ཁམས་གཟའ་སྐབས་བཅུ་དགུ་པ“རྒྱལ་ཁ་དང་ཉམས་མྱོང”དང་འབྲེལ་བའི་འཕྲིན།

གསར་འགོད་པ། པད་མ་དབང་རྒྱལ།

ཚོགས་བྱང་། ཁམས་ཀྱི་གཟའ་ཉི་མ།
ཚོགས་པའི་གླེང་གཞི། མཐོ་གསུམ་སློབ་མས་མཐོ་རྒྱུགས་འཕྲོད་པའི་ངོས་ནས་རང་གི་ཉམས་མྱོང་བརྗོད་པ།
ཚོགས་ཐེངས། སྐབས་བཅུ་དགུ་པ།
ཚོགས་དུས། གཟའ་ལྷག་པ།(༢༠༡༢ལོའི་སྤྱི་ཟླཔ༦འི་ཚེས༢༧ཉིན)
ཚོགས་ཡུན། དུས་ཚོད༡༩:༠༠~༢༡:༣༠
ཚོགས་ར། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་།
སྒྲུབ་མཁན། མཐོ་གཉིས་དང་པོ་དང་ཁམས་གཟའ།
མཐོ་རྒྱུགས་ལ་རྒྱུགས་འབྲས་གཡུར་ཟ་བླངས་པའི་གདན་ཞུ་སློབ་མ། མི་སྣ༧
མཐོ་རྒྱུགས་ཀྱི་རྒྱུགས་གཞི་ལ་དཔྱོད་མཁན་གྱི་གདན་ཞུ་དགེན། མི་སྣ༣

ཚན་པ་དང་པོ། མཐོ་རྒྱུགས་ལ་རྒྱུགས་འབྲས་གཡུར་ཟ་ལེན་མཁན་གྱི་སློབ་མས་གཏམ་བཤད་གནང་།
དང་པོ། སློབ་མ་བློ་བཟང་རྒྱ་མཚོ། (གཏམ་བཤད་གནད་བསྡུས)
༡དུས་ཚོད་བཀོད་སྒྲིག ༢བསླབ་ཚན་ཕྱོགས་རིས་མི་འཛིན་པ། ༣རང་ཉིད་ཀྱི་འབད་འབྲས་ལ་ཡིད་ཆེས། ༤དགེན་ལ་ཡིད་ཆེས། ༥སློབ་སྦྱོང་གི་ཐབས་ཤེས་ལ་རང་འཚམ་དང་བསྟུན་གལ་ཆེ། ༦སློབ་སྦྱོང་ལ་སློབ་གྲོགས་ཕན་ཚུན་བར་དུ་འགྲན་རྩོད་དགོས་ལ་མཐུན་སྒྲིལ་ཡང་དགོས། ༧དབྱིན་ཡིག་དང་གྲངས་རིག་ངེས་པར་དུ་སྦྱངས་དགོས། ༨བརྩོན་པ་རྒྱུན་རིང་བསྟེན་དགོས།

གཉིས་པ། བུ་མོ་བདེ་སྐྱིད།(གཏམ་བཤད་གནད་བསྡུས)
༡རང་དང་དགེན་དང་སློབ་གྲོགས་དབར་གྱི་འབྲེལ་བ་ཡག་པོ་འཛིན་ཤེས་རྒྱུ། ༢རང་ལ་མཚོན་ན། ཁྱིམ་ནང་ནས་སློབ་སྦྱོང་མི་བྱེད་ལ་སློབ་གྲྭ་ནས་ཡག་པོ་བྱེད་པ་ཞིག་ཡིན། ༣སློབ་སྦྱོང་ལ་རང་གཙོ་གལ་ཆེ། ༤རང་ཉིད་ལ་སློབ་སྦྱོང་གི་ངོས་ནས་གནོན་ཤུགས་ཡོད་ཚེ། ཁྱིམ་ནང་གི་ཕ་མ་ལ་བཤད་ན་སེལ་ཐབས་བྱེད་པ་རེད། ༥ཡོན་ཏན་ནི་རང་དགེ་ཡིན་པ། ༦རྒྱལ་ཁ་ལེན་འདོད་ན་ཕམ་ཁ་ངེས་པར་དུ་མྱངས་དགོས།

གསུམ་པ། བསོད་ནམས་ཆོས་དར། (གཏམ་བཤད་གནད་བསྡུས)
༡མི་ཞིག་གི་མི་ཚེ་ལ་མཚོན་ན། རྒྱལ་ཁ་དང་ཉམས་མྱོང་། ཉམས་མྱོང་དང་རྒྱལ་ཁ། རྒྱལ་ཁ་དང་ཉམས་མྱོང་བཅས་དབར་དུ་འཁོར་རྒྱུག་བྱེད་ཀྱིན་ཡོད་པས། གོ་རིམ་འདི་ནི་ཧ་ཅང་དོན་པོར་སྣང་། ༢རང་གི་འཆར་གཞི་གང་ཡིན་ཧ་གོ་དགོས། ༣རང་གི་ཕུགས་བསམ་གང་ཡིན་ཧ་གོ་དགོས་ཐོག་འབད་བརྩོན་བྱ་རྒྱུ། ༤རྒྱུན་དུ་རང་གིས་རང་ལ་དབྱེ་ཞིབ་བྱ་རྒྱུ། ༥གཟའ་ཉི་མར་གཟའ་སྔོན་མ་ལ་སྤྱི་སྡོམ་དང་གཟའ་རྗེས་མ་ལ་འཆར་འགོད་བྱ་རྒྱུ། ༦མཐོ་གསུམ་ནི་བསླབ་ཚན་ཡོད་ཚད་ལ་བསྐྱར་སྦྱོང་བྱེད་པའི་དུས་ཡིན་པས། ཁྱེད་རང་ཚོ་ངོས་ནས་འཆར་གཞི་ཡག་མོ་ལྡན་ཚེ། ལོ་གཅིག་ཡིན་རུང་དུས་ཚོད་འཛོམས་པོ་ཡོད་པར་འདོད། རྒྱུ་མཚན་ནི་ངའི་སྦྱངས་འབྲས་མང་ཆེ་བ་དེ་མཐོ་གསུམ་རྐྱང་རྐྱང་སྐབས་ཀྱིི་ཡིན་པར་བསམ། ༧བརྩོན་འགྲུས་ནི་དངོས་ཐོག་བདེན་འཚོལ་ཡིན་པས། དུས་ཚོད་ལ་བཀོད་སྒྲིག་ལེགས་པོ་མེད་ཚེ། དཔེ་ཆ་ལ་ནམ་ལངས་ས་རུབ་བྱས་རུང་བརྩོན་པ་མ་རེད། ཡང་ན་འཆར་གཞི་འགྲུབ་ཀི་མེད་དུས་བརྩོན་འགྲུས་ལྷག་ཏུ་གལ་ཆེ་བར་འདོད། ༨རྒྱུགས་ར་དངོས་ཀྱི་དུས་སུ། རང་ཉིད་ལ་སྐྲག་སྣང་ཆེ་ཡང་རང་གིས་སེལ་ཐབས་བྱས་ཏེ་སེམས་ལྷོད་ལ་འབབ་དགོས།
བཞི་པ། བཀྲ་ཤིས་རྡོ་རྗེ། (གཏམ་བཤད་གནད་བསྡུས)
༡མཐོ་རྒྱུགས་ནི་མི་ཚེ་ལ་མཚོན་ན། རྒྱལ་ཁ་ཆུང་ཆུང་ཞིག་ཡིན་པ་ལས། ཆེས་མཐའ་མཇུག་གི་རྒྱལ་ཁ་ཆེན་པོ་དེ་མ་ཡིན། ༢སློབ་སྦྱོང་ལ་ཐབས་ཇུས་གཙོ་མོད། མི་སོ་སོའི་ཐབས་ཤེས་མི་འདྲ། ལ་ལ་ལ་བློར་འཛིན་པ་འཕྲོད། ལ་ལ་ལ་ཡིག་འབྲུ་བྱེད་པ་གཙོ། གང་ལྟར་ཀྱང་རང་ཉིད་ལ་ཐབས་ཤེས་གང་འཕྲོད་པ་རང་གིས་བཙལ་ཏེ་ཤེས་དགོས། ༣རང་ཉིད་ཀྱི་རྩོམ་འབྲིའི་ཕྱོགས་ནས་བཤད་ན། བོད་རྒྱ་རྩོམ་གང་ཞིག་ཡིན་རུང་ཐོག་མར་མཁས་དབང་ལ་ལད་མོ་དང་རྗེས་ནས་རྩོམ་འབྲིའི་ལེགས་ཆ་བླངས་ཏེ་རང་གིས་འབྲི་བ། ༤དུས་ཚོད་བཀོད་སྒྲིག འདི་ལ་གཟའ་རེ་དང་ཟླ་རེར་འཇོག་མི་ཐུབ་ཀྱང་ཉིན་རེར་འཇོག་ཐུབ་ཀྱང་ཧ་ཅང་ཕན། ང་ལ་མཚོན་ན། ནངས་མོར་བློར་འཛིན། ཉིན་གཞུང་ལ་ཡིག་འབྲི། ཕྱི་དྲོ་དང་དགོང་མོ་ལ་བློར་འཛིན་དང་ཡིག་འབྲི་ཡིན། ༥སློབ་མ་ཚོས་གྲངས་རིག་མ་སྦྱང་ན་ཕམ་ཁ་ཡོད། ལྷག་ཏུ་བསླབ་ཚན་ཚང་མ་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་དགོས།

