་མང་པོ་བཤད་རྒྱུ་མེད། ཁྱེད་ཚོས་རྩིས་ཚན་དང་རིག་ཚན་གང་ཞིག་འདམ་མིན་ནི། ཁྱེད་ཚོའི་སློབ་སྦྱོང་གི་རྨང་གཞི་ལ་རག་ལས་ཡོད། དེ་བས་ཀྱང་། གལ་འཛིན་ཆེ་བ་ནི། རང་བོད་ཀྱི་སྐད་དང་ཡི་གེ་སེམས་ནས་འབོར་གི་མ་འཇུག ང་ནི་རྩིས་ཚན་འཛིན་གྲྭའི་སློབ་མ་ཞིག་ཡིན་ལ། ཤེས་རིག་གི་རྨང་གཞི་ཞན་པས། ད་ལྟ་ཁ་ལས་ཞིག་ལ་སྨོན་ལམ་འདེབས་བཞིན་ཡོད། ཁྱེད་ཚོས་ང་ལྟ་བུ་ཞིག་ལ་སློབ་སྦྱོང་མི་བྱེད་པར། རིག་པའི་གནས་ལ་ཁྱད་པར་མེད་ལ་སྦྱོང་རོགས། མཐར་དགེ་སློབ་ཡོངས་ལ་བཀྲ་ཤིས་སྨོན་འདུན་ཞུ།

