སི་ཁྲོན་ཁྱུང་མཆུ་སྦྲ་ཆེན་ཡུལ་ཚོ་ནས་གཟའ་ཉི་མའི་ཁ་བརྡ་བསྡུས་ཚུལ།

གསར་འགོད་པ། གཡག་སུག

ཚོགས་འདུ་ཚོགས་དུས། ༢༠༡༢ལོའི་ཟླ་༨པའི་ཚེས་༡
ས་གནས། པདྨ་ཚུལ་ཁྲིམས་སྒེར་བཙུགས་སློབ་གྲྭ།

མདོ་འཛིན་པས་ཚོགས་འདུའི་གླེང་སློང་བའི་ཚུལ།

ཚོགས་རའི་ཟུར་ངོས།༼ཐེངས་འདིར་འདྲ་པར་ཆ་ཚང་ཞིག་སྐྱོན་མ་ཐུབ་པས་དགོངས་དག་ཞུ།༽

༡༽ གཟའ་ཉི་མའི་ཁ་བརྡའི་དམིགས་ཡུལ་དང་གོ་རིམ།
སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ན་ཤེས་ཡོན་པ་དང་ཡོན་ཏན་པའི་སྡེ་ཁག་སོ་སོས་གཟའ་ཉི་མའི་ཁ་བརྡའི་ལེ་ཚན་དངོས་སུ་བཙུགས་ནས་རང་ཉིད་ཀྱིས་འཇིག་རྟེན་ལ་བལྟ་བའི་ལྟ་ཚུལ་དང་རང་ཉིད་ཀྱིས་སྤྱི་ཚོགས་ལ་གཞིགས་པའི་ཚོར་འདུ།རང་ཉིད་ཀྱིས་ཕ་ཡུལ་ལ་བཅིངས་པའི་དུང་སེམས་སོགས་ཧ་ཅང་སྣ་ཁ་མང་པོ་ཞིག་གིས་རྒྱུད་བསྐུལ་བས་རང་ཉིད་དང་ཆེས་འདྲིས་ཆ་ཡོད་པའི་མི་བུ་སྐོར་ཞིག་ཀྱང་འདི་ལྟར་ལམ་ལ་ཆས་པ་ཡིན།འདི་ལྟར་ལམ་ལ་ཆས་པ་འདིས་ང་ཚོ་མི་ཞིག་ཡིན་པའི་རང་ཚུགས་ལྷང་ལ་བུད་པ་རེད།ང་ཚོ་ཤེས་རིག་ལ་སྨོན་པའི་དེ་ཉིད་ཕྱི་རུ་ངོམས་པ་རེད།དེས་ཕྱིར་འདིར་འཛོམས་པའི་གསར་སྐྱེས་གདོང་མཆོངས་པ་དག་གིས་ཀྱང་གཡོ་རྫུ་རྒྱབ་ཏུ་བསྐྱུར་དྲང་བདེན་དང་དུ་བླངས།གནས་ལུགས་དཔང་བོར་བཞག་ནས་ང་ཚོས་ཀྱང་ཕ་ཡུལ་ལ་བསམ་པའི་ཤ་དང་རུས་པའི་བར་གསེང་ན་ཟུག་པའི་ལྷད་མེད་ཀྱི་བརྩེ་བ་ངོ་མ་དེ་བསྟན་ན་འགྲིག་གི་སྙམ།དེ་རིང་གི་དཔེ་ཀློག་ཁྲོད་ནས་བསམ་བློ་བརྗེ་བ་ཞེས་པའི་བགྲོ་གླེང་འདི་མ་ཚོགས་གོང་ངམ་དངོས་སུ་དབུ་མ་བརྩམས་པའི་ཡར་སྔོན་དུ་ཚང་མས་རང་རང་གི་ཁ་པར་སྒོ་རྒྱག་རྒྱུ་དང་ཤབ་ཤུབ་ཀྱི་ལབ་གླེང་མང་པོ་མི་བཤད་པ།རང་ཉིད་ཀྱི་འདུག་སྟེགས་སུ་བསྡད་དེ་རིག་པའི་དཔྱད་གླེང་གི་བརྡར་ཤ་གཅོད་པར་གྲ་སྒྲིག་གང་ལེགས་བཟོ་བ།དབུ་བརྩམས་པ་དང་མཉམ་དུ་དཔྱད་གཏམ་པ་དག་གི་རིག་པའི་སྒྲུབ་ཕྱོགས་ལ་བློ་རྣལ་ཏུ་ཕབ་སྟེ་ཉན་པ་ལས་གང་བྱུང་དུ་གཏམ་མི་སྨྲ་བ།དཔྱད་གཏམ་པའི་གཏམ་བཤད་པའི་རྗེས་སུ་རང་རང་གི་མྱོང་ཚོར་ལྷུག་པོར་བརྗོད་པ།དྲང་བདེན་དང་གནས་ལུགས་ཀྱི་དགག་བཞག་མཁོ་བ་ལས་དོན་མེད་ལོང་གཏམ་གྱིས་དུས་ཚོད་འཕྲོ་བརླག་མི་བྱེད་པ་སོགས་ཀྱི་སྒྲིག་ལམ་རང་བརྩི་བྱེད་རྒྱུ་ནི་གལ་ཆེའོ།།

