ཁམས་གཟའ་སྐབས་བཅུ་བདུན་པ“ས་ཡོམ་དུས་དྲན”འབྲེལ་བའི་གནས་ཚུལ།

ངེད་དྲ་བ།

ཚོགས་བྱང་། ཁམས་ཀྱི་གཟའ་ཉི་མ།
ཚོགས་པའི་གླེང་གཞི། ཁམས་སྐྱེ་དགུའི་ས་ཡོམ་བྱུང་ནས་ལོ་ངོ་གཉིས་འཁོར་བའི་དུས་དྲན།
ཚོགས་ཐེངས། སྐབས་བཅུ་བདུན་པ།
ཚོགས་དུས། གཟའ་སྤེན་པ།(༢༠༡༢ལོའི་སྤྱི་ཟླ༤པའི་ཚེས༡༤ཉིན)
ཚོགས་ཡུན། དུས་ཚོད༡༡:༠༠~༡༢:༠༠
ཚོགས་ར། ཁམས་ཀྱི་མཛུ་གུ་སྤུན་ལྔ་འཛིན་གྲྭ།

ཚོགས་རིམ།
དང་པོ། སྐར་མ་གང་གི་རིང་ལ་སེམས་ཁོང་ནས་ཁུ་སིམ་མྱ་ངན་ཞུ་བ།
གཉིས་པ། མི་རེས་གཏམ་བཤད།
སློབ་མ་ཀ་པ། དེ་རིང་ནི་ཁམས་སྐྱེ་དགུ་རུ་ས་ཡོམ་བྱུང་ནས་ལོ་འཁོར་གཉིས་ལོན་པའི་ཉི་མ་རེད། ཕྲན་ཆུང་གིས་དུས་དྲན་འདི་སྒྲུབ་མཁན་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་།ཆབས་ཅིག་ཡུལ་ཤུལ་བའི་སྤུན་ཟླ་ཡོངས་ལ་ད་ཕྱིན་ཆད་གོད་ཁ་ཆག་གྲུམ་མི་ཡོང་བར་སྨོན། དུས་དྲན་འདི་འཚོགས་པའི་དམིགས་ཡུལ་ནི།རང་མི་རིགས་འདི་ལ་སྐྱིད་སྡུག་ཡག་ཉེས་ཅི་བྱུང་རུང་སེམས་པ་མཉམ་པོར་ཡོད་པ་མཚོན་ཕྱིར་དང་། ད་ཕྱིན་ཆད་སློབ་གྲོགས་ཚང་མ་ས་ཆ་གང་དུ་སོང་རུང་དུས་དྲན་འདི་བརྗེད་མི་རུང་བའི་སྐུལ་མ་ཞིག་ཡིན་པར་འདོད། དེ་ལས་ཀྱང་། དུས་དྲན་འདི་དང་འབྲེལ་ནས་ཉེ་བའི་ལོ་འགའི་རིང་ལ་རྐྱེན་ལམ་དུ་སོང་བའི་ཤ་ཉེ་མིང་སྲིང་རྣམས་ལ་བདེ་འགྲོའི་སྨོན་ལམ་སྙིང་ནས་གདབ་ངེས་ཡིན།
སློབ་མ་ཁ་པ། མི་ལོ་གཉིས་ཡར་སྔོན་གྱི་དུས་དེ་རིང་། ངེད་ཚོ་དང་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་སྤུན་ཟླ་མིང་སྲིང་དུ་མ་ཞིག བྱམས་སྙིང་རྗེ་མེད་པའི་རང་བྱུང་གནོད་འཚེ་ཡིས། སྙིང་གསོན་པོ་འབལ་བཞིན། ཁྲག་དྲོན་མོ་འཐུང་བཞིན་ས་འོག་ཏུ་སྦས་སོང་། དེ་ནི་མི་རིགས་འདི་ཁོ་ནའི་ཕམ་ཁ་དང་གྱོང་གུད་ཅིག་རེད། ཕམ་ཁ་འདི་ནི་འབྱུང་བཞིས་བསྐྲུན་པ་ཡིན་པས། འབྱུང་བཞིའི་གནོད་འཚེ་ལ་ཟློག་ཐབས་མེད། འོན་ཀྱང་། ངའི་མིག་མདུན་དུའབྱུང་བཞི་ལས་ཀྱང་འཇིགས་ཤིང་སྐྲག་པའི་གནོད་འཚེའམ་ཅི་ཞིག་གིས། (བསླུ་བྲིད། གཉའ་གནོན། བཤུ་གཞོག)གདོང་དམར་པ་ཞིག་གིས་ཕ་སྐད་བརྗེད། མ་ཡིག་བོར། རིགས་རུས་ལ་དུངས་ཞེན་ཡལ། འདི་ནི་སྡུག་ནང་གི་སྡུག