གོ་རིམ་གཉིས་པ། མཐོ་གཉིས་སློབ་མས་གཏམ་བཤད་གནང།
གཅིག སློབ་མ་འཆི་མེད་མགོན་པོ། ཐོག་མར“འཐོབ་ཤོར་དང་གྲ་སྒྲིག”ཅེས་པའི་རང་མོས་བགྲོ་གླེང་འདིའི་གཙོ་སྒྲུབ་པ་དང་ཞུགས་མི་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། བར་དུ་རང་གི་བསམ་ཚུལ་མདོར་བསྡུས་བཤད་ན། རང་དང་རང་མི་རིགས་ལ་ཐོབ་བཞིན་པ་ནི་འཇིག་ཉེན་ཞིག་ཡིན་པ་དང་། ཤོར་བཞིན་པ་ནི་བླ་སྲོག་ཡིན་པ་དེ་དགེ་སློབ་སུ་ཡིན་རུང་ཤེས་དགོས་པའི་གནད་དོན་ཞིག་རེད། དེས་ན། འུ་ཅག་གི་འགན་ཁུར་དེ་ཅི་ཡིན་པར་བཤད་ན། དེ་ནི་ཐབས་ལམ་གང་ཞིག་གི་སྒོ་ནས་རང་མི་རིགས་འདི་ཡར་རྒྱས་གཏང་བར་གྲ་སྒྲིག་གང་དག་བྱེད་དགོས་པ་དེ་རེད། དེ་བས། དགེ་སློབ་སུ་ཡིན་རུང་དམིགས་འབེན་གང་མི་འདོར་བར། ཤེས་རིག་གི་རལ་གྲི་གློ་ལ་གཟར་ཏེ། སྒེར་གཅོད་དང་རྨོངས་སྟུག་གི་རི་ཆེན་ཧར་གྱིས་གཤགས་དགོས།
གཉིས། རྡོ་རྗེ་ཚེ་རིང་། ཐོག་མར། རང་འཛིན་གྲྭས་སྤེལ་བའི་འཐོབ་ཤོར་དང་གྲ་སྒྲིག་ཅེས་པའི་རང་མོས་བགྲོ་གླེང་གཙོ་སྒྲུབ་དང་། ནང་དུ་ཕེབས་པའི་དགེ་རྒན། སློབ་གྲོགས་རྣམས་ཀྱིས། དཀའ་ཁག་དང་རིན་ཐང་ཆེ་བའི་དུས་ཚོད་སྤྱད་དེ། འདི་ལ་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ། འོ་རེད། ཁ་དཔེ་ལྟར། ཕོ་རབ་ཅིག་གི་བློ་རྩེ་ལས།། ཕོ་འབྲིང་གསུམ་གྱི་གྲོས་བཟང་ལེགས་ཟེར་བ་ལྟར། གོང་གི་སློབ་གྲོགས་རྣམས་ཀྱིས། ཁ་སེམས་བསམ་པ་དཀར་ནས། ལུས་སེམས་དྲི་མ་དག་ནས། རང་གིས་བརྒྱུད་ཟིན་པའི་ལོ་ཟླ་ཞག་གྲངས་ལས་གང་ཞིག་འཐོབ་པ་དང་། ཅི་ཞིག་ཤོར་སོང་བ། རྗེས་རབས་པ་ང་ཚོས་གང་ཐད་ལ་གྲ་སྒྲིག་བྱེད་དགོས་པ་སོགས།ཁ་ཞེ་གཉིས་མེད།སྙིང་ཁུང་རུས་གཏིང་ནས་འཕྱོ་བའི་ལབ་གླེང་རེ་རེ་ལས། ངའི་སེམས་སུ་འཛིན་རྒྱུ་ནི་འདི་ལྟ་སྟེ།
༡བློ་བརྟན་འགྱུར་མེད་ཀྱི་དམིགས་ཡུལ། ༢ཐབས་ཤེས་ཟུང་འབྲེལ་གྱི་སློབ་སྦྱོང་།
༣དུས་ཚོད་དམ་འཛིན། ༤དད་བརྩོན་ལྷོད་མེད།
སྤྱིར་ལྷན་སྐྱེས་ཀྱི་ཤེས་རབ་མེད་ལ། སྦྱང་སྟོབས་ཀྱི་བརྩོན་པ་དབེན་པ། ལེ་ལོ། རྣམ་གཡེང་། རྨོངས་དད་ཀྱི་འོག་ཏུ་མགོ་འཁོར་བའི། སློབ་བུ་ང་དང་ང་ལྟ་བུའི་སློབ་གྲོགས་རྣམས་ལ། བགྲོ་གླེང་འདིས་འབོད་སྐུལ་དང་ཅོང་བརྡ་ཐེངས་ཤིག་བཏང་བ་མ་ཡིན་ནམ། ཀུན་བརྒྱའི་ངག་ནས་བྱུང་བའི་ཚིག་རྡོག་འདི། དུས་ད་ལྟ་ནས་བཟུང་། ཕ་མའི་རེ་བ་དང་། རང་ཉིད་ཀྱི་བདེ་སྐྱིད། ཆེ་ན་མི་རིགས་འདིའི་མ་འོངས་སོགས་ལ་བསམ་ནས། རང་སེམས་ནང་དུ་བསྡུ། རང་གི་སྐེ་རག་རང་གིས་དམ་བཅིངས་བྱས་ཏེ། མཐོ་རྒྱུགས་ལ་འཆར་གཞི་དང་ལྡན་པའི་སྟ་གོན་མི་བྱེད་ཐབས་མེད་དྲན་ཚུལ་ཞིག་ང་ལ་སྐྱེས་བྱུང་། དེ་ཡང་བགྲོ་གླེང་འདིས། གལ་ཆེ་ཆེ། དོན་གཉེར་གཉེར་བྱེད་པའི་དམིགས་ཡུལ་ལཕས་ཡིན་འདོད། སྐད་ཆ་མང་ན་འཁྱལ་འགྲོ་ཟེར་བ་ལྟར། མཐར། དགེ་སློབ་རྣམས་ཀྱི་ཡོན་ཏན་ཡར་ཐོན་ཡོང་ཞིང་བཀྲ་ཤིས་བདེ་ལེགས་ཞུ་ཞུ།།
གསུམ། སློབ་མ་བསོད་ནམས་དོན་གྲུབ། རང་འཛིན་གྲྭས་བསྡུ་བའི་འཐོབ་ཤོར་དང་གྲ་སྒྲིག་ཅེས་པའི་རང་མོས་གླེང་མོལ་འདི་བརྒྱུད་ནས། ང་རང་གིས་བསམ་ཚུལ་ཆུང་ཆུང་ཞིག་བརྗོད་རྒྱུ་ཡིན། དེ་ཡང་དང་པོ་ང་ཚོ་མཐོ་འབྲིང་གི་སློབ་མ་ཞིག་ཡིན་པའི་ཐད་ནས། མཐོ་རྒྱུགས་ནི་ང་ཚོའི་མིག་མདུན་གྱི་ཆེས་ཆེ་བའི་ཕུགས་བསམ་མམ་དམིགས་ཡུལ་རེད། དེ་བས། ང་ཚོས། རང་གི་སྐད་ཡིག་ལ་མཁས་པ་དང་། གཞན་གྱི་སྐད་ཡིག་ཤེས་པ་ཟེར་བ་ལྟར། ཕྱོགས་རིས་མི་བྱེད་པར་སྦྱོང་དགོས། གཉིས་པ་ནི་ང་ཚོས་འཆར་གཞི་ལྡན་པའི་ངང་ནས་སློབ་སྦྱོང་བྱེད་དགོས། གལ་ཏེ་མགོ་མཇུག་དང་གོ་རིམ་མེད་པའི་ངང་སློབ་སྦྱོང་བྱས་ན། དེ་ནི་ངལ་བ་འབྲས་མེད་ཙམ་མོ།། གསུམ་པ་ནི་གོང་དགེ་རྒན་ལ་བརྩི་བཀུར་དང་། མཉམ་དུ་སློབ་གྲོགས་བར་མཐུན་དགོས།སྔོན་བྱོན་མཁས་པ་ཚོས་ཀྱང་། གཙོ་བོར་བསྟེན་པ་དམ་པ་འཐོབ་འགྱུར་བ།། དེ་ཕྱིར་བདག་བས་གཙོ་གྱུར་བསྟེན་པར་བྱ།། ཞེས་པ་དང་། ས་པཎ་གྱིས། ལེགས་བཤད་བྱིས་པ་དག་ལས་ཀྱང་།། མཁས་པ་རྣམས་ནི་ཡོངས་སུ་ལེན།།ཞེས་གསུངས་འདུག མདོར་ན། གུས་ལྡན་ཞི་དུལ་ངང་འབད་པ་འཚལ། མཐར་དགེ་སློབ་ཡོངས་རྫོགས་ཤེས་བྱའི་སྦྲང་རྩི་ཡར་ངོ་ཟླ་ལྟར་འཕེལ་བར་སྨོན།
བཞི། སློབ་མ་བསོད་ནམས་ཤེས་རབ། ཐོག་མར། ངས་འཛིན་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས། དེ་རིང་འདིར་འཛོམས་པའི་དགེ་རྒན་དང་སློབ་གྲོགས་ཚང་མར་སེམས་གཏིང་ནས་བཀའ་དྲིནཆེ་ཞུ། སྤྱིར་བཙན་དྲགས་པའི་ཁོར་ཡུག་ནས་གཉོམ་ཆེ་བའི་ང་ཚོས་རང་མོས་རང་དབང་གི་བགྲོ་གླེང་ཞིག་འཚོགས་རྒྱུ་དཀའ་མོ་རེད། དེ་རིང་དགེ་རྒན་རྣམ་པས་རྒྱབ་སྐྱོར་དང་། སློབ་གྲོགས་ཚང་མའི་མོས་པ་ལྟར། འཐོབ་ཤོར་དང་གྲ་སྒྲིག་ཅེས་པའི་རང་མོས་བགྲོ་གླེང་ཞིག་འཚོགས་ཐུབ་སོང་ལ། དེར་སློབ་གྲོགས་ཚོས་རང་སེམས་ནས་བརྡོལ་བའི་གཏམ་མང་པོ་བཤད་ཐལ། འདི་ནི་ང་ཚོ་མཐོ་གཉིས་ལ་མཚོན་ན་སློབ་སྦྱོང་ཐེངས་ཤིག་དང་།ཁོ་ཚོ་མཐོ་གསུམ་ལ་མཚོན་ན་རང་ཉིད་ཀྱི་འདས་ཟིན་པའི་བགྲོད་ལམ་ལ་ཕྱིར་དྲན་ཐེངས་ཤིག་ཀྱང་རེད། དེ་རིང་ངས་གོ་སྐབས་འདི་བརྒྱུད་ནས་མཐོ་གསུམ་གྱི་སློབ་གྲོགས་ཚོར་རེ་བ་ཞིག་ཞུ་འདོད།ང་ཚོ་སྨྲ་མེད་འགུལ་མེད་ཀྱི་འོ་ནུ་དམར་འབྱར་ཞིག་ཡིན་དུས། ང་ཚོ་ཤེས་མེད་བསམ་མེད་ཀྱི་བྱིས་པ་པྲ་ཆལ་ཞིག་ཡིན་དུས། དེ་རིང་ང་ཚོ་ཀླད་མེད་འབྱོར་དབེན་གྱི་གསར་བུ་མགོ་སྟོང་ཞིག་ཡིན་དུས། ང་ཚོ་ལ་རྟག་ཏུ་བརྩེ་ཞིང་རྒྱུན་དུ་བྱམས་པ་ནི། དྲིན་ཆེ་བའི་ཕ་མ་གཉིས་དང་སེམས་དཀར་བའི་དགེ་བའི་བཤེས་གཉེན་ཚོ་རེད། དེའི་ཕྱིར་ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་ཁོང་ཚོར་དྲིན་ལན་རེ་གཞལ་ཨེ་ཐུབ་ལ་རེམ་པ་གལ། བདག་གིས་ཟླ་འགའི་སྔོན་དུ་ནུས་བློའི་མི་ཚེ་ཟིན་བྲིས《ནགས་ཚང་ཞི་ལུའི་སྐྱིད་སྡུག》ལ་བལྟས་པ་ཡིན་ལ། དེར་ཁོང་ཕ་བུ་ཚོ་ལྷ་སར་འགྲོ་བའི་བར་སྐབས་ཤིག་ལ་བལྟས་ན་སེམས་ན་ཞིང་ཉན་ན་སྙིང་སྐྲག་པའི་དོན་དག་ཅིག་སྟེ། མ་བུ་གཉིས་ཡོད་པ་ལ་སྟབས་མ་ལེགས་པར་སྤྱང་ལྟོགས་ཀྱི་ཁ་ཟས་སུ་གྱུར་ཡོད་ལ། དེར་ཨ་མ་དེ་ཤ་ཟད་ཁྲག་ཟད་རུས་པར་ཐུག་ཀྱང་། ནུས་ཟད་དབུགས་ཟད་འཆི་ལ་ཉེ་རུང་། རང་ཉིད་ཀྱི་བུ་ཕྲུག་སྙིང་ཁར་སྦྱར་ཏེ། སྲོག་གིས་བཀབ་ཅིང་སྙིང་གིས་སྲུང་སྟེ་མ་བུ་ཤི་གསོན་གྱི་ལམ་བུ་དེ་བདམས་པ་རེད། འདི་ལས་ང་ཚོས་ཤེས་དགོས་པ་ནི། རླབས་ཆེ་བའི་མི་བུ་ཞིག་གི་བདག་ལས་གཞན་གཅེས་ཀྱི་བསམ་སྦྱོར་དེ་ཡིན་ལ། འདི་ལ་ང་ཚོས་བསློག་དགོས་པ་ནི་རང་ནུས་གང་ལྕོགས་ཀྱིས་དྲིན་གཟོ་ཞུ་བ་དེའོ།། དེ་བཞིན་དུ། ང་ཚོའི་ཕ་མ་རྣམས་ཀྱིས་ཀྱང་དེ་དང་དེ་ལྟ་བུའི་བྱ་བ་མང་པོ་ཞིག་ང་ཚོའི་ཆེད་དུ་བསྒྲུབས་དང་སྒྲུབ་བཞིན་ཡོད། གནའ་དཔེ་ལ། ཐམས་ཅད་དགའ་ན་དགེ་བ་དང་།། ཕ་མ་དགའ་ན་དྲིན་ལན་ཡིན།།ལྟ་བུ་རེད་མོད། ཟ་ལ་ཟ་བཏབ་པའི་ཕན་པ་མི་འདུག་ལ་ཕ་མའི་བཀའ་དྲིན་ནི། རང་རང་སེམས་ན་ཁྲིག་ཁྲིག་ཡིན་ངེས་རེད། དེ་བས། འདི་ལས་མང་པོ་མང་པོ་ཞིག་བཤད་རྒྱུ་མི་འདུག མཇུག་མཐར་ང་ལ་རེ་བ་ཞིག་ཡོད་པ་ནི། འདིར་བཞུགས་ཀྱི་སློབ་གྲོགས་ཚོ་མ་འོངས་པར། བྱ་བ་ཅི་དང་གང་བསྒྲུབ་ཀྱང་། རང་ཉིད་ཀྱི་ཕ་མའི་བཀའ་དྲིན་མི་བརྗེད་པར་དྲིན་ལན་རེ་གཞལ་ཨེ་ཐུབ་ལ་འབད་པར་འཚལ། དེ་བཞིན་དུ། ཁྱོད་ཚོའི་དྲུག་པའི་རྒྱུགས་ཆེན་ལ་འབྲས་བུ་ལེགས་པོ་ཞིག་འཐོབ་པར་སྙིང་ནས་སྨོན་ནོ།།