༢༽མདོ་འཛིན་པས་གླེང་སློང་བ།༼སྙན་ངག་གྱེར་འདོན་ཞིག་གིས་ཐོག་མའི་གླེང་བསླངས་པ༽
གཟའ་ཉི་མའི་ཁ་བརྡ་དང་བདག་གི་རེ་འདུན།

མདོ་འཛིན་པའི་བསྒྲགས་གཏམ།

འགར་མེ་ཕུང་།

ང་ཚོར་རིག་གནས་དགོས།
ང་ཚོར་བསམ་བློ་དགོས།
ང་ཚོར་ལག་ལེན་དགོས།
ང་ཚོར་མི་རིགས་དགོས།
དེ་རིང་ང་ཚོས་བདེན་དོན་གྱི་རྒྱབ་ལྗོངས་ཀློག་དགོས།
དེ་རིང་ང་ཚོས་གནས་ལུགས་ཀྱི་ཕུ་ཐག་གཅོད་དགོས།
དེ་རིང་ང་ཚོས་དཔེ་ཀློག་གི་རིན་ཐང་འཚོལ་དགོས།
དེ་རིང་ང་ཚོས་ཕན་ཚུན་གྱི་བསམ་ཚུལ་གླེང་དགོས།
ང་རྒྱལ་གྱི་ཐ་སྙད་དག་རྒྱང་དུ་གཡུག་ཞོག།
ཕྲག་དོག་གི་མཆེ་བ་དེ་ནང་དུ་སྐུམ་རོགས།
ཞེ་སྡང་གི་དུག་ལྕེ་དེ་གང་སར་མ་བསྲིངས།
ཡང་དག་གི་རིག་པ་དེའི་རྣོ་སོ་ཁྱེར་ཤོག
ང་ཚོའི་རིགས་ལམ།
ང་ཚོའི་གཞུང་ལུགས།
ང་ཚོའི་བདེན་པ།
ང་ཚོའི་དོན་སྙིང་།
སེམས་ན་འཆར་གཞི་མེད་ཚེ་གསར་བརྗེ་དང་འཐབ་ཕྱོགས་ཇི་ལྟར་གླེང་།
སེམས་ན་འཆར་སྒོ་མེད་ཚེ་རིག་གཞུང་གི་ཐང་མ་ཇི་ལྟར་བརྡལ།
ལག་ན་ལག་ལེན་མེད་ཚེ་རྗེས་ལུས་ཀྱི་རྣམ་པ་ཇི་ལྟར་བསྒྱུར།
འུ་ཚོར་ཕུགས་བསམ་མེད་ཚེ་མི་རིགས་ཀྱི་སློབ་གསོ་ཇི་ལྟར་སྐྱོང་།
ཁྱོད་ཀྱི་རང་ཚུགས།
ང་ཡི་གཤིས་ཀ
གཞན་གྱི་རྣམ་འགྱུར།
དེ་རིང་རླབས་ཆེ་བའི་མེས་པོ་ཚོར་བཀའ་དྲིན་ཞུ་རྒྱུ་ཡིན།
དེ་རིང་ཉམ་ཆུང་བའི་མི་རིགས་དེའི་ཁྱད་ཆོས་གླེང་རྒྱུ་ཡིན།
དེ་རིང་གཅེས་འོས་པའི་སྤུན་ཟླ་ཚོ་ལྷན་དུ་འཛོམས་རྒྱུ་ཡིན།
དེ་རིང་བརྗོད་འདོད་པའི་སྐད་ཆ་དེའི་མགོ་རྐང་བསྒྲིགས་རྒྱུ་ཡིན།
འདི་ནི་ང་ཚོའི་རིག་པ་ཡིན། འདི་ནི་ང་ཚོའི་ལམ་ལུགས་ཡིན། འདི་ནི་ང་ཚོའི་གླེང་གཞི་ཡིན། འདི་ནི་ང་ཚོའི་འགན་འཁྲི་ཡིན།
ཕ་ཡུལ་ནི་ཐམས་ཅད་ཀྱིས་གླེང་བའི་སྒྲུང་རེད།
ཕ་ཡུལ་ནི་ཐམས་ཅད་ཀྱིས་འབོད་པའི་བརྡ་རེད།
ཕ་ཡུལ་ནི་ཐམས་ཅད་ཀྱིས་གཅེས་པའི་སྲོག་རེད།
ཕ་ཡུལ་ནི་ཐམས་ཅད་ཀྱིས་ཁོག་པའི་སྙིང་རེད།
དེ་བས། ཕ་ཡུལ་ལ་དུངས་པ་སྐྱག་རྫུན་མིན་པར་སྨོན།
དེ་བས། ཕ་ཡུལ་ལ་འཁྲེང་བ་ཁ་ཡག་མིན་པར་སྨོན།
བདེན་དོན་གྱི་ལམ་ཞིག་སྙེག་པ་ནི་མི་ཚེ་ལ་སྙིང་བོ་ལོན་ཕྱིར་ཡིན།
སྒེར་ཚུགས་ཀྱི་བསམ་བློ་སྤངས་པ་ནི་དོན་མཐུན་གྱི་བྱ་བཞག་སྒྲུབ་ཕྱིར་ཡིན།
རིག་གནས་ཀྱི་ཁ་ཕྱོགས་གླེང་བ་ནི་སྤྱི་ཚོགས་ལ་སྒུལ་ཤུགས་བཏོན་ཕྱིར་ཡིན།
དེ་རིང་གི་གླེང་གཞི་སྤེལ་བ་ནི་དཔེ་ཀློག་གི་རིན་ཐང་འཚོལ་ཕྱིར་ཡིན།
དེ་བས། འདུ་ཚོགས་གྲོལ་བ་དང་ལྷན་དུ་འཆར་གཞི་འབོར་མི་རུང་།
དེ་བས། ཐ་ཚིག་སྒྲོག་པ་དང་ལྷན་དུ་འགན་འཁྲི་བརྗེད་མི་རུང་།

