[འོས་སྦྱོར]ཀཱ་ནཱ་གསེར་གྱི་ཏ་ལའི་གཟེངས་རྟགས་དང་འབྲེལ་བའི་འཕྲིན་གསར།

ཁོ་རེ་ཡ་ལྷོ་མའི་གློག་བརྙན《འཁྲི་འབུ》 (རྒྱ་སྐད་དུ་《寄生虫》)ལ་སྐབས་72ཡི་ཀཱ་ནཱ ( cannes ) གསེར་གྱི་ཏ་ལའི་གཟེངས་རྟགས་ཀྱི་བྱ་དགའ་ཐོབ།

གློག་བརྙན 《འཁྲི་འབུ》 ནི་ཁོ་རེ་ཡ་ལྷོ་མའི་འཁྲབ་ཁྲིད་པBong Joon ho(རྒྱ་སྐད་དུ奉俊昊)འཁྲབ་འཁྲིད་བྱས་པ་ཡིན་ལ། ད་ཐེངས་ཀཱ་ནཱcannesགློག་བརྙན་དུས་ཆེན་ཁྲོད་ཀྱི་འགྲན་གཙོ་སྡེ་ཚན་(主竞赛单元)ནང་དུ་ཚུད་པ་དང་། དེ་མཚུངས་ཀྱི་གློག་བརྙན་གཞན་པ་དག་ལས་རྣམ་པར་རྒྱལ་ཏེ་མཐར་སྤྱི་ཟླ་ལྔ་བའི་ཚེས25ཉིན་ཧྥ་རན་སའི་ཀཱ་ནཱ( cannes ) གྲོང་ཁྱེར་ནས་གསེར་གྱི་ཏ་ལའི་གཟེངས་རྟགས་ཀྱི་བྱ་དགའ་ཐོབ།

《འཁྲི་འབུ》ཞེས་པའི་གློག་བརྙན་འདིའི་ནང་ཁོ་རེ་ཡ་ལྷོ་མའི་སྤྱི་ཚོགས་ནང་དབུལ་བོ་དང་ཕྱུག་པོའི་ཁྱིམ་ཚང་གཉིས་བར་གྱི་འཚོ་བའི་ཧེ་བག་གི་བར་ཁྱད་དེ་གཙོ་བོར་བརྗོད་པ་ལས་འཕྲོས་ཏེ་སྤྱི་ཚོགས་ཡོངས་ན་གནས་པའི་གནད་དོན་ཞིག་ལྟ་མཁན་དག་གི་མིག་ལམ་ཏུ་བཀྲམ་ཡོད། འདིའི་བརྗོད་བྱའི་ཆ་ནས་ཁོ་རེ་ཡ་ལྷོ་མ་ཁོ་ནར་མ་ཡིན་པར་དེང་སྐབས་ཀྱི་འཛམ་གླིང་སྤྱིའི་འཚོ་བའི་གྲུ་ཟུར་སོ་སོར་ན་གནས་པའི་གནད་དོན་ལ་རེག་ཐུབ་ཡོད་པ་དང་། གློག་བརྙན་ཕྱིའི་རྣམ་པ་དང་སྒྲིག་བཟོ་ཀྱི་ཆ་ལ་ཡང་སྒྱུ་རྩལ་གྱི་ཚད་རིམ་ངེས་ཅན་ཞིག་ལྡན།

ཐེངས་འདིའི་གློག་བརྙན་འཁྲབ་སྟོན་པ་གཙོ་བོ་ནི་སྔོན་མར་འཁྲབ་ཁྲིད་པBong Joon ho(རྒྱ་སྐད་དུ奉俊昊)དང་ཐེངས་མང་པོར་མཉམ་འབྲེལ་བྱས་མྱོང་པའི་འཁྲབ་སྟོན་པ་གྲགས་ཅན་kang-ho song(རྒྱ་སྐད་དུ宋康昊)  ཡིན་ལ། ཁོང་གཉིས་ཀྱིས་བསྟུར་མར2003ལོར།《ལྐོག་གསོད་ཕྱིར་དྲན》 Memories of Murder(རྒྱ་སྐད་དུ《谋杀回忆》/《杀人回忆》)དང་2006ལོར《གཅན་གཟན》The Host(རྒྱ་སྐད་དུ་《怪物》/《汉江怪物》)2013ལོར་《གངས་རྒྱལ་མེ་འཁོར》Snowwpeircer(རྒྱ་སྐད་དུ《雪国列车》)སོགས་མཉམ་འབྲེལ་བྱས་ཏེ་ཕབ་སྐྲུན་བྱས།

གསེར་གྱི་ཏ་ལའི་གཟེངས་རྟགས་ཐོབ་རྗེས་འཁྲབ་ཁྲིད་པ་Bong Joon hoསེམས་འགུལ་ཐེབས་ཏེ་ན་རེ། ངས་རང་གི་མིང་འབོད་པ་ཐོས་པའི་སྐབས་སུ་དངོས་ནས་ཡིད་ཆེས་མ་སོང་། 《འཁྲི་འབུ》(《寄生虫》)ནི་ངའི་གློག་བརྙན་སྔོན་མ་དག་གིས་རྒྱུན་མཐུད་ཡིན་ལ། ཚང་མ་རིགས་གྲས་གློག་བརྙན(类型电影)ཡིན། ང་རང་ཉིད་ཀྱང་རིགས་གྲས་གློག་བརྙན་གྱི་འཁྲབ་ཁྲིད་པ་ཡིན། དེ་རིང་ཏ་ལའི་གཟེངས་རྟགས་བླངས་པ་དང་ལྷག་པར་ཏུ་དཔྱད་འདེམས་ཚོགས་ཁག་གིས་མཉམ་གཅིག་ཏུ་གྲོས་འཆམ་བྱུང་བ་དེར་ང་རང་ཧ་ཅང་དགའ་བོ་བྱུང་ཡོད། གཞན་རིགས་གྲས་གློག་བརྙན་གྱིས་གཟེངས་རྟགས་ཐོབ་པ་ལ་དེ་ལས་ཀྱང་དགའ་བོ་བྱུང་ཡོད། དེ་རིང་ཁོ་རེ་ཡ་ལྷོ་མའི་གློག་བརྙན་གྱི་ལོ་བརྒྱའི་རྗེས་དྲན་ཡིན་པས། 《འཁྲི་འབུ》ཡིས་ཁོ་རེ་ཡ་ལྷོ་མར་ཏ་ལའི་གཟེངས་རྟགས་བླངས་ཐུབ་པ་དང་དེ་ནི་ཀཱ་ནཱ ( cannes ) ཡིས་ཁོ་རེ་ཡ་ལྷོ་མའི་གློག་བརྙན་ལ་གནང་བའི་ལེགས་སྐྱེས་ཆེན་མོ་ཞིག་ཀྱང་རེད།

བསྟོད།26

དཔྱད་མཆན་སྤེལ།