ཕམ་ཁ་ལས་ཀྱང་ཕམ་ཁ་ཞིག་མ་ཡིན་ནམ། འདི་ནི་རིམ་པ་དགུ་ཅན་གྱི་དོང་ཞབས་མེད་ཅིག་སྟེ། རང་གིས་བརྐོས་ནས་རང་དང་མི་རིགས་འདི་ནང་དུ་མཆོང་བཞིན་ཡོད་པ་མ་ཡིན་ནམ། སློབ་གྲོགས་ཚོ། ང་ཚོས་མིག་གདང་ནས་ནང་དུ་མཆོང་རྒྱུ་ཨེ་ཡིན་ནམ།
སློབ་མ་ག་པ། འདི་ནས་ཡར་རྩིས་པའི་སྤྱི་ལོ༢༠༡༠ལོའི་སྤྱི་ཟླ༤པའི་ཚེས༡༤ཉིན་གྱི་ཞོགས་པའི་ཆུ་ཚོད༧དང་སྐར་མ༤༩སྟེང་། སྒ་སྐྱེ་རྒུ་ལ་ལོ་རྒྱུས་སྟེང་བྱུང་མ་མྱོང(བོད་རང་ངོས་ནས་བཤད་པ)བའི་ཚད་རིམ༧•༡ཅན་གྱི་ས་འགུལ་ཆེན་པོ་བྱུང་བ་རེད། འདི་ནས་ཕྱིར་མིག་ཅིག་བྱས་ན། གྲང་ཤུར་ཤུར་གྱི་ཕྱིར་མིག་དེས། ང་ལ་ཟུག་གཟེར་གྱི་ན་ཟུག་རྒོད་པོ་གནང་བྱུང་། དེ་ལོས་ཡིན། ལོ་དེར་ངའི་ཕ་ཡུལ་རོ་ཡིས་བཀང་ཞིང་། ངའི་ཕ་ས་ཁྲག་གིས་སྦག་དུས་ཡིན་ལ། ངའི་ཡ་ཆུང་སྡུག་གིས་མནར་ཞིང་། ངའི་མིག་ཟུང་མཆུ་མས་བཀང་དུས་ཡིན། ཆག་སྒོ་འདིས་སྐྲ་དཀར་སོ་འཐོར་གྱི་རྒན་མོའི་འཁར་རྟེན་བཅག་སོང་ལ། དྭངས་གསལ་བྱིས་བློ་སྙིང་ལ་རྗེ་བོ་དུ་མ་ས་རྡུལ་གྱིས་བསྟིམས་སོང་། འདི་ནི་ཕམ་ཁ་ཞིག་སྟེ། ང་དང་ངའི་མི་རིགས་ཀྱི་ཕམ་ཁ་ཞིག ས་ཆེན་དང་སྲིད་ཆེན་ཁྲོད་ཀྱི་ཕམ་ཁ་དང་། རེ་ཆག་གིས་མནར་བའི་སྒང་བ་བོད་ཀྱི་ཕམ་ཁ་རེད། འདི་ནི་ན་ཟུག་ཅིག་སྟེ། ང་དང་ངའི་ཡ་ཆུང་ན་ཟུག་པའི་ལྕགས་གཟེར་ཞིག རིགས་ཞེན་གྱི་འདུན་མ་དཀར་བའི་གངས་ཕྲུག་དུ་མའི་ན་ཟུག་ལྷག་མ་དེ། ཆག་སྒོ་འདིའི་རྐྱེན་ལམ་ནས་གཤེགས་སོང་བའི་ང་ཡི་སྤུན་ཟླ། ཁྱེད་བདེ་བར་བཞུད་དང་། ཁྱེད་ཀྱི་ཞེ་འཁྲེང་ཡུལ་ཏེ། ཁྱེད་ཀྱི་མི་རིགས་དང་ཕ་མ། གཉེན་ཉེ། སྤུན་ཟླ་མིང་སྲིང་ཡོད་ཚད་སྔར་ལྟར་ཡིད་ཆེས་ཀྱིས་འཚོ་ངེས། ཆག་སྒོའི་གོད་ཆག་ཐེབས་པའི་ང་