ཁམས་གཟའ་སྐབས་བཅོ་བརྒྱད་པ“ཁམས་བྱང་རྒྱུད་ཀྱི་བོད་འབངས་སྡོད་ཁང་ལ་ཉམས་རྟོག”དང་འབྲེལ་བའི་འཕྲིན།

གསར་འགོད་པ། པད་མ་དབང་རྒྱལ།

ཚོགས་བྱང་། ཁམས་ཀྱི་གཟའ་ཉི་མ།
འགྲོ་དོན། གཟའ་ཉི་མའི་གནས་སྐོར་ཁག་དྲུག་པ་དང་སྒེར་གཞུང་དོན་གྱི་ཞོར་དུ་ལམ་བར་གྱི“ཁམས་བྱང་རྒྱུད་ཀྱི་བོད་འབངས་སྡོད་ཁང་ལ་ཉམས་རྟོག”
ཚོགས་ཐེངས། སྐབས་བཅོ་བརྒྱད་པ།
འགྲོ་དུས། གཟའ་མིག་དམར་དང་སྤེན་པ།(༢༠༡༢ལོའི་སྤྱི་ཟླ༦པའི་ཚེས༡༩དང༢༣ཉིན)
དུས་ཡུན། ཕར་འགྲོ་ཚུར་འོང་གི་ཉིན་གང་བོ།
འགྲོ་ཡུལ། དཀར་མཛེས་རྫོང་ནས་དར་མདོ་རྫོང་།
ཁོ་བོ་ནི་དུས་རྒྱུན་གྱི་འགྲུལ་བཞུད་ཁྲོད། འགྲུལ་འཁོར་དང་མེ་འཁོར་ལ་འདུག་པའི་སྐལ་བ་བྱུང་ན། ཐག་ཉེ་རིང་གང་ལ་འགྲོ་ཡང་ལམ་འགྲམ་གྱི་ཁོར་ཡུག་དང་སྣང་ངོར་འཆར་བའི་སྣང་ཚུལ་ལ་ལྟ་རྒྱུར་ཧ་ཅང་དགའ། འདི་ལ་དབྱར་དགུན་སྟོན་དཔྱིད་ཀྱིི་དུས་ཚིགས་ཀྱི་ཁྱད་པར་མེད་ལ། མི་རིགས་དང་གསར་རྙིང་གི་ཁྱད་པར་ཡང་གཏན་ནས་མེད། དེ་ལྟར་དུས་རྒྱུན་གྱི་འགྲུལ་བཞུད་ཁྲོད་ཀྱི་ལམ་གྱི་མཐོང་ཐོས་དང་གཟིགས་ཡུལ་ལ་ཡང་ཅི་རིགས་བདོག་ན། ད་ཐེངས་ཁོ་བོ་བོད་ཁམས་ཁུལ་གྱི་ནང་གསེས་ཁམས་བྱང་རྒྱུད་ལ་གཏོགས་པའི་ཁམས་དབུས་དཀར་མཛེས་རྫོང་ནས་དར་མདོ་བར་དུ་ཕར་འགྲོ་ཚུར་འོང་བྱས་པའི་གོ་རིམ་ཁྲོད་བོད་འབངས་ཚོའི་སྡོད་ཁང་གི་མཐོང་སྣང་དང་གཟིགས་ཡུལ་དག་ལྷན་འགོད་ཀྱིས་རྒྱ་ཆེའི་དྲ་ཞུགས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་འདོད།

དང་པོ། དཀར་མཛེས་ནས་བྲག་མགོ་རྒྱུད་ཀྱི་ས་ཤིང་སྡོད་ཁང་།

གོང་གི་པར་རིས་འདི་མཐོང་མ་ཐག་ང་ཚོའི་ཡིད་ངོར་ཅིག་ཅར་བརྡོལ་ཡོང་བ་ནི། སློབ་འབྲིང་སྐབས་སུ་ནངས་དགོང་ལ་བློར་འཇགས་ཅི་ཐུབ་བྱས་པའི་སའི་དགེ་བཅུའོ།། དེར་འདི་ལྟར་ཡོད་དེ། ཁང་ས་ཞིང་ས་ས་ཡི་དགེ། ཁང་ཤིང་བུར་ཤིང་ཤིང་གི་དགེ་ཞེས་པའོ།། རྒྱུད་འདིའི་ཁང་པ་ལ་ས་ཤིང་གཙོ་བོ་ཡིན་རྐྱེན་ནི་གནས་འདིའི་ཐོན་ཁུངས་ལ་འབྲེལ་ཆེ་བར་བསམ་སྟེ། རྒྱུ་བ་བཟང་པའི་སའི་ཐོན་ཁུངས་འབེལ་བ་དང་ཤིང་གི་ཐོན་ཁུངས་འབྲིང་ཙམ་ཡོད་པས་རེད།

གཉིས་པ། བྲག་མགོ་ནས་རྟའུ་རྒྱུད་ཀྱི་རྡོ་ཤིང་སྡོད་ཁང་།

ཡང་སའི་དགེ་བཅུ་ལ་འདི་ལྟར་ཡོད་དེ། ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ། ཁང་ཤིང་བུར་ཤིང་ཤིང་གི་དགེ་ཞེས་པའོ།། རྒྱུད་འདིར་གསོམ་སྡོང་གི་ནགས་མང་པས་ཤིང་ཆའི་ཐོན་ཁུངས་ཧ་ཅང་འབེལ་ཞིང་ལུང་རོང་དུ་ཆགས་པའི་ཆ་ནས་བྲག་རི་འཛོམས་པས་རྡོའི་ཐོན་ཁུངས་ཀྱང་འབེལ་བ་རྟོགས་ཡོང་། དེར་ང་ཚོ་བོད་པ་ནི་ཡུལ་ལ་བསྟུན་མཁས་ཤིང་གནས་དེའི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པར་མཁས་པ་ཡང་རྟོགས་སོ།།