༣༽ཚོགས་ཞུགས་པའི་གཏམ་བཤད་ཀྱི་ཁ་བྱང་ངམ་བརྗོད་བྱ།
1 དུས་ཐོག་ཆར་པ་དང་འབྲེལ་ཏེ་དཔེ་ཀློག་གི་སྐོར་གླེང་བ། གཡག་སུག
2ཕྱིར་རྟོག་དང་འབྲེལ་ཏེ་རང་གི་ལྟ་ཚུལ་སྐོར་གླེང་བ། འགར་མེ་ཕུང་།
3 ཝ་ཤུལ་རྨེ་བའི་མི་གཤིས་སྐོར་གླེང་བ། པདྨ་ཚུལ་ཁྲིམས།
4 མི་རིགས་སློབ་གསོའི་གནས་བབ་དང་འཕེལ་ཕྱོགས་ཀྱི་སྐོར། ལྷ་མོའི་དགེ་བཤེས་སྦྱིན་པ།
5 དཔེ་ཀློག་ནི་འཚོ་བ་རང་བཞིན་ཅན་དུ་འགྱུར་དགོས་ཚུལ། བསྟན་འཛིན་ཆོས་འཕེལ།
6དེང་གི་ཆོས་ལུགས་དགག་ཚུལ་ལ་ལྟ་ཚུལ་བརྗོད་པ། ཚེ་དབང་སྐྱབས།
7ཕ་ཡུལ། ཕ་ཡུལ། དང་འབྲེལ་ཏེ་མིག་སྔའི་གསར་ཐོན་དཔེ་ཆའི་སྐོར་གླེང་བ། ཧོར་བཟོད།
8 རྒྱུན་ཤེས་དང་ལམ་དང་འབྲེལ་ཏེ་རང་གི་དཔེ་ཀློག་གླེང་བ། འཇམ་དཔལ།
9 སྐྱུག་བྲོ་བའི་ཀྲུང་གོའི་མི་དང་འབྲེལ་ཏེ་བོད་སྤྱི་ཚོགས་གླེང་བ། ལོ་མ་སེར་པོ།
10ཕ་ཡུལ་ཞེས་པའི་བརྡ་ཆད་དེ་ལས་འཕྲོས་ཏེ་རང་གི་དྲན་སྣང་ངམ་རེ་བ་བརྗོད་པ།ལྕགས་ཕུར།
11སློབ་འབྲིང་བའི་དུས་སྐབས་དང་སློབ་ཕྱིའི་ཀློག་དེབ། བཀྲ་ཤིས་གཡང་འཁྱིལ། སོགས་སོ།།