ཡི་མི་རིགས་ཁྱོད་རང་། རྨོངས་གཉིད་ཀྱི་གྲོག་རོང་དང་བྲལ་ན་མཛའ། གནས་དེ་ན་ཐམས་ཅད་མཁྱེན་པའི་སངས་རྒྱས་ཟེར་བ་ཞིག་མེད་ལ། ཚེ་འདི་ཕྱི་རྟོགས་པའི་སྤྲུལ་བའི་སྐུ་ཡང་མེད་ཕྱིར། ཁྱོད་ཀྱིས་ཚན་རིག་དང་དུ་ལེན་དགོས། ཁྱོད་ཀྱི་འཚོ་གནས་ཀྱི་དགོས་མཁོ་དང་འཚམ་སྟབས།
སློབ་མ་ང་པ། དེ་རིང་ནི་སྤྱི་ལོ༢༠༡༢ལོའི་ཟླ༤པའི་ཚེས༡༤རེད། ལོ་འཁོར་གཉིས་ཀྱི་སྔོན་ཏེ། སྤྱི་ལོ༢༠༡༠ལོའི་ཟླ༤པའི་ཚེ༡༤ཉིན་གྱི། ནངས་མོའི་དུས་ཚོད་བདུན་དང་སྐར་མ་བཞི་བཅུ་ཞེ་དགུའི་སྟེང་།རང་རེའི་བོད་མི་རིགས་ཀྱི་ས་ཁུལ་ཁམས་སྐྱེ་དགུ་མདོ་ལ། ས་འགུལ་རིམ་པ༧•༡ཅན་བྱུང་སྟེ། ང་ཅག་གི་རིགས་རྒྱུད་གཅིག་པའི་སྤུན་ཟླ་བགྲང་ལས་འདས་པ་ཞིག་ས་ཡོམ་དེའི་ཁྲོད་ནས། འཇིག་རྟེན་དང་བྲལ་སོང་བ་མ་ཟད། ཁྱིམ་ཚང་བགྲངས་ལས་འདས་པ་ཞིག་ཁ་བྲལ་དང་གནས་མེད་དུ་གྱུར་སོང་བ་རེད། འདི་ནི་རང་ཅག་བོད་མི་རིགས་ལ་མཚོན་ན། དཔལ་འབྱོར་དང་མི་གྲངས་སོགས་ཀྱི་སྟེང་ནས་ཆེས་ཆེ་བའི་སྐྱོ་རྒུད་ཅིག་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ལ་མཚོན་ནའང་ཆག་སྒོ་ཆེན་པོ་ཞིག་རེད། དེའི་ཕྱིར། ང་ཚོས་དུས་དྲན་འདི་རྨང་གཞི་བྱས་ཏེ། རྗེས་ཕྱོགས་འདི་ལྟ་བུའི་ཆག་སྒོ་མི་འོང་བར་སྨོན་འདུན་དང་། ཆག་སྒོ་འདི་རྒྱུ་རྐྱེན་བྱས་ཏེ། རང་ཉིད་མུ་མཐུད་དུ་རང་ནུས་ཀྱིས་མདུན་དུ་བསྐྱོད་པ། རང་ནུས་ཅི་ལྕོགས་ཀྱིས་རང་མི་རིགས་ལ་ཞབས་འདེགས་ཞུ་དགོས་པ་རེད།
སློབ་མ་ཅ་པ། བྱ་འགུལ་འདི་སྒྲུབ་མཁན་གྱི་གྲོགས་པོ་རྣམས་ལ་བཀའ་དྲིན་ཞུ། དེ་རིང་གི་དུས་འདི་ང་ཚོ་ལ་མཚོན་ན། དྲན་དགོས་པ་ཞིག་དང་དྲན་འོས་པ་ཞིག་རེད། ཡིན་ནའང་། བྱ་འགུལ་འདི་སྤེལ་བར་ང་རང་ཉིད་ལ་ཐོག་མ་ནས་བཀོད་སྒྲིག་མེད་པས། གློ་བུར་དུ་གཏམ་བཤད་ལེགས་པོ་ཞིག་མི་ཤེས་གི