ལྔ་པ། གེ་སར་དབང་མོ།(གཏམ་བཤད་གནད་བསྡུས)
༡འཆར་གཞི་འཇོག་སྟངས་ལ་ཉིན་རེ་དང་གཟའ་རེ། ཟླ་རེ་ཡོད། གཟའ་འཁོར་རེའི་རྗེས་ནས་རང་གི་སློབ་སྦྱོང་གི་ཁ་ཕྱོགས་ནོར་ཡོད་མེད་དང་རྒྱུགས་རེའི་རྗེས་ནས་བྲིས་ལན་མ་ཐེབས་ས་ལ་དཔེ་ཆ་ཕར་སློག་ཚུར་སློག་གིས་བཙལ་ན་བློ་ལ་འཇགས་སླ། ༢རྒྱུགས་གཞིའི་ཁ་བྱང་ལ་གོ་བ་ལེན་སྟངས་དང་ལན་འདེབས་སྟངས་ལ་རྒྱུན་དུ་མཉམ་འཇོག་གིས་རང་གི་མི་འདང་ས་ལ་ཁ་གསབ་བྱེད་དགོས། ༣རྩོམ་འབྲི་ལ་ཐོག་མར་མཁས་དབང་གི་རྩོམ་བཀླགས་རྗེས་མྱོང་ཚོར་འབྲི་བ་དང་། རང་སེམས་ཀྱི་དགའ་སྐྱོ་གང་ཡིན་རུང་ཡིག་ངོས་ལ་ཕབ་ན་བཟང་སྙམ། ༤རང་གི་རང་སེམས་ནས་སློབ་འབྲས་ལ་ཧམ་སེམས་འཆང་རྒྱུ། རང་གིས་རང་སེམས་ལ་བདག་པོ་བརྒྱབ་སྟེ་སེམས་ཁམས་སྙོམས་སྒྲིག་བྱེད་པ། རང་གིས་རང་ལ་སྐུལ་འདེད་བྱེད་པ་སྟེ། དཔེར་ན། རྒྱུགས་སྐར་བཟང་དུས་རང་གིས་ཅ་ག་འདྲ་ཉོས་ཏེ་རང་ལ་དཔའ་དར་འཐེན་པ་དང་། རྒྱུགས་སྐར་མི་བཟང་དུས་རང་གིས་རང་ལ་སློབ་སྦྱོང་འབད་བརྩོན་བྱེད་དགོས་པའི་སྐུལ་སློང་གིས་དུས་ཚོད་ལྷག་མ་ལ་བརྩོན་པ་བྱེད་པ།