གསུམ་པ། བྲག་མགོ་ནས་རྟའུ་རྒྱུད་ཀྱི་ཤིང་ཁང་།

ཁམས་བྱང་རྒྱུད་ཀྱི་དབང་དུ་བྱས་ན། རང་བྱུང་ནགས་ཚལ་གྱི་ཁེབས་རྒྱ་ཆེས་ཆེ་ས་དང་གནའ་སྡོང་ཆེན་པོ་ཆེས་མང་ས་ནི་བྲག་མགོ་ནས་རྟའུ་རྒྱུད་འདི་ཡིན་ཤས་ཆེ། རྒྱུ་མཚན་ནི་བོད་འབངས་ཚོས་སྡོད་ཁང་ལ་བཀོལ་བའི་ཀ་གདུང་གི་མང་ཚད་དང་སྦོམ་ཚད་ལ་བལྟས་པ་ལས་ཧ་གོ་ཡོང་། མ་ཟད་ཤིང་བཟོའི་ལག་རྩལ་གྱི་བྱང་ཚད་ཡང་རྩེར་སླེབས་ཡོད་པ་ཡང་ཕྱིའི་བཟོ་བཀོད་དང་བརྐོས་དཀྲོལ་དང་རྒྱན་རིས་དང་ཚོན་རིས་ལས་ཧ་གོ་ཡོང་། དེར་ཤིང་བཟོའི་གནས་ཚུལ་ལ་དུང་དཀར་ཚིག་མཛོད་ལས། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ལྷ་ས་གཙུག་ལག་ཁང་བཞེངས་སྐབས་ཀ་བ་བཟོ་དབྱིབས་མི་འདྲ་བ་དང་། ལྕམ་སྣ་ལ་སེང་གེའི་གཟུགས། གདུང་མ་དང་། གཞུའི་ལྡེབས་ལ་རོ་སྒྲུང་དང་དམངས་ཁྲོད་ཀྱི་སྒྲུང་གཏམ་ནང་བཤད་པའི་གཏམ་རྒྱུད་རི་མོ་སྣ་ཚོགས་ཤིང་ལ་བརྐོས་པ་དེང་སང་ཡང་བལྟ་རྒྱུ་ཡོད། པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བོད་ཀྱི་ཤིང་བཟོའི་ལག་རྩལ་མཁས་པ་ཡོད་ཚད་བསྡུས་པའི་ནང་ཤིང་བཟོ(དབུ་ཆེན)གཅིག་སྟེ་དོལ་གནས་གསར་པ་འཇམ་དབྱངས་དབང་པོ། དབུ་ཆུང(རྩེ་ཁ་ཆོས་སྐྱོང་སོགས)མི་གྲངས་བཅུ་གསུམ། ཤིང་བརྐོས་དབུ་ཆེན་མི་གཉིས(རྒྱ་རི་བསྟན་འཕེལ་སོགས)ཤིང་བརྐོས་ལག་རྩལ་ཨང་དང་གྲས(ས་གླང་གྲོང་པ་སོགས)མི་གྲངས་དགུ་བཅུ་གོ་ལྔ། ཤིང་བརྐོས་ལག་རྩལ་པ་འབྲིང་གྲས(རྒྱ་རི་ཙན་དན་སོགས)མི་གྲངས་བཅུ། ཤིང་བཟོ་བ་དཀྱུས་མ(རིན་སྤུངས་ཐང་དཀར་ཚེ་བདག་སོགས)མི་གྲངས་བརྒྱད་ཅུ་གྱ་དགུ། ཤིང་བཟོ་ཙག་ཙིག་བྱེད་མཁན(པ་སྣམ་མགོན་པོ་སོགས)མི་གྲངས་བཞི་བཅུ་ཞེ་གསུམ་བཅས་ཡོད། ཤིང་བཟོ་དབུ་ཆེན་གྱི་ལས་འགན་ནི་རྡོ་བཟོ་དབུ་ཆེན་དབུ་ཆུང་དང་མཉམ་འབྲེལ་གྱིས་ས་ཁྲ་བཀོད་རྒྱུ་དང་། ཐིག་ཚད་གཏན་ཁེལ་བྱེད་རྒྱུ། ཤིང་བཟོའི་ལས་ཀར་བཀོད་འདོམས་བྱེད་རྒྱུ་བཅས་ཡིན། དབུ་ཆུང་ནི་ལས་ཡུལ་དངོས་སུ་ཤིང་བཟོའི་ལག་ལེན་ཡོངས་རྫོགས་ལག་བསྟར་བྱེད་རྒྱུ་དང་དབུ་ཆེན་ལ་རོགས་རམ་བྱེད་རྒྱུ་དེ་ཡིན། དཀྱུས་མའི་གྲས་རྣམས་ཀྱིས་ཐིག་ཚད་གཏན་ཁེལ་ལྟར་ཤིང་གཅོད་རྒྱུ་དང་། རགས་བཟོ། འབུར་ལེན་རྒྱག་རྒྱུ། ཁོད་སྙོམས་བཟོ་རྒྱུ། ཤིང་བརྐོས་པ་རྣམས་ཀྱིས་ལྷ་བྲིས་པས་ཤོག་དཔར་བྲིས་པ་ལྟར་རི་མོར་བརྐོས་རྒྱུ་བཅས་ཡིན། ཁོང་ཚོའི་མིང་དང་སྐྱེ་ཡུལ་སོགས་ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ལེའུ་བཞི་པར་གསལ།

བཞི་པ། ར་རྔ་ཁའི་རྡོ་ཁང་།

འདི་ནི་ཁམས་མི་ཉག་གནས་ཡུལ་ཡིན་ལ། ཡུལ་འདིར་གཙོ་བོར་རྡོ་ཁང་ཧ་ཅང་རྒྱུགས་ཆེ། དེར་རྡོ་བཟོའི་གནས་ཚུལ་ལ་དུང་དཀར་ཚིག་མཛོད་དུ། རྒྱལ་པོ་གཉའ་ཁྲིའི་དུས་ཀྱི་ཕོ་བྲང་ཡུམ་བུ་བླ་མཁར་རྡོ་རྩིག་ལས་བཞེངས་པ་དང་། པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད། བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན། ད་ཡོད་པོ་ཏ་ལའི་ཕ་བྲང་དཀར་པོ་དང་། དམར་པོ་བཞེངས་སྐབས་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་མང་ཆེ་བ་བསྡུས་པའི་ནང་རིམ་པ་བཞིར་ཕྱེ་འདུག རིམ་པ་དང་པོ་དབུ་ཆེན་ཡིན་ཅིང་། དེའི་ལས་འགན་ནི་ཤིང་བཟོ་ཆེན་མོ་དང་མཉམ་འབྲེལ་གྱིས་ཁང་པི་འཆར་འགོད། ས་བཀྲ་བཟོ་རྒྱུ། རྡོ་བཟོ་བྱིངས་ལ་རྩིག་བཟོའི་བཀོད་འདོམས་བྱ་རྒྱུ། རྩིག་བཟོའི་ཐིག་ཚད་གཏན་འཁེལ་བྱེད་རྒྱུ། བཅག་གདོང་སོགས་གལ་ཆེའི་རྩིག་པ་རྣམས་རང་ཉིད་ངོ་མས་རྩིག་རྒྱུ་བཅས་ཡིན། རིམ་པ་གཉིས་པ་ནི་དབུ་ཆུང་ཡིན་ཅིང་། དེའི་ལས་འགན་ནི་ལས་ཡུལ་དངོས་སུ་འགོ་ནས་མཇུག་བར་གྱི་རྩིག་པ་རྒྱག་རྒྱུ་དང་། དབུ་ཆེན་ལ་རོགས་རམ་གྱི་ལས་འགན་སྒྲུབ་རྒྱུ་ཡིན། རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན་ཅིང་། ཁོ་ཚོའི་ལས་འགན་ནི་རྩིག་པ་གལ་ཆེའི་གྲས་ཕུད་པའི་གནད་ཆུང་བའི་རིགས་རྣམས་རྩིག་རྒྱུ་དང་། རྩིག་རྡོར་དགོས་པའི་རྡོ་ཆེན་བཟོ་དབྱིབས་སྣ་ཚོགས་བཟོ་བཅོས་བྱེད་རྒྱུ། རྡོ་རིང་དང་། རྡོ་སྐས་ལ་དགོས་པའི་རྡོ་ཆེན་བཟོ་རྒྱུ། རྡོ་བརྐོས་རི་མོ་སྣ་ཚོགས་བརྐོ་རྒྱུ་བཅས་ཡིན། རིམ་པ་བཞི་པ་ནི་དཀྱུས་མའི་གྲས་ཡིན། ཁོ་ཚོའི་ལས་འགན་ནི། རྩིག་བཟོར་དགོས་པའི་རྡོ་ཆེན་བཤག་ལས་དང་། རྡོ་རྩིག་བར་གྱི་ཅབ་ལྷེ་བཟོ་རྒྱུ། རྩིག་པའི་བར་སྟོང་རགྱོང་བྱེད་རྡོ་ཧྲུག་ཆེ་ཆུང་སྣ་ཚོགས་བཟོ་རྒྱུ། རྡོ་གཡམ་བཟོ་དབྱིབས་འདོན་རྒྱུ་བཅས་ཡིན། པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་སྐབས་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་ཡོད་ཚད་བསྡུས་པའི་ནང་དབུ་ཆེན(རྒྱུ་སྨོན་དར་རྒྱས)མི་གཅིགདབུ་ཆུང(དོལ་རྣམ་ལི་ལི་སོགས)
མི་གྲངས་བདུན། བྱིངས་གྲས(ཟ་དམ་དགོས་འདོད་སོགས)མི་གྲངས་བརྒྱ་དང་བཞི་བཅུ་ཞེ་ལྔ། དཀྱུས་མའི་གྲས(གུ་རུ་སྐྱབས་སོགས)མི་གྲངས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་བཅས་ཡོད་པ་རྣམས་སྐྱེ་ཡུལ་དང་མིང་བཅས་ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ། ཡང་དུང་དཀར་ཚིག་མཛོད་ལས། ཨར་རྒྱག་རྒྱུ་ཆའི་ཐད། རྡོ་ཆེན་དང་། ཆུ་རྡོ། རྡོ་གཡམ་། ཤིང་། ས། ས་དམར། བྱེ་མ། སྦ་དཀར། ཨར་ཀ་སོགས་དགོས་པ་དེ་དག་གི་འགྲོ་ཁུངས་ནི་རྡོ་ཆེན་གྱིས་ཕྱི་རྩིག་དང་། ས་དམར་གྱིས་ཀོག་འདག སྦ་དཀར་དང་བྱེ་མ་བསྲེས་ནས་འཇལ་ཞལ། ས་དང་བྱེ་མ་བསྲེས་ན་སརྩུབ་ཞལ། ས་དམར་གྱིས་ཐོག་འདག་དང་མཐིལ་ཞལ། ཨར་ཀའམ་སྦ་དཀར་སྦ་སག་བསྲེས་པས་ཐོག་ཞལ་དང་། མཐིལ་ཞལ། ཉ་རྒྱབ། རྡོ་གཡམ་གྱིས་གོང་ལའི་ཆུ་འཛར། ས་ཕག་དང་ཡང་ན་གླང་མ་ཤིང་གི་ཡལ་ག་ཀ་དབྲག་དབར་ལྷས་ནས་ཞལ་བ་བཏང་བའི་ཤག་མ་ཞེས་པའམ་པང་ལེབ་སོགས་ཀྱིས་བར་བཅད། ཆུ་རྡོས་གྲལ་རྡོ་དང་། རྩིག་འགྲམ་གྱི་ཆུ་ལེན། ཤིང་གི་ཀ་གདུང་དང་། ལྕམ་དྲལ། སྒོ་སྒེའུ་ཁུང་གི་ཤིང་སངས་དང་རུ་གཞི་སོགས་བཟོ་གི་ཡོད་པ་རེད་ཅེས་གསལ།