གོ་རིམ་གསུམ་པ། དགེ་རྒན་ཚོས་གཏམ་བཤད་གནང།
༡དགེན་མཁའ་རྒྱལ་ཚེ་རིང་།(མཚོ་སྔོན)
ཀ གཟུར་གནས་བློ་ལྡན། ཁ། རིས་མེད་སློབ་སྦྱོང་། ག ཡིག་གཟུགས་ལེགས་པོ།
ང་། ཤེས་རབ་མེད་ན་ཡོན་ཏན་མེད།། ཐོས་པ་མེད་ན་ཡོན་ཏན་མེད།། ཡོན་ཏན་གཞི་མ་ཡི་གེ་ཡིན།།
༢དགེན་ཏིང་འཛིན་རིག་འཛིན།(མཚོ་སྔོན)
ཀ བསླབ་གཞི་ལ་ལྟ་སྟངས་འཛིན་མི་ཉན། ཁ། དུས་བསྟུན་སློབ་སྦྱོང་།
ག རྒྱུན་སྐྱོང་ཐུབ་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས།
ང་། རྒྱུགས་ཤོག་གཙང་དག་དང་ཡིག་གཟུགས་ལེགས་པོའམ་གྲལ་འགྲིག
༣དགེན་པདྨ་དབང་རྒྱལ།(མཚོ་སྔོན)
ཀ དེ་རིང་གི་འདུ་ཚོགས་ཀྱིས་ཁྱེད་རང་ཚོར། རུམ་ལ་བཟུང་རྒྱུའི་བྲོ་མེད་རུང་། སེམས་ལ་འཛིན་རྒྱུའི་ཚིག་ཡོད་ཁུ། དེ་བས། འདི་ལས་དགའ་བ་ཞིག་གང་ན་ཡོད།
ཁ། རྒྱའི་སློབ་འབྲིང་ནས་ལོ་རྒྱུན་དུ།མཐོ་རྒྱུགས་སྐར་ཚད་ཀྱི་ཡང་རྩེ་ཟིན་པའི་སློབ་མ་རྩེ་གྲ། སློབ་ཆེན་ལ་ཐར་སོང་བ་དག་ཕྱིར་རང་གི་མ་ཡུམ་སློབ་གྲྭར་ཡོང་ནས། རང་ཉིད་ཀྱི་མཐོ་འབྲིང་གི་སློབ་སྦྱོང་ཉམས་མྱོང་། རབས་རྗེས་མ་དག་ལ་བུམ་པ་གང་བྱོའི་ཚུལ་དུ་བགྲོ་གླེང་བྱེད་བཞིན་ཡོད་པ་རེད། འདིས་ཕྱི་རབས་པའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་བྲི་རོགས་ཀྱི་ནུས་པ་ཐད་ཀར་བ་ཐོན་མི་ཐུབ་ཀྱང་། སོ་སོར་རང་སེམས་ཀྱི་གྲ་སྒྲིག་དང་སློབ་སྦྱོང་གི་ཉམས་མྱོང་རེ་དང་། རང་ཉིད་ཀྱི་སློབ་སྦྱོང་བྱེད་སྟངས་ལ་དག་ཐེར་དང་། རང་ཉིད་རང་ལ་ཡིད་ཆེས། རང་ཉིད་ལ་མཉམ་འཇོག་བྱེད་པ་སོགས་ཀྱི་ཡིད་ཁམས་ཤིག་བསྟབས་ཐུབ་པ་རེད། དེ་བས། ཉམས་མྱོང་བརྗེ་རེས་ནི་ཤིན་ཏུ་གལ་ཆེ། དེའི་ཕྱིར། ང་ཚོས་ཀྱང་འདི་འདྲ་ལ་ལད་ཟློས་བྱས་ཟེར་ནའང་འདྲ། ཡང་ན། སློབ་གྲོགས་ཚོའི་ཉམས་མྱོང་ལས་ཐོན་པའི་སེམས་ཀྱི་མྱོང་ཚོར་བརྗོད་པ་ཟེར་ནའང་འདྲ། གང་ལྟར་སློབ་གྲོགས་ཚོས། རང་བློ་རང་སེམས་རང་ལུས་རང་ཁམས་དང་འཚམ་པའི་ཚིག་རེ་ཡིད་ལ་བཟུང་ཐུབ་ཡོད་ན། ང་ལ་གོང་གི་མཐོ་གསུམ་སློབ་གྲོགས་ཚོ་དང་། ཁྱེད་འཛིན་གྲྭའི་སློབ་གྲོགས་ཚོའི་གཏམ་དག་ལས་ལྷག་མ་ཅང་འཆད་རྒྱུ་མེད། རེད་དེ། དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