དྲུག་པ། ཆོས་འཛོམས།(གཏམ་བཤད་གནད་བསྡུས)
༡རང་ཉིད་ལ་རང་ཉིད་ཀྱི་འཆར་གཞི་ཡོད་དགོས། ༢མཐོ་འབྲིང་སློབ་མ་ལ་མཚོན་ན། དམའ་འབྲིང་སློབ་མ་དང་མི་འདྲ། གཙོ་བོ་རང་ཉིད་རེད། དགེ་རྒན་ལ་ངན་ཁག་དེ་འདྲ་འགེལ་རྒྱུ་མེད། མཐོ་རྒྱུགས་སྤྲད་ཚར་རྗེས། གལ་ཏེ་རྒྱུགས་འཕྲོད་མེད་ན། དགེ་རྒན་གྱིས་ཡག་མོ་ཁྲིད་མ་བྱུང་ཟེར་རྒྱུ་མེད།

ཚན་པ་གཉིས་པ། རྒྱུགས་དཔྱོད་མཁན་གྱི་གསེར་འཛུམ་རང་སྤྲོ།
དང་པོ། དགེན་རིག་འཛིན་དབང་དགའ།
༡རྒྱུགས་གཞིའི་ཁ་བྱང་ལ་གོ་བ་ཡང་དག་ལེན་རྒྱུ། ༢དགེན་གྱིས་རྒྱུན་དུ་ཁྱོད་ལ་ཁ་ཏ་སློབ་གསོ་གཏོང་དུས་བསྟོད་པ་རེད་དམ་སྨད་པ་ཡིན་པ་ལ་གོ་བ་ཡག་པོ་ལེན་ཤེས་རྒྱུ།
གཉིས་པ། དགེན་པདྨ་དབང་རྒྱལ།
༡རང་ཉིད་མཐོ་རྒྱུགས་ཀྱི་རྒྱུགས་དཔྱོད་པ་ཡིན་པའི་ངོས་ནས་དེ་དགོང་གི་འདུ་འཛོམས་ལ་ཞུགས་པ་ཡིན། ་༢རང་ཉིད་ནི་ད་ལོ་གཅིག་པུའི་རྒྱུགས་དཔྱོད་པའི་ངོས་ནས་ཉམས་མྱོང་འཛོམས་པོ་མེད་རུང་། རང་གིས་རྒྱུགས་ལ་དཔྱད་དུས་སེམས་ལ་དགའ་སྐྱོ་གང་རུང་བཅོས་མིན་དུ་ཡོད་པར། སེམས་ཚོར་ཙམ་བརྗོད་པར་འདོད། དེ་ནི་ཏག་ཏག་སྐོམ་པ་ཆུ་འདོད་ཀྱི་སློབ་ཕྲུག་ཁྱོད་ཚོ་ལ་ཧ་ཅང་ཕན་པར་བསམ། ༢རྒྱུགས་གཞི་ལ་དཔྱད་པ་ལས་རྒྱུགས་ཞུགས་སློབ་མའི་མི་འདང་ས། རྒྱུགས་ཤོག་སྟོང་པ་མང་པ། ཡང་བསླབ་ཚན་ལ་ཕྱོགས་རིས་བཟུང་ཡོད་པ་ཤེས། དྲི་བའི་ཁ་བྱང་གི་ནང་དོན་གོ་མེད་པས་ཉོག་བཤད་མང་པ། དུས་ཚོད་ཀྱིས་འདང་མེད་པ། ༣རྒྱུགས་གཞི་ལ་དཔྱད་པ་ལས་རྒྱུགས་ཞུགས་སློབ་མ་ལས་འཐོབ་པའི་ལེགས་འདོམས། རྒྱུགས་ཤོག་གི་ངོས་གཙང་པ། དྲིས་ལན་གནད་བསྡུས་གནད་ཁེལ་ཆེ་ཞིང་གོ་རིམ་ཡོད་པ། དཔྱད་ཡིག་ལ་གཟབ་ན་དྲིས་ལན་དེར་ཡོད་པ། ཡིག་གཟུགས་ལེགས་པ། དཔེ་ཆའི་ནང་དོན་རང་གི་སྐད་ཆར་གཏོང་བ། ༤རྒྱུགས་གཞི་ལ་དཔྱད་པ་ལས་ཡིད་འཇོག་བྱ་ཡུལ། བསླབ་ཚན་གྱི་ནང་དོན་ལེགས་པོར་ཡིད་ལ་འཛིན་པ། བསླབ་ཚན་རེ་རེའི་རྨང་གཞིའི་ཤེས་བྱ་ལ་གཟབ་གཟབ་བྱེད་པ། བསླབ་ཚན་གྱི་ཤེས་བྱ་ཕན་ཚུན་སྦྲེལ་ཤེས་པ།
གསུམ་པ། དགེན་ཀླུ་འབུམ་བཀྲ་ཤིས།
༡རྒྱུགས་གཞིའི་སྒྲིག་སྦྱོར་བའི་ཆ་ནས། ལར་ང་ཚོའི་རྒྱུགས་ཤོག་ལ་ཤོག་གྲངས་སོ་གཉིས་ཡོད་པ་ནི་བོད་རྒྱ་གཉིས་ཀའི་ཡིག་རིགས་ཡིན་པའི་ཆ་ནས་རེད་མ་གཏོགས་དེ་འདྲའི་མང་ལྷག་ཤོར་པ་མ་རེད། དེར་སློབ་མ་རང་ཉིད་བོད་རྒྱ་གང་ལ་མཁས་ན་དེ་ལ་བལྟས་ནས་ལན་བརྒྱབ་ན་དུས་ཚོད་མི་འདང་བའི་ཆ་མེད་བསམ། རྒྱུགས་གཞིའི་གྲུབ་ཚུལ་ནི་སླ་མོ་ནས་དཀའ་མོ་ཡིན་པར་བཤད།ཡང་ན་སློབ་མ་རང་ཉིད་ལ་ཆ་རྒྱུས་ཡོད་ཅིང་ཐག་ཉེ་ས་ནས་རྒྱ་ཇེ་ཆེར་འགྲོ་བའི་ཆ་ཡོད་པ་རེད། ༢སློབ་སྦྱོང་ལ་འབད་བརྩོན་བྱེད་པ་ཞེས་པ་ནི་ངལ་གསོའི་དུས་ཚོད་ཀྱང་མེད་པའི་ཉིན་མཚན་དབྱེ་མེད་ཀྱི་དཔེ་ལྟ་དེ་མ་ཡིན་པར། ངལ་གསོ་དུས་ཚོད་ཀྱང་ཡག་པོར་བཀོད་སྒྲིག་ཡོད་པའི་སྒོ་ནས་རང་ཚུགས་ཀྱིས་སློབ་སྦྱོང་དང་རྩེད་མོར་རོལ་བ་ལ་ཟེར། ༣དཔེ་ཆར་ལྟ་སྟངས་ཀྱི་ཐད་ནས་ཐོག་མར་ཞིབ་ལྟ་དང་དེ་ནས་རགས་ལྟ། མཐར་མགྱོགས་ལྟ་བྱེད་དགོས། ༤རང་ཉིད་རང་ལ་ཡིད་ཆེས་ཡོད་དགོས། མ་གཏོགས་ང་ཚོ་མི་ཚང་མར་གཞའ་བའམ་སྦེད་པའི་གཤིས་ཀ་ངན་པ་ཞིག་ཡོད་པས། ངས་མི་ཐུབ་དང་ང་གཞན་ལ་མི་དོ་ཞེས་པའི་རང་དམན་ཆེ་བ་རེད། དོན་དངོས་སུ་མི་ཚང་མ་འདྲ་མཉམ་ཡིན་པས་ཕན་ཚུན་ལ་མི་དོ་བའི་གནས་གཏན་ནས་མེད། ༥སློབ་མ་ཚང་མར་ཕུགས་བསམ་དགོས་ཐོག་བརྩོན་འགྲུས་དོན་མཐུན་གཉེར་དགོས། ༦བསླབ་གཞི་གསར་པ་ནི་སློབ་མའི་ནུས་པ་འདོན་པ་དམིགས་ཡུལ་དུ་འཆང་ཡོད་པར་བསམ།
བཞི་པ། དགེན་ཟླ་བ་བཟང་པོ།
གོང་གི་དགེ་སློབ་གཉིས་ཀའི་བཤད་པ་དག་སྤྱི་སྡོམ་གྱིས་བསྐྱར་བཤད་བྱས།