ལྔ་པ། ཁང་ནང་གི་བཟོ་བཀོད།

དུང་དཀར་ཚིག་མཛོད་དུ། བོད་ཀྱི་འཛུགས་སྐྲུན་བཟོ་རྩལ་ལ་དགོན་པ་དང་། ཕོ་བྲང་། སྤྱིར་བཏང་གི་ཁང་པ་བཅས་བཟོ་དབྱིབས་ཁག་གསུམ་དུ་དབྱེ་ན་འགྲིག མང་ཚོགས་ཀྱི་སྡོད་ཁང་ལ་ཡང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གནས་སྟངས་ཀྱི་རྐྱེན་པས་ཁང་པའི་བཟི་དབྱིབས་ཀྱང་ཁྱད་པར་ཡོད་པ་སྟེ། གྲོང་ཁྱེར་གྱི་ཁང་བཟོའི་ཐད་རྒྱ་ལམ་འགྲམ་གྱི་འོག་ཁང་ལ་ཚོང་ཁང་དང་རྒྱབ་ངོས་སུ་སྡོད་ཁང་ངམ་ཁང་གླ་གཏོང་ཡུལ་ཡང་ཡོད། བར་ཐོག་དང་སྟེང་ཐོག་རྣམས་བཟོ་བཀོད་མཛེས་ལ་དཀར་ཆ་དོད་ཐོག་ཤིང་ཆར་ཡང་རྒྱན་རིས་ཅུང་ཟད་རྒྱག་སྲོལ་ཡོད། གྲོང་ཁྱེར་གྱི་ཁང་པ་སྟེ་སྤྱི་ཁང་དང་སྒེར་ཁང་ལ་བཟོ་ཁྱད་ནི་སྤྱི་ཁང་ཕལ་ཆེར་སྒོ་ར་ཆེ་བ་གཅིག་གི་ནང་ཁང་མིག་མང་པོ་ཡོད་ལ་སྒོ་ར་སོ་སོའི་ནང་ཐེམ་དུད་མང་པོ་ཡོད། གྲོང་གསེབ་ཀྱི་ཁང་པར་མ་ཁང་གི་རྒྱབ་དང་གཡས་གཡོན་དུ་ཕྱུགས་ར་དང་གཟན་ཁང་ཡོད། གཞིས་ཁང་ལས་དེ་བྱིངས་ཁང་པ་ཕལ་ཆེར་ཐོག་གཅིག་མ་ཡིན། གྲོང་ཁྱེར་ནང་གཞུང་ལམ་གྱི་འགྲམ་དུ་འཁེལ་ཞིང་ཕྱོགས་གཞན་དུ་སྒོ་འདོན་ཡུལ་མེད་པ་རྣམས་ཕུད། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་གཞུང་སྒོ་བྱང་དུ་བཏོན་པའི་སྲོལ་མེད་ལ། གཞུང་སྒོ་དང་སྐས་འཛེག་ཐད་ཀ་དང་། ཁང་རྒྱབ་ཏུ་ཤིང་སྡོང་རྐང་གཅིག་དང་ཆུ་མིག་འཁེལ་བར་འཛེམ་ཞིང་། གལ་སྲིད་གཞུང་སྒོ་དང་སྐས་འཛེག་ཐད་ཀར་འཁེལ་ན་སྒོ་ནང་དུ་རྩིག་པ་ཞིག་བསླངས་ཏེ་སྒྲིབ་ཀྱི་ཡོད། བོད་ཁང་ཕལ་ཆེར་ཁ་ལྷོ་ལྟ་བྱེད་པ་ནི་དབྱར་དུས་སུ་རླུང་འགྲོ་དང་དགུན་དུས་ཉི་འོད་ཁང་པའི་ནང་ཕོག་ཆེ་བའི་ཁྱད་ཡིན་པ་དང་། ཐོག་ཀ(རོང་མཚམས་ཕུད)ཚང་མ་ལེབ་མོ་ཡིན་སྟབས་ཐོག་སྟེང་དུ་ཟས་རིགས་བསྐམ་ས་དང་ཉི་མ་སྲོ་ས་སོགས་བྱས་ཆོག སྒེར་ཁང་རང་བདག་བྱེད་པ་ཕལ་ཆེར་ཀྱི་ཁང་བཀོད་ནི་མཛོད་ཁང་གཙོ་བོ་དང་ཚོམས་ཆེན་རྣམས་བྱང་ངོས་དང་། ཤར་ལྷོའི་ངོས་སུ་ཐབ་ཚང་། ལྷོ་ནུབ་ངོས་སུ་གསང་གཅོད་བཟོ་སྲོལ་ཡང《བེེ་དཀར》ནང་གསལ་ས་དཔྱད་བརྟག་པ་ནས་བཤད་པ་དང་བསྟུན་པ་ཡིན། གྲོང་མིའི་སྡོད་ཁང་ཕལ་ཆེར་གྱི་ཡང་སྟེང་དུ་རྩིག་ཟུར་ཁག་ལ་དར་ལྕོག་འཛུགས་ཡུལ་ལྷ་བཙུགས་བཟོ་སྲོལ་ཡོད། ཁང་པ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་གྲུ་ནར་རམ་ཟུར་མང་བཟོ་བ་མ་གཏོགས་གྲུ་བཞི་ཤོ་ལྟ་བུ་མི་བཟོ་བ་ནི་ཁང་པ་གྲུ་བཞིར་འཁྲུག་པ་རྒྱུན་མི་ཆད་ཅེས་ཟེར་སྲོལ་ཡོད། ཁང་བཟོར་ཇ་ཕྲ་གཟུགས་ཞེས་ཁང་པའི་མདུན་རྐྱང་ཐོག་དང་དེ་ནས་རྒྱབ་ངོས་ཐོག་རྩེག་རིམ་སྤར་བྱས་པ། རྒྱབ་སུལ་ཞེས་མདུན་ངོས་ཐད་ལ་རྒྱབ་ཏུ་གློ་འབུར་གཅིག་གམ་གཉིས་ཡོད་པ་ཟུར་མང་དང་ཟུར་བརྒྱད་ཟེར། ཚོན་རྩིའི་ཐད། འོག་ཁང་དུ་སྒོ་ཁང་སྒེ་ཁུང་མ་གཏོགས་ཚོན་གཏོང་གི་མེད། སྟེང་ཁང་རྣམས་ལ་ཚོན་རྩི་མཛེས་རིས་སྣ་ཚོགས་བཀོད་ཀྱི་ཡོད་པ་སྟེ། དཔེར་ན་ཕོ་བྲང་ངམ་གཞིས་ཁང་སོགས་ཀྱི་ཚོམ་ཆེན་དང་གཟིམ་ཆུང་གཙོ་བོ་སོགས་ཀྱི་རྩིག་ལྡེབས་དང་ཤིང་ཆར་མཛེས་རིས་སྣ་ཚོགས་དང་། བར་ཁྱམས་ལྟ་བུར་སྤྱིར་བཏང་གི་ཚོན་རྩི་གཏོང་གི་ཡོད། ལྷ་ཁང་ངམ་དགོན་པ། བླ་བྲང་སོགས་ལ་ཚོས་གཞི་དམར་སེར་ཤས་ཆེ་བ་དང་། ཁྱིམ་པའི་ཁང་པར་ཚོས་གཞི་སྔོ་ལྗང་ཤས་ཆེ་རུང་ཚོམས་ཆེན་དང་མཆོད་ཁང་དེར་ཚོན་རྩི་དམར་སེར་ཁོ་ན་གཏོང་གི་ཡོད། རྩིག་ལྡེབས་ཀྱི་ཚོན་རྒྱས་བསྡུས་ཇི་ལྟར་ཡང་ཐོག་མཚམས་སུ་ཤམ་བུ་དང་རྩིག་པའི་ཕྱེད་ཡོལ་ཙམ་ནས་དམར་སྔོ་ལྗང་གསུམ་གྱི་སྐེད་རིས། གཤམ་དུ་ཐང་གཤམ་ཞེས་པའི་དམར་པོའམ་རྒྱ་སྨུག་གཏོང་གི་ཡོད།