ཡིན་ནའང་། རང་གི་བསམ་ཚུལ་རེ་བརྗོད་ན། ༡ང་ཚོས་རང་གི་ཕུ་ནུ་མིང་སྲིང་དག་འདས་སོང་བ་ལ་མྱ་ངན་ཡང་རང་དབང་གིས་ཞུ་མི་ཆོག་པར་སྒོ་བརྒྱབ། ཕྱི་བསྐོར་ནང་བསྐོར་གྱི་གནས་བབ་འདི་ལྟ་བུའི་འོག་ནས། ང་ཚོས་རང་ལ་རང་དབང་ཅི་ལྟ་བུ་ཞིག་ཡོད་པ་ངོས་ཟིན་ན་འགྲིག་གི་རེད། ༢གཞུག་ཕྱོགས་བྱ་བ་ཅི་ཞིག་བསྒྲུབ་རུང་ཉམ་ཐག་གི་བོད་པའི་ལས་དབང་དེ། སྐད་ཅིག་ཙམ་ལ་ཡང་བརྗེད་མི་ཆོག་པའི་རེ་བ་ཞུ། ༣བྱ་བ་འདི་དེ་རིང་གི་དོན་ཙམ་མ་ཡིན་པར། ད་དུང་བྱ་བ་མང་པོ་ཞིག་ལ་ཡང་མྱ་ངན་ཞུས་ན་ཆོག་ཆོག་ཡིན་པའང་ཤེས་དགོས། ༤རྗེས་ཕྱོགས་སློབ་གྲོགས་རྣམ་པ་རང་རང་གི་ཕ་ཡུལ་དུ་སོང་ནས། རང་གིས་འདི་ལྟ་བུའི་བྱ་བ་རེ་འགའ་བསྒྲུབ་ན་རེ་བ་ཡོད་སྙམ། དེ་རིང་གཏམ་བཤད་ལེགས་པོ་རེ་མི་ནུས་ཀྱང་རང་གི་བསམ་པ་ཙམ་གྱིས་བཤད་པ་ཡིན། བཀའ་དྲིན་ཆེ།
སློབ་མ་ཆ་པ། དེ་རིང་ཐོག་མར་ངས“ཁམས་སྐྱེ་དགུའི་ས་ཡོམ་བྱུང་ནས་ལོ་ངོ་གཉིས་འཁོར་བའི་མྱ་ངན་དུས་དྲན”སྟེང་འཛོམས་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་དང་། ཆབས་ཅིག་ང་རང་ཉིད་དེ་རིང་གི་དུས་དྲན་འདིར་ཞུགས་རྒྱུའི་མོས་པ་སྙིང་ནས་བྱུང་ཡོད། དེ་རིང་གི་དུས་དྲན་འདི་ནི་ང་ཚོ་བོད་མི་རིགས་ཀྱི་དུས་དྲན་ཞིག་ཡིན་པ་ལས། གཞན་སུས་ཀྱང་ང་ཚོ་ལ་ཁ་ཡ་བྱེད་ཀྱིན་ཡོད་ནི་མ་རེད། ཁོ་པ་ཚོས་དུས་དྲན་འདི་ལ་སྣང་མེད་བྱས་ཡོད་པ་མ་ཟད། དེ་རིང་གི་གནས་སྐབས་འདི་ལྟ་བུ་ལ་གྲོགས་ཀྱིས་བཤད་པ་ནང་བཞིན“སྐད་དམའ་དམའ་དང་ཉམ་ཆུང་ཆུང”གི་དུས་དྲན་འདི་གསང་བའི་ངང་བསྡུ་དགོས་པ་སོགས། ཕྱོགས་མང་པོ་ཞིག་ནས་ལྐོག་ལྐོག་སུད་སུད་ཀྱི་བྱ་བ་སྤེལ་དགོས་པ། ཁོ་པ་ཚོས་ང་ཚོ་ལ་བཟུང་བའི་ནང་མི་གཅིག་པའི་མཛའ་བརྩེ་རེད། ཕྱི་མཛེས་མཛེས་དང་ནང་ནག་ནོག་གི་ཐིག་ལེ་ངག་ནི། ང་ཚོའི་ལུས་སྟེང་ལ་གཉའ་གནོན་རྐྱང་རྐྱང་གིས་བསྐྲུན་པའི་གཟུགས་རིས་ཡིན་ལ། ༤•༡༤རང་བྱུང་ཆག་འཇིག་ཆེན་པོ་དེའང་དེ་ཚང་གིས། ཕྱི་གཟུགས་མཛེས་པའི་འཁྲབ་སྟོན་གྱི་རྒྱུ་ཆ་ཞིག་ཏུ་བརྩིས་ཡོད་པ་མ་ཟད། འཛམ་གླིང་མགོ་སྐོར་རང་བཞིན་གྱི་གར་སྟེགས་ཤིག ༤•༡༤གནོད་སྐྱོན་རྨང་གཞི་བྱས་ཏེ་བསྐྲུན་བཞིན་པ་རེད། ད་དུང་བསྡུར་ཡུལ་ཡིད་སྐྱོ་བ་ཞིག་ནི༥•༡༢ཀྱི་རང་བྱུང་གནོད་འཚེ་ནི། སྤྱིའི་གནོད་འཚེ་ཞིག་ཏུ་བརྩིས་ཡོད་ལ། དེ་བཞིན་གྱི་རྒྱལ་ཡོངས་རང་བཞིན་གྱི་དུས་དྲན་བྱས་དང་བྱེད་བཞིན་ཡོད་པ་སོགས་དེ་ཚང་གིས་ང་ཚོ་ལ་བཟུང་བའི་དམིགས་བསལ་གྱི་རྣམ་འགྱུར་ཞིག་ཡིན་པ་ང་ཚོས་ཤེས་དགོས།
དེ་རིང་ང་ཚོས་ཁུ་སིམ་སིམ་གྱི་དུས་དྲན་ཞུ་བ་ནི། གོང་དུ་དགེན་ལགས་ཀྱིས་གསུངས་པ་བཞིན། ང་ཚོ་རིག་གནས་པ་ཞིག་གི་དུས་དྲན་བྱེད་སྟངས་ཡིན་ལ། ང་ཚོ་རིག་གནས་པ་ཞིག་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་དུས་དྲན་ཡོད་དགོས། དེ་རིང་གི་དུས་དྲན་འདི་ནི“དཀོན་མཆོག་གསུམ”གྱིས་མ་སྐྱོབ་པའི་སྐྱེ་དགུའི་སྤུན་ཟླ་རྣམས་ལ་སེམས་ནས་བརྗེད་མེད་པའི་འབོད་སྐུལ་ཐེངས་ཤིག་ཡིན་པས།ང་ཚོས་མི་རབས་ནས་མི་རབས་བར་དུ་རྒྱུན་སྲིང་དགོས་ལ། རང་ཉིད་བོད་པ་ཞིག་གི་ཕྲག་ལ་འཁུར་འོས་པའི་འགན་འཁྲི་རྡོག་རྡོག་ཅིག་ཡིན་པ་ཤེས་སུ་འཇུག་རོགས། མཚམས་འདིར་ངས་རང་ཉིད་ཀྱི་ཤ་དང་རུས་པའི་གསེང་དང་། མིག་ཆུ་རྡོག་པོའི་རྒྱུན་ནས་བཞུར་བའི་རང་མོས་སྙན་ངག“ངའི་སྐྱེ་དགུའི་སྤུན་ཟླ”ཞེས་པ་ཁྱེད་ཚོའི་སྙན་ལམ་དུ་ཀློག་འདོན་བྱ་རྒྱུ་ཡིན།
ངའི་་་་་་སྐྱེ་དགུའི་སྤུན་ཟླ(མིག་ཆུ་དང་བཅས)
སློབ་མ་ཇ་པ། སྤྱི་ལོ༢༠༡༠ལོའི་ཟླ༤པའི་ཚེས༡༤ཉིན་ཏེ། དེ་རིང་གི་དུས་འདིར་ས་ཆེན་པོས་ཁྲོ་གཉེར་ཐེངས་ཤིག་གིས། ང་ཚོའི་ཕུ་ནུ་གཅེན་གཅུང་གང་མང་ཞིག་གི་ཚེ་སྲོག་འཕྲོག་སོང་།ང་ཚོའི་ཕུ་ནུ་གཅེན་གཅུང་གང་མང་ཞིག་གི་ཁྱིམ་གཞིས་བརླགས་སོང་། དེས་ན། བདག་གིས་དེ་རིང་གི་མྱ་ངན་འདུ་ཚོགས་འདིའི་སྟེང་། དགེ་རྒན་དང་སློབ་གྲོགས་ཚོར་རང་ཉིད་ཀྱི་སེམས་ཁོང་ནས་གླེང་འདོད་པའི་སྐད་ཆ་མང་པོ་ཞིག་གྲ་སྒྲིག་བྱས་ཡོད་མོད། འོན་ཀྱང་དེ་རིང་གི་འདུ་ཚོགས་འདིར་ང་ཚོ་མི་རེ་རེ་ལ། སྐད་ཆ་བཤད་པའི་དུས་ཚོད་ནི་སྐར་མ་གཅིག་མ་གཏོགས་མེད་པས། བདག་གིས་གླེང་འདོད་སྐད་ཆ་དེ་དག་ཟུར་དུ་ཕུད་ནས། དེ་རིང་གི་མྱ་ངན་འདུ་ཚོགས་འདིར་ཆེད་དུ་གྲ་སྒྲིག་བྱས་པའི་ཟི་ལིང་གི་སྙན་ངག་པ་རྡོར་གྲགས་ཀྱིས་བརྩམས་པའི“ཡ་ང་བའི་སྐྱ་རེངས”ཞེས་པའི་སྙན་ངག་དེ་གྱེར་འདོན་བྱ་རྒྱུ་ཡིན།
སློབ་མ་ཉ་པ། ༤•༡༤ཉིན་གྱི་གཉའ་ཞུམ་ཞུམ་དང་གཉོམ་དུང་དུང་གི་འདུ་འཛོམས་སྟེང་། ང་རང་ཉིད་ཀྱི་སྤུན་ཟླ་གང་མང་ཞིག་དང་། རིགས་གཅིག་སྤུན་ཟླ་དག་གི་ཚེ་སྲོག་སར་འཐིམ་ཞིང་རྣམ་ཤེས་གར་སོང་མེད་པའི་བརྗོད་མེད་ཀྱི་ཆག་འཇིག་དེ། ངའི་སེམས་གཏིང་ན་ན་ཟུག་ཅིག་དང་ལྷན་དུ་གནས་ཡོད་པའི་རྐྱེན་གྱིས། ཐེངས་འདིར་ངའི་སྨྲ་ལྕེའི་སྐད་ཆ་དྲང་མོར་མི་འཁྱོངས་རུང་། ངའི་དུངས་པ་ཞིག་དང་བརྩེ་སེམས་ཤིག མཐུན་སྒྲིལ་གྱི་ལག་རྡང་རིང་མོ་ཞིག ངའི་ན་ཟུག་ལྕི་མོ་དེ་ཕྱིར་འཕུད་ཕྱིར། ངའི་སྡུག་བསྔལ་གྱི་ཚད་ཐིག་དེ། དེ་རིང་འདིར་ཕེབས་ཀྱི་དགེ་རྒན་དང་སློབ་མ་དག་གི་རྣ་ལམ་དུ“༤•༡༤
ཉིན་གྱི་དུས་དེ་རིང”ཞེས་པའི་སྙན་ངག་གི་མཆོད་པ་འབུལ་ཞིང་། སྐད་ཆ་བར་མ་ཆད་པ་ཞིག་གིས་མཇུག་བསྡུས་པ་ཡིན།
སློབ་མ་ཏ་པ། དེ་རིང་གྲ་སྒྲིགཅི་ཡང་མེད་པར། གློ་བུར་དུ་ང་འདིར་འོང་ནས། མྱ་ངན་དུས་དྲན་ཚོགས་འདུ་འདི་རུ་ཞུགས་པས། སྐད་ཆ་མང་པོ་ཞིག་བཤད་རྒྱུ་མེད་རུང་། མཚམས་འདི་ནས་སྐད་ཆ་ཚིག་གཉིས་བཤད། གཅིག སྤྱིར་སློབ་གྲྭ་འདིའི་སློབ་མ་བརྒྱ་ཆ་གོ་བརྒྱད་གོ་དགུ་ཞིག་བོད་ཕྲུག་ཤ་སྟག་ཡིན་རུང་། དེ་རིང་འདིར་ཞུགས་མཁན་སློབ་མ་མང་པོ་ཞིག་མི་འདུག ཡོད་པ་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྤྱིར་དྲང་མོར་བཤད་ན། ཚང་མའི་འོས་འགན་རེད། འོན་ཀྱང་ཁོར་ཡུག་གམ་ཆ་རྐྱེན་མང་པོ་ཞིག་གི་འོག་དེ་ལྟར་བརྗོད་པ་ཡིན། གཉིས་ན། ཁྱོད་ཚོས་མ་འོངས་པར་རྒྱུན་བསྐྱངས་ཏེ།བོད་ལ་ཕན་ཐོགས་པའི་བྱ་བ་བསྒྲུབ་རྒྱུ་ངའི་རེ་བ་ཡིན།