༤༽ཚོགས་གཞུག་ཏུ་དམིགས་བསལ་གྱིས་འོག་གི་དྲི་བ་འདི་དག་ལ་རང་མོས་སྒོས་ལྟ་ཚུལ་བརྗོད་པ།
1ང་ཚོས་སྤྱི་ཚོགས་ལ་འགན་ཇི་ལྟར་ཁུར་ན་འགྲིག
2 དཔེ་ཀློག་གིས་ཁྱོད་ཀྱི་འཚོ་བའི་བརྒྱ་ཆ་ག་ཚོད་ཟིན་ཡོད།
3 སྐབས་འདིའི་གཟའ་ཉི་མའི་ཁ་བརྡར་ཞུགས་པའི་མྱོང་ཚོར་མདོར་བསྡུས་ཤོད།
༥༽ཚོགས་ཞུགས་གཏམ་བཤད་པས་ཐེངས་འདིའི་གཟའ་ཉི་མའི་ཁ་བརྡར་མཇུག་སྡོམ་བྱས།
དཔེ་ཀློག་གི་འདུ་ཤེས་ཟབ་མོ་ཞིག་མི་རེ་རེའི་སེམས་སུ་འགོད་དགོས་པ་དེ་ནི་རང་མི་རིགས་སློབ་གསོ་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་རྨང་གཞི་ཡིན་པར་འདོད། ༼བསྟན་འཛིན་ཆོས་འཕེལ།༽
གཞན་གྱི་སྔོན་ཐོན་མི་རིགས་དང་རྒྱལ་ཁབ་ཀྱི་སློབ་གསོ་དང་རིག་གནས་ལ་བསམ་གཞིག་བཏང་ནས་རང་མི་རིགས་ཀྱི་སློབ་གསོ་ཇེ་རྒྱས་ཇེ་འཕེལ་བྱེད་པ།མཐར་གཏུགས་ན་རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུགས་ཞེས་པ་དེ་ཡིན། ༼ལོ་མ་སེར་པོ།༽
དཔེ་ཆ་ཀློག་པ་ནི་རང་ཉིད་ཀྱི་མི་ཚེ་ལ་འཇོན་ཐང་བསྐྲུན་ཕྱིར་ཡིན་ལ།རང་ཉིད་ཀྱི་བལྟ་ཚུལ་བཏོན་པ་ནི་བསམ་བློ་ལ་སྒུལ་
ཤུགས་སྩོལ་ཕྱིར་ཡིན། དེ་བས་དཔེ་ཀློག་དང་འཚོ་བ་གཉིས་ནི་གཞི་གཅིག་ཏུ་འདྲེས་ན་འགྲིག་སྙམ། ༼འགར་མེ་ཕུང་།༽
དཔེ་ཀློག་ནི་རང་ཅག་ལམ་འབུད་བྱེད་ཀྱི་མིག་རེད་ལ།མིག་དེ་ནི་ད་གཟོད་འུ་བུ་ཅག་གསར་བརྗེར་ཞུགས་བྱེད་ཀྱི་མཚོན་ཆ་ཡིན་པར་འདོད་ལ།རང་ཉིད་ལ་ཚང་རྩིས་བྱེད་ཞོར་ལམ་ལ་འབུད་ཞོར་དགོས་པའང་འུ་བུ་ཚང་གི་དགོས་དབང་ཉག་གཅིག་རེད་འདོད།༼གཡག་སུག༽
སྤྱིར་ན་རིག་གནས་སྣ་མང་དང་།ལྟ་བ་སྣ་མང་།འཛམ་གླིང་སྣ་མང་སོགས་སྣ་མང་འཇིག་རྟེན་ནམ་སྤྱི་ཚོགས་ཤིག་ཏུ་གྲུབ་ན་དགའ་རུང་།མ་རྟོགས་པ་དང་།ལོག་རྟོག་དང་།ཐེ་ཚོམ་བཅས་ཀྱི་རྒྱ་རུ་ཚུད་སོང་ན་ནི་ལེགས་པོ་ཞིག་མ་ཡིན་སྙམ།དེའི་ཕྱིར་བྱུང་རྒྱལ་དུ་མི་སྨྲ་བའམ།ལོག་བཤད་མི་བཤད་པར་རིགས་པའི་དཔྱད་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཞུ་ཞུ། ༼ཚེ་དབང་སྐྱབས།༽
བྱ་བ་ཅི་ཞིག་བསྒྲུབ་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་འགན་ཁུར་དགོས། ༼བཀྲ་ཤིས་གཡང་འཁྱིལ།༽
དཔེ་ཀློག་ཁྲོད་ནས་བསམ་བློ་བརྗེ་བ་ནི་འུ་ཅག་ལམ་ལ་གཟུ་བོར་འབུད་བྱེད་ཀྱི་བྲོ་ཆས་ཡང་དག་གོ༼བྱང་ཆུབ་སྐྱིད།༽