དྲུག་པ། འཕྲོས་གཏམ།

༡ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་རིགས་སོ་སོས་རང་མཐུན་གྱི་རིག་གནས་རེ་བསྐྲུན་ཡོད་ལ། དེའི་མངོན་སྟོབས་ལ་བརྟེན་ནས་མི་རིགས་སོ་སོར་རིག་གནས་རང་མཚན་པ་གྲུབ་ཡོད། དེ་བས། ང་ཚོ་བོད་ཀྱི་སྡོད་ཁང་ལ་མཚོན་ན་ཡང་། བསྐལ་བ་ཡ་ཐོག་གི་བྲག་ཁུང་དང་རྩྭ་སྤྱིལ། ཤིང་སྤྱིལ། དེ་ནས་རང་བྱུང་གི་རི་དྭགས་སྒོ་ཟོག་ལ་བཀུག་པ་ལས་སྦྲ་གུར་དང་རང་བྱུང་གི་རྩི་ཏོག་བཟའ་འབྲུ་ལ་འདེམས་པ་ལས་ཡུལ་བའི་ཁང་ཁྱིམ་བྱུང་བ། དེ་ནས་བཙན་པོ་བྱུང་བ་ནས་ཕོ་བྲང་དང་། བླ་མ་བྱུང་བ་ནས་གཟིམ་ཁང་དང་དགོན་པ། དཔོན་པོ་བྱུང་བ་ནས་གཞིས་ཀ་དང་དམངས་ཕལ་གྱི་ཁང་པ་སོགས་རབ་དང་རིམ་པ་བྱུང་བ་རེད། འདིའི་ཁྲོད་དུ་རང་བྱུང་གི་ཐོན་ཁུངས་གང་ལ་གང་འཚམ་གྱིས་བཀོལ་ཏེ་བོད་རང་གི་འཚོ་གནས་དང་འཚམ་པའི་སྡོད་ཁང་ཁྱད་འཕགས་ཤིག་གྲུབ་ཅིང་བཟོ་ལུགས་ཀྱང་དེ་ལ་དེ་བསྟུན་རེད།
༢དཀར་མཛེས་ནས་ར་རྔ་ཁ་བར་གྱི་ས་ཤིང་ཁང་དང་རྡོ་ཤིང་ཁང་། ཡང་ན་རྡོ་ཁང་གང་ཞིག་ཡིན་རུང་། ཁང་ཀླད་ཀྱི་རྣམ་པ་ལ་ལེབ་མོ་དང་ཡང་ན་སྒང་འབུར་གང་རུང་ཡོད་པ་རེད། ཐུན་མོང་གི་ཐོག་སོའི་ཁང་མདུན་དང་ཡང་ན་ཁང་སྟེང་ལ་དར་ལྕོག་བརྩེངས་ཡོད་པ་རེད།
༣ར་རྔ་ཁ་གཞི་བྱས་པའི་བོད་ཁང་གི་རྩིག་པའི་ཁྱད་ཆོས་གཙོ་བོ་ནི་རྩིག་རྨང་བྲུས་ནས་སེང་རྡོ་ཞེས་རྡོ་ལག་པས་ཐེག་ཙམ་ཞིག་གིས་བཅག་བཅག་བཏང་བས་རྩིག་རྨང་བརྟན་པ་དང་རྩིག་པ་རྡོ་བསྟར་རེ་ལོངས་མཚམས་སེང་རྡོ་རེ་བརྒྱབ་སྟབས་རྩིག་པར་བབས་གཞོད་ཉུང་བ། ཅབ་ལ་དང་སྲུབ་བཀག་གིས་རྡོ་ཆེན་བར་དུ་ཕྲེད་གཞུང་དུ་བཅུག་སྟབས་རྡོ་ཆེན་གྱི་སྒྲོག་ལ་སྐྱོར་གྱི་ནུས་པ་ཐོན་པ། རྩིག་རྡོ་རྣམས་སྙལ་ནས་རྩིག་སྟབས་ཕན་ཚུན་སྒྲོག་དམ་པ། རྡོ་ཆེན་ཕྱི་ནང་གཉིས་ཀྱི་བར་ཁོག་རྡོ་ཞེས་རྡོ་ཆེན་དང་། གསེབ་ཧྲུག་ཅེས་རྡོ་ཧྲུག་འདམ་པའི་ཁར་བླུགས་པ་དེས་རྩིག་པའི་ཁོག་པ་ཚགས་དམ་པ། གཤམ་ནས་སྟེང་བར་འཐེན་ཞེས་རྩིག་ཞེས་ཕྱི་ངོས་ནས་སྐུམ་པར་བརྟེན་འོག་གི་རྩིག་རྡོར་གནོན་ཤུགས་ཆུང་བ་བཅས་ཀྱི་ཁྱད་ཆོས་ཡོད། དུང་དཀར་ཚིག་མཛོད་ལས་དྲངས།
༤ར་རྔ་ཁ་མ་གཏོགས་དཀར་མཛེས་བྲག་མགོ་རྟའུ་གང་ཞིག་ཡིན་རུང་གྲོང་པའི་བོད་འབངས་སྡོད་ཁང་ལ་ཉིས་ཐོག་རྒྱུགས་ཆེ་ཞིང་ཐོག་སོའི་ཤིང་ཁང་གི་ཚོན་མདོག་ལ་དམར་སྨུག་གམ་ངུར་སྨུག་བཏང་ཡོད་པ་རེད། དེར་ཁོ་བོས་སྔོན་མ་ནས་ཡུལ་འདི་དག་གི་སློབ་མ་ཚོ་ལ་དབྱར་དགུན་གནང་གི་གོ་སྐབས་དང་བསྟུན་ནས། རང་རང་སོ་སོའི་ཕ་ཡུལ་གྱི་ཨ་ཕ་ཨ་མ་དང་གྲོང་པའི་རྒན་རྒོན་མཁས་པ་ཅན་ལ་འདྲི་བར་བྱས་ན། ཁ་ཁུར་གྱིས་དགོན་པ་དང་གྲྭ་པ་བླ་མ་ལས་ཚུར་བླངས་པ་རེད་ཟེར། ཡང་ཁ་ཁུར་གྱིས་ཕོ་བྲང་པོ་ཏ་ལའི་ཁ་མདོག་དཀར་དམར་གཉིས་ལ་ལད་མོ་བྱས་པ་རེད་ཟེར། གང་ལྟར་ང་ལ་མཁོ་ཆེ་བའི་ལུགས་མཐུན་གྱི་ཁུངས་བཙུན་ཞིག་རྙེད་མ་སོང་། རྒྱུ་མཚན་ནི། ང་རང་གིས་འདོད་ཚུལ་ཡིན་ན་ང་ཚོ་བོད་པའི་དགོན་པ་དག་གིས་དམངས་ཁྲོད་ཀྱི་བཟོ་ལུགས་ཕར་དྲངས་པ་ལས་བོད་འབངས་ཀྱིས་ཚུར་དྲངས་པ་མིན་པར་འདོད། དེ་ནི་ལོ་རྒྱུས་ཀྱི་བྱུང་རིམ་ལ་མ་བརྟག་པའི་སྐྱོན་མཆིས། ཡང་ཕོ་བྲང་པོ་ཏ་ལའི་དཀར་དམར་གཉིས་ལས་མ་ཡིན་པར་འདོད་དེ། གལ་སྲིད་ཁྱེད་རང་ལྷ་ས་ལ་འགྲོ་མྱོང་མཁན་ཞིག་ཡིན་ན་ཧ་གོ་ཡོང་སྟེ། གཙུག་ལག་ཁང་གི་ཐོག་སོ་གཉིས་པའི་ལྡེབས་ངོས་སུ་སྔོན་མའི་པོ་ཏ་ལའི་མ་དཔེའི་ཡོད་པར། ཐོག་སོ་ཧྲིལ་བོའི་ཁ་མདོག་དམར་སྨུག་ཡིན་པ་ལས་ད་ལྟའི་དཀར་དམར་ཅན་མ་རེད། དེ་བས། ཁོ་བོ་ལ་འདོད་ལུགས་གཞན་ཞིག་ཡོད་པ་ནི། ཕོ་བྲང་པོ་ཏ་ལ་ལ་བལྟས་པས་ཤེས་ཏེ། ང་ཚོ་བོད་པའི་ངོས་ནས་ཁ་དོག་དམར་སྨུག་གིས་ཅི་ཞིག་མཚོན་པ་རེད་ཅེ་ན། སྲིད་མཚོན་པ་རེད། བཙན་པོའི་དུས་སུ་སྲིད་ནི་དམག་གིས་མཚོན་པ་རེད། དེའི་རྐྱེན་གྱིས་དམར་སྨུག་བགོ་རྐྱེན་ནི་ཁམས་ཀྱི་བོད་འབངས་དག་ནི་ང་ཚོའི་ལོ་རྒྱུས་དེབ་ཐེར་ལ་གྲགས་ལུགས་ལྟར། བོད་དམག་གི་རྗེས་རབས་པ་འཁྲུལ་མེད་ཡིན་པ་དེ་རེད། དེར་གཅིག་ནས་ད་ལྟའི་ཁམས་པ་ཚོའི་དཔའ་ཡིས་བདེན་པ་སྤྲད་ཡོད་ལ། གཉིས་ནས་ཁང་པའི་ཁ་མདོག་གིས་བཅོས་མིན་དུ་མཚོན་འདུག མ་ཟད། ཁ་མདོག་དམར་སྨུག་ལ་ང་ཚོ་བོད་པའི་ངོས་ནས་བཤད་ན། སྲིད་ཀྱི་དམག་དོན་ཁོ་ན་ཙམ་མཚོན་པ་མ་ཡིན་པར། ད་དུང་དཔའ་དང་གཟི་བརྗིད་དང་རླབས་ཆེན་ཀྱང་མཚོན་པར་འདོད་དེ། བོད་བཙན་པོ་སྐབས་སུ་བཙན་པོ་དག་གིས་དབུ་ཞྭ་ལ་ལ་ཐོད་ཅེས་པའི་མདོག་དམར་སྨུག་ཅིག་མནབས་པས་ཀྱང་རེད། ད་དུང་ཁ་དོག་གི་ཆ་ནས་བཤད་ན། དཀར་སེར་གྱི་ཉི་འོད་ལྡོག་འཕྲོ་བྱེད་པའི་ནུས་པ་ཧ་ཅང་ཆེ་བས་མིག་ལ་གཙེ་ཆེ་བ་དང་། ནག་པོས་ཉི་འོད་བསྡུ་ལེན་བྱེད་པའི་ནུས་པ་ཆེ་བས་ཚ་བ་ཆེ་བ་རེད། དམར་སྨུག་ལ་ཉི་འོད་ལྡོག་འཕྲོ་བྱེད་པའི་ནུས་པ་ཅུང་གཉོམ་པ་དང་བསྡུ་ལེན་བྱེད་པའི་ནུས་པ་རན་པ་ཡིན་པས་མིས་བལྟས་ན་མིག་ལ་འཚམ་ཞིང་ཁང་ནང་དུ་བསྡད་ན་དྲོད་འཇམ་ཆེ་བ་རེད། མ་ཟད་ང་ཚོ་བོད་ཁུལ་ནི་ཉི་འོད་ཧ་ཅང་བཙན་ཞིང་དྲག་པོ་ཡིན་པར་དམར་སྨུག་གིས་ཉི་འོད་ཀྱིས་ཤིང་བསླད་ཟད་བྱེད་པའི་ནུས་པའང་ཅིག་ཅར་དུ་འགོག་ཐུབ་པས་ཁང་པའི་ཚེ་སྲོག་ཇེ་བརྟན་དུ་བཏང་ཡོད་པ་སོགས་ཀྱི་དགེ་མཚན་ལྡན་པ་རེད།
༥རྒྱུད་འདིའི་བོད་ཁང་དག་ལས་འདི་འདྲའི་བློ་བསྐྱེད་རྙེད་རྒྱུ་ཡོད་དེ། གཅིག་ནས་རང་བྱུང་གནོད་འཚེ་འགོག་པའི་བཟང་ཆ་ཡོད་དེ། མ་གཞི་བོད་ཡུལ་གཡང་གི་ར་བ་འདི་ལ་རང་བྱུང་གནོད་འཚེ་ལས་ས་ཡོམ་གྱི་གནོད་འཚེ་ཧ་ཅང་ཆེ་སྟེ། གོ་ལ་ཧྲིལ་བོའི་ངོས་ནས་བཤད་ན། བོད་ཡུལ་འདི་ས་ཡོམ་གྱི་ལྟེ་གནས་ཡིན་པ་རེད། འདི་ལ་སློབ་འབྲིང་གི་ཤེས་བྱས་འཐུས། བོད་ཁུལ་ལས་ཀྱང་ཁམས་ཁུལ་འདི་ལ་ས་ཡོམ་གྱི་གནོད་འཚེ་ཧ་ཅང་ཆེ་བ་དང་། དེ་ལས་ཀྱང་བྲག་མགོ་ནི་ས་ཡོམ་གྱི་ཁུངས་ལྟེ་ཞིགཡིན་པ་རེད། དེ་བས། འདི་ལྟར་ས་ཤིང་དང་རྡོ་ཤིང་གི་ཁང་པ་ལས་ན། ས་ཡོམ་ཚད་མཐོ་ཤོས་ཏེ་བདུན་བརྒྱད་བྱུང་རུང་རྒྱུ་ཤོར་སྲོག་ཤོར་གྱི་ཉེན་ཁ་ཆེན་པོ་མེད། འདི་ནི་ཁོང་རང་ཚོའི་ཁང་པ་ལ་འདེམས་པའི་རྒྱུ་ཆ་དང་ཁང་པའི་བཟོ་བཀོད་ཀྱི་ལས་སྟངས་ལ་འབྲེལ་ཆེ། གཉིས་ནས་རང་བྱུང་ཁམས་ལ་འཆམ་མཐུན་ཡིན་པ། ཁང་བཟོའི་ཆེད་དུ་ཡུལ་དེའི་ཐོན་ཁུངས་སྔོག་འདོན་བྱས་རུང་ཡུལ་ཧྲིལ་བོའི་ཁོར་ཡུག་ལ་མི་གནོད་ཅིང་ཚེ་ཚེ་རབས་རབས་སུ་འཚོ་ཐུབ་པས་དུས་རབས་ཀྱི་མདུན་དུ་སྐྱོད་ཀྱིན་པའི་འདུ་ཤེས་ཏེ་འཛམ་གླིང་རང་བཞིན་གྱིས་མངོན་བསྒྲགས་རྒྱ་ཆེར་སྤེལ་བཞིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྟ་བ་དང་མཐུན་པ་རེད། དེ་བས། རང་བྱུང་དང་མི་གཞི་གཅིག་ཏུ་འདྲེས་ཤིང་གཅིག་ལ་གཅིག་རྒྱན་གྱི་ནུས་པ་ཐོན་ཡོད། གསུམ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐྱེ་ཁམས་འདུ་ཤེས་ཤུགས་ཆེ་བ་མཚོན་ཡོད། བཞི་ནས་ལོ་རྒྱུས་ཀྱི་དམག་དོན་གྱི་དོན་སྙིང་ཆེས་ཆེར་ལྡན། ལྔ་ནས་ཐོན་ཁུངས་གྲོན་ཆུང་གི་འདུ་ཤེས་ཀྱང་ལྡན་པ་ཤུགས་སུ་རྟོགས་ཐུབ།
༦བཟོ་བཀོད་འདི་དག་ལ་མི་རིགས་རིག་པ་དང་། གནའ་རྟོག་རིག་པ། འཛུགས་སྐྲུན་རིག་པ། མཛེས་དཔྱོད་རིག་པ། དམངས་སྲོལ་རིག་པ་སོགས་ཕྱོགས་གང་ཐད་ནས་ཞིབ་འཇུག་བྱས་ཏེ། ལོ་རྒྱུས་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་། མཛེས་དཔྱོད་ཀྱི་རིན་ཐང་། རྒྱན་སྤྲས་ཀྱི་རིན་ཐང་། ཡུལ་སྐོར་གྱི་རིན་ཐང་སོགས་མངོན་ཅི་ཐུབ་བྱས་ཆོག མདོར་ན། རིན་ཐང་འདི་དག་ལ་བརྟེན་ནས་སྲོལ་རྒྱུན་རྒྱུན་འཛིན་དང་། དུས་རབས་དང་མཐུན་པར་ཁྱབ་སྤེལ། གསར་བཅོས་སོགས་བྱས་ཏེ་འཛམ་གླིང་སྟེང་ཐུན་མིན་གྱི་ཁྱད་གཤིས་ལྡན་པའི་བཟོ་བཀོད་སྲུང་སྐྱོབ་ཀྱི་ཁོངས་སུ་ལེགས་འདེམས་བྱ་བར་འབད་དགོས། གལ་སྲིད་ཁྱེད་རང་ནས་གྲོང་ཁྱེར་ཆེན་པོ་ནས་བོད་ལུགས་ཀྱི་ཇ་ཁང་ངམ་ཆང་ཁང་སོགས་ལོངས་སྤྱོད་ཀྱི་བསྟི་གནས་ཤིག་བསྐྲུན་འདོད་ཀྱི་འདུན་པ་ཆེན་པོ་ཡོད་ཚེ། གནས་འདིར་ཕེབས་དང་བཟོ་བཀོད་ཀྱི་རྒྱུ་ཆ་འཛོམས་པོ་རེ་བཏུ་རྒྱུ་ཡོད་ཤ་སྟག་རེད།
༧གཞན་ཁམས་ཁུལ་གཞི་བྱས་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཁང་པའི་བཟོ་བཀོད་དང་ཐ་ན་དགོན་པ་མང་ཆེ་བས་འདུ་ཁང་ལྷ་ཁང་དག་ལ་བོད་རང་གི་སྲོལ་རྒྱུན་གྱི་རྒྱུ་ཆ་སྟེ་ས་རྡོ་ཤིང་བཀོལ་བ་བསྐྱུར་ཏེ། ཁང་པའི་མ་གཞི་ཨར་འདམ་དང་ལྕགས་རིགས་ཀྱིས་ཚབ་བྱས་ཏེ་ཕྱིའི་འབུར་བརྐོས་དང་ནང་གི་འབུར་བརྐོས་རྒྱན་སྤྲས་ལ་བོད་རང་གི་ལུགས་བྱེད་བཞིན་པ་ནི་སྲུང་སྐྱོབ་ཡིན་ནམ་ཡང་ན་དེང་རབས་ཡིན། ཡང་ན་ཡུལ་ལུགས་དང་མཐུན་པའི་བཟོ་བཀོད་རེད། ཡང་ན་གནོད་འཚེ་འགོག་ཐུབ་ཅིང་བོད་ལུགས་ཀྱི་སྲོལ་རྒྱུན་སྲུང་ཐུབ་པའི་བཟོ་བཀོད་ཀྱི་ཁྱད་རྟགས་རེད། འདི་ནི་ཚང་མའི་བསམ་བྱ་དང་གཞིག་ཡུལ་རེད་དོ།།