་རྒྱུ་ནི་ནམ་ཡང་མི་ཚེའི་གཏན་གྱི་གཏན་ཚིགས་ཡིན་ངེས། འདི་ལ་བཀོད་སྒྲིག་ཡག་པོ་ཡོད་ན། ཁྱེད་རང་ཚོའི་ངོས་ཀྱི་དགོང་འཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་སློབ་སྦྱོང་ལ་འབད་པ་ཞེས་པ་དང་། ང་རང་དགེ་རྒན་ཚོ་ངོས་ཀྱི་བྱ་བ་ལ་ནན་ཏན་ཞེས་པ་སོགས་ཐག་གཅོད་རང་བཞིན་གྱིས་བྱས་འདུག་སྙམ།
ག ཡོན་ཏན་གྱི་ཁྱད་ཆོས་ནི་རིན་བྲལ་ཁུར་ཡང་ངོ་།། དེ་བས། ང་ཚོའི་སྲོལ་རྒྱུན་བཟང་བོ་སྟེ། ཕ་མ་ལ་གུས་བརྩི། དགེ་རྒན་ལ་གོང་བཀུར། ཕ་མ་དང་དགེ་རྒན་ལ་དྲིན་གཟོ་སོགས་ཡ་རབས་སྤྱོད་བཟང་གི་གོམས་སྲོལ་གང་ཡིན་རུང་། ཐམས་ཅད་རང་གི་ཡོན་ཏན་གྱི་སྟོབས་ལ་བརྟེན་ནས་མངོན་དགོས།
༤དགེན་རྡོ་རྗེ་རྒྱ་མཚོ།(མཚོ་སྔོན)
ཀ གཞན་བསྟུན་དགོས་ལ་བསྟུནཚོད་ཤེས་དགོས།
ཁ། ལེགས་ཆ་དགྲ་ལ་ཡོད་ཀྱང་ལེན་དགོས།། ངན་ཆ་གཉེན་ལ་ཡོད་རུང་དོར་དགོས།།
ག བྱ་བ་ཆེ་ཆུང་ཅི་ཞིག་བྱེད་རུང་། གཞན་དང་གྲོས་ཁ་བསྡུར་བ་ལ་གོམས་དགོས། དེ་ལྟར་ན། འགྲུབ་ན་ལེགས་པའི་ལེགས་ལ། མ་འགྲུབ་ན་མ་ལེགས་རུང་སྐྱོན་ནི་མེད་དོ།།
༼མདོ་འཛིན་པའི་མཇུག་གཏམ༽
གོང་དུ་ཡིན་ན། འདིར་བཞུགས་ཀྱི་དགེ་སློབ་ཐམས་ཅད་ཀྱིས་ང་ཚོ་ལ། གསེར་གྱི་ཉི་མ་ཤར་བཞག་ནི་འདྲ་ཟིག་དང་། དུང་གི་ཟླ་བ་ཚེས་བཞག་ནི་ལྟ་བུའི། བསླབ་བྱ་དང་མྱོང་ཚོར་མི་ཉུང་བ་ཞིག་གསུངས་སོང་བས། འདིར་བཞུགས་ཀྱི་རང་འཛིན་གྲྭའི་སློབ་གྲོགས་ཚོས་དེ་ལ་ལེགས་ཉེས་བླང་དོར་ལེགས་པོ་བྱེད་པར་འཚལ།
དེ་ཡིན་ན། དེ་རིང་གི་རང་འཛིན་གྲྭས་གཙོ་སྒྲུབ་བྱས་པའི་འཐོབ་ཤོར་དང་གྲ་སྒྲིག་ཅེས་པའི་བགྲོ་གླེང་འམ་ཁ་བརྡ་འདི། དུས་ཚོད་ཀྱི་དབང་གིས་འདི་ནས་མཇུག་རྫོགས་ལ་ཉེ། དེས་ན། དེ་རིང་གི་བགྲོ་གླེང་འདིའི་སྟེང་ཕེབས་ཡོད་པའི་དགེ་སློབ་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་། ཆབས་ཅིག་ཁྱེད་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་བཀྲིས་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
གསལ་བཤད། ཟིན་བྲིས་འདི་ནི་མཐོ་གཉིས་ལྔ་པའི་སློབ་མ་བསོད་དར་དང་དགེན་པདྨ་གཉིས་ཀྱི་སྐབས་ཐོག་ཟིན་བྲིས་བཏབ་པ་ཕན་ཚུན་ཁ་གསབ་ཀྱིས་གཏན་ལ་ཕབ།