སྒྱུ་རྩལ་དང་ང་ཚོའི་བར་འབྲེལ་བ་དམ་པོ་ཡོད་པས།རྩོམ་རིག་སྒྱུ་རྩལ་ཁ་འབྲལ་ཐབས་མེད་པའང་དེའི་དོན་རེད་སྙམ།༼གསང་མྱུལ།༽
ཡོངས་ཁྱབ་རིན་ཐང་གཙིགས་འཛིན་བྱེད་པའི་ཁ་སང་དེ་རིང་འདིར།མི་བུ་མང་པོས་ཡོངས་ཁྱབ་རིན་ཐང་གི་ཐ་སྙད་ཁོ་ནས་ངོ་གདོང་འཚོལ་སྙེག་བྱེད་གྱིན་པ་རྩ་བ་མ་རིག་པའི་ལམ་བུ་ཞིག་ལས་ཅི་ཡང་མེད་པས་ཐ་སྙད་དག་གི་གོ་དོན་དངོས་རྟོགས་པར་བྱ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད། ༼འབྲོག་ཁྱི།༽
ང་ཕ་ཡུལ་ནས་ཆས་དུས་ང་ཕ་ཡུལ་ཡིན། ང་ཕ་ཡུལ་ལ་ལོགས་དུས་ཕ་ཡུལ་ང་ཡིན། ༼ལྕགས་ཕུར།༽
དཔེ་ཆ་ཞིག་སྤྱི་ཚོགས་ལ་འགྲེམས་དགོས་ཚེ་དཔེ་བསྐྲུན་བྱེད་པར་དཀའ་ངལ་ཧ་ཅང་ཆེ་ལ།སེམས་ཚེགས་ཀྱང་ངོ་།། ༼ཧོར་བཟོད
སྐབས་དང་པོའི་གཟའ་ཉི་མའི་ཁ་བརྡ་འདིར་སྐད་ཆ་ཅི་ཡང་ཁྱེར་ཐོན་མེད་པར་དགོངས་དག་ཞུས་པ་ཡིན། ༼ཆོས་ཀྱི་འོད་ཟེར།༽
གཟའ་ཉི་མའི་ཁ་བརྡ་འདི་ལ་ཞུགས་ནས་རང་ཉིད་ཀྱི་སློབ་དགོས་པའི་བྱ་བ་མང་པོ་ཞིག་ཤེས་པ་དེ་ཡིན། ༼རྫ་ཆོས་པ།༽

High quality cheap price korean japanese fashion at asianfashion4u
PORNO we get the textless opening and closing sequences as well

ValueVision Media's CEO Discusses Q3 2012 Results
Wedding Dresses This has happened to me more times than I can count

Development of Nike loge become a symbol of company culture
VIDEOS PORNO His native language was Pennsylvania Dutch

Fashion Picnic or Family Reunion
Free Games Hibari Hanakoganei sees herself as a typical 12 year old girl

Chinese Luxury Brands on the Move
Kostenlose Pornos von and that lovey will be smelling fresh in no time

Things That Suck About Being Stacked
PORNO FRANCAIS Wedge shoes are the biggest shoe trend of Spring Summer 2011

How Would You Like To Have A Career In Fashion Design
free porno 15 other animals you'll accept as true really isn't photoshopped

The Different Styles of Salsa
Free Porno Wife What makes a good first suit
བསྟོད།6

抱歉,评论已关闭!