Spotting the American in Europe
FIGHTSTATE encyclopedia content article

inch vivienne tam edition netbook
Porno Wives and mothers entered the workplace in record numbers

A Study on Brazilian Keratin Treatment
Porno Pins can adorn hijab as they hold fabric in place

The Many Shades Of A Travel Bag
Porno think about proportions

On Which Finger Do You Wear an Eternity Ring
Videos porno Ombr is the hottest trend in fashion right now

How to Become an Expert on Fashion and Trends
theGadgetPill indispensable nor well-liked way garment

military families at the Cinderella
Porno lead eight 80s lifelike dolls for girls

Buy exclusive and premium quality clothing collection at one place
TOKYO POP LINE Beauty has a price

Compare Kim Kardashian's fashion style with that of Kate Middleton
dontgiveupworld.com Nothing wrong with that

How to Start an Independent Clothing Line
PORNO and often times they can

The Divine Right Of Church Government And Excommunication
VIDEOS PORNO XXX these guys aren't just a couple of sinister

Is The ETQ TG72K12 The Best Portable Generator in Its Class
XXX Porno the way to get via shawls by hoda for any design verify

Innovations in the Apparel Industry to Keep Up With the Competition
Porno XXX Her gender bending spirit lives on in

Complete Your Look with Cheap Fashion Blazers at TideStore
Kostenlose when it became known that he owned 50 pairs

CLOVERFIELD Hits DVD April 22
Jeux Gratuits Daughters of Darkness is pretty tame by today's standards

9 Houses You Won't Believe People Actually Live In
Porno consider yourself and your place in society

Why Procter Gamble Is A Favorite Of Investors
game 16 fantastic clothing exposes exposed through new york city model week season 2015

when' Guide for an Easy Shopping
porno Whether it's bikinis

Can the law ever catch up with the Internet
porno i can not keep on a bra regarding individual first time

Ayurvedic recipe Bio Kelp for challenging hair growth treatment
Porno where to buy gown when the big apple

WATCHMEN Director Unveils New Footage
porno Weyco Group's Senior Vice President and Chief Financial Officer
The Perfect Style Women Fashion Dresses
PORNO which is girly and feminine

Victoria Beckham Cheryl Cole In WAG Fight
Prom Dresses A Movie for Kids

What are the Important Considerations before Launching Your Fashion Brand Online
VIDEOS PORNO that pretty much how you style up a black dress

How to Wear a Cricket Jacket
Free Games witnessed 3d reduces end victory

Upscale Retailer Neiman Marcus Exits eBay
pornos whether they were meant to or not

The Beauty of Antique Jewelry
free xxx choosing garments because college or university

Comfortable and Stylish Platform Clogs
Tube XXX considerate and easy going with girls

Easter dresses starting at only
Filme Porno The world of fashion design is diverse
བསྟོད།6

抱歉,评论已关闭!