How to Wear a Scarf in 5 Different Styles
FIGHTSTATE presented ao dai styles inspired by French fashion

Hardside Luggage Heavy Out of Fashion
Porno Being fashion designer can be

Your Word Should Be Your Promise
Porno muirfield hamlet golf-club hotel

Can Anybody Wear a Bikini
Porno about Jeff Spicoli's checkered Vans

Which Levi's jeans would look like like these
Videos porno but it also involves thinking of the clothing practically as they

Fashion Star winner Kara Laricks
theGadgetPill a Latino entertainment magazine

Not As Black and White As It Seems
Porno London Fashion week is coordinated by the British Fashion Council

Famous Fashion Designers of the 1920s
TOKYO POP LINE It represents an event that has the power to unite and integrate

Four Outstanding Charity Affair Fundraiser Guidelines For Your Woman
dontgiveupworld.com I have weak eyes that do need protection

To be a stylish people
PORNO lunch and dinner

When Is it Proper to Wear a Seersucker Suit
VIDEOS PORNO XXX What Will Women Wear For Autumn 2014

debuts Spring 2013 collection during Mercedes Benz fashion week swim
XXX Porno Even with current sway in business attire to less structure

What is the female equivalent to khakis and a polo
Porno XXX WTSL Revenue Annual data by YCharts

Resolve fiscal worries with ease
XXX Porno and when the egg starts to thicken again

Sina Should Beat Earnings in a Google
Jeux they're just beautiful

How To Promote Your Small Business with Effective Ads
Porno Most men's casual fashion apparels are too large for their size

An Overview of Butyl Glycol Petrochemical Solvent
game gray or black

The Last Chronicle of Devildom Vol
porno Finding a trail is easy as typing

Pandora Jewelry Seen on Vivienne Tam Runway
porno It also enables video output

Hemlines Soar in New York
Porno he constantly asks me if he looks beautiful

How to Wear Basketball Sweatbands
porno And it super cute
TV Characters with Great Style
PORNO My aunt finally picked up my lingerie bag and was like

The Six Figure Mentors Are Changing Internet Marketing
Wedding Dresses my 'everything sucks' sense is tingling

Communications Majors Enjoy One Of The Highest Number Of Job Opportunities
PORNO viz advertising to liberate kamikaze your girls

Car damaged on landlord's property
Free Games the quiet and mysterious Nagato Yuki

6 Images From My Life You Won't Believe Aren't Photoshopped
Kostenlose Pornos von lead 5 kaiju throwdowns

Flower Girl Fashion for an Adorable and Happy Flower Girl
free xxx There are two conditions to participate with the drop shipping program

Looking For A Fashion Design Course In Singapore
PORNO XXX Measure your child's foot to determine golf shoe size

The Top 8 advantages of titanium rings
Darmowe Porno the actions clogs to wear who has thin dreary attire dirt bike pants
བསྟོད།7

抱歉,评论已关闭!