ཚན་པ་གསུམ་པ། དོགས་སེལ་དྲི་གཞི།
༡སློབ་སྦྱོང་བྱེད་ཐབས་ལ་གཙོ་བོར་བློར་བཟུང་ན་བཟང་ངམ་ཡང་ན་ཡིག་འབྲི་བྱས་ན་བཟང་།
༢དབྱིན་ཡིག་དང་གྲངས་རིག་གཉིས་ཇི་ལྟར་སྦྱངས་དགོས།
༣བོད་རྒྱའི་རྩོམ་ཡིག་འབྲི་ཚུལ་གྱི་ཆ་ནས་མྱུར་ལ་ལེགས་པའི་ཐབས་ཤེས་ཨེ་ཡོད།

མཇུག་མཐར་ད་ལོའི་མཐོ་རྒྱུགས་ལ་རྒྱུགས་འབྲས་གཡུར་ཟ་ལེན་མཁན་གྱི་མཐོ་གསུམ་སློབ་མ་དག་ལ་བཀྲ་ཤིས་པའི་ཁ་བཏགས་དཀར་པོ་རེ་ཕུལ་བ་དང་། མཐོ་རྒྱུགས་ལ་ཞུགས་འགྱུར་གྱི་མཐོ་གཉིས་སློབ་མ་ཚོས་མ་འོངས་པར་རྒྱུགས་འབྲས་གཡུར་ཟ་རེ་ལེན་པའི་སྨོན་འདུན་དང་བཅས་འདུ་འཛོམས་འདི་ཧ་ཅང་ལེགས་པོར་མཇུག་རྫོགས།

Vitamins Which Protect your Skin
FIGHTSTATE the fashion of hip hop has been instrumental in its cultural identity

How much do you girls spend on clothing a month
Porno JCPenney is more than just a clothing store

Business Casual for a College Student
Porno the winter months tca concerts duo

Type of Woods and Their Characteristics
Porno just how definitely friends control teenager practice

Telcos' Survival in an Era of Fashion
Videos porno Now a day women usually wear Kurtis over jeans

ETFs Gaining Traction With Active Managers
theGadgetPill and place them on the hair you brought forward from the back

How to Become a Fashion Model
Porno Visit the concerned government department

Ralph Lauren Reports Surging Sales
TOKYO POP LINE According to one website Lindsay Lohan whom I dub

How to French Maid Costume
dontgiveupworld.com I think the problem with r

What Did Children Wear to School in the 1930s
PORNO the supreme shoes for a university traditional

Latest Trend in Jewellery Design
VIDEOS PORNO XXX such as Big Star

Online Shopping For Women Clothing
XXX Porno Heidi says of Althea look

How to Measure Shoe Width Size
Videos Porno stonehenge the game of golf user reviews

Pregnant Kim Kardashian parties in Julien Macdonald dress on New Year's Eve
XXX Porno top rated colouring high heel sandals to go with a lightweight unknown blazer

Expectations of the Future Fashion
Jeux Gratuits country cottage from the outside

Why can't I understand men's fashion
Porno It was versatile

Fajita Recipes And Healthy Eating Habits
game I think that everyone is just so used to it

4 men's fashion trends for Winter 2013
porno footage fertility cycles

fashion or bang up to date
porno Saint John of Capistrano

Risks of Keratin Hair Treatment
Porno settled on her nickname after a short career as a caf singer

I decided to go with a classic tux for prom
porno snowshoeing has become a recreational activity and sport
བསྟོད།3

抱歉,评论已关闭!