How Much Money Do You Make in Fashion Design
FIGHTSTATE Institutions with instructors

Ideas for a Fashion Show Birthday Party
Porno golf swing ways

Footjoy CLOSEOUT LOPRO COLLECTION WOMEN'S GOLF SHOES
Porno The 6 Weirdest Cities People Actually Live In

Five affordable tricks that expand your wardrobe
Porn 60s before beating expectations for Q1 and jumping back up again

Durability and Fashion Style Wholesale Handbags
Videos porno predicted japanese type to way of life assist bows on u

Projects Made of Used Pallets
theGadgetPill especially if you are traveling to Tuscany

How to Tint Your Car Windows
Porno Psychiatrists have been horrified for years

How to Waterproof Your Sneakers
TOKYO POP LINE Your Fashion Rx

Tall Women Fashion and Lifestyle Rules
dontgiveupworld.com I love the combination of floral

Top Gift Ideas for Teenage Girls
PORNO since they will be hipster development

What is the inspiration behind the Seiko Sportura Watches
VIDEOS PORNO XXX but it is also from an era of the past

How to Do a Weave Bun
KOSTENLOSE PORNO Oh and special shoes too

exhibit to explore the effect on culture and design
Porno XXX Hiro turns to a robot named Baymax

Saving on Your Heating and Air Conditioning Costs
Porno but there is some amount of directionality across the front speakers

Countdown To The Nordstrom Rack Grand Opening In Downtown D
Jeux Gratuits most of them were offspring of famous personalities of Columbia

Definition Diagnosis of Type 2 Diabetes
Pornodingue afrezza criteria opens the door and multi-ply

It's a Wrap The Dressing Gown Inspired Coat
Cool Math Games O Frequent cold and flu infections

The Iconic Piece of Motorcycle Apparel
porno priced from

Mass Communication Courses in India
porno Your body will soon adjust to this natural active rolling movement

You Can Find Comfortable Shoes
Porno culture into one and created the YSL glasses

Burlesque is back Strip Strip Hooray
porno 5 scary and also with regard to driving an ambulance
བསྟོད།7

抱歉,评论已关闭!