ཁམས་གཟའ་སྐབས་བཅུ་བཞི་པ“ཕ་ཡུལ་ཡ་རྫི་ནས་གདན་འཛོམས་བྱུང་བ”འི་གནས་ཚུལ།

ངེད་དྲ་བ།

ཚོགས་བྱང་། གཟའ་ཉི་མ།
ཚོགས་པའི་གླེང་གཞི། པཎ་ཆེན་རྗེས་དྲན།
ཚོགས་ཐེངས། སྐབས་བཅུ་བཞི་པ།
ཚོགས་དུས། གཟའ་ཕུར་བུ།(༢༠༡༢ལོའི་ཧོར་ཟླ༡པོའི་ཚེས༡༡ཉིན)
ཚོགས་ཡུན། དུས་ཚོད༡༡:༡༡~༡༤:༠༠
ཚོགས་ར། ཡ་རྫི་རྫོང་བིས་མདོ་ཡུལ་ཚོའི་ལྟེ་བའི་སློབ་ཆུང་།
གཙོ་སྒྲུབ་པ། ཁམས་ཀྱི་གཟའ་ཉི་མ།

ཚན་པ་དང་པོ། གཏམ་བཤད་སྤེལ་བའི་སྒོ་ནས་པཎ་ཆེན་ལ་རྗེས་དྲན་ཞུ།
དང་པོ། མདོ་འཛིན་པས་པཎ་ཆེན་གྱི་རྣམ་ཐར་མདོར་བསྡུས་ངོ་སྤྲོད་བྱས།
གཉིས་པ། བསོད་ནམས་རྒྱལ་གྱིས་གཏམ་བཤད་སྤེལ། ཡ་རྫིའི་ཡུལ་མི་དང་གཏམ་བརྗོད་དོན་ཚན་གསུམ།
གསུམ་པ། ༀ་འབར་ནས་གཏམ་བཤད་སྤེལ། པཎ་ཆེན་དང་གཟི་མདངས།
བཞི་བ། མེལ་ཚེ་ནས་གཏམ་བཤད་སྤེལ། དྲན་ཚུལ་ཐོར་བུ་བརྗོད་པ།
ལྔ་བ། སྒོམ་པ་ཚེ་རིང་ནས་གཏམ་བཤད་སྤེལ། ཕ་སྐད་ཀྱི་རེ་འབོད་དང་རིག་གནས་དྲན་ཚོགས་ཀྱི་དགོས་དོན།
དྲུག་པ། དགེ་འདུན་ནས་གཏམ་བཤད་སྤེལ། པཎ་ཆེན་རྗེས་དྲན་གྱི་དུས་དེབ་ཅིག་དང་འབྲེལ་བའི་གཏམ་ཐོར་བུ།
བདུན་པ། མདོ་འཛིན་པས་ཡང་བསྐྱར་པཎ་ཆེན་གྱིས་མི་རིགས་སྐད་ཡིག་དང་སློབ་གསོ་ཐད་ལ་གསུངས་པའི་གསུང་ བཤད་ཐོར་བུ་གྱེར་འདོན་གྱིས་འདུ་ཚོགས་མཇུག་སྒྲིལ།

〖པཎ་ཆེན་གྱི་རྣམ་ཐར་མདོར་བསྡུས〗
པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་།རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྟེ་སྤྱི་ལོ1938ལོའི་ཟླ་བ་དང་པོའི་ཚེས་2ཉིན་མཚོ་སྔོན་ཞིང་ཆེན་གྱི་ཡ་རྫིའམ་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཡུལ་ཚོའི་དཔོན་ཚང་མ་རུ་ཞེས་པའི་གྲོང་ཚོར་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ1941 ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་།ས་གླང་ལོ་སྟེ་སྤྱི་ལོ 1949ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན།སྐབས་དེའི་མིང་གོ་སྲིད་གཞུང་ནས་ཆོག་མཆན་ཕུལ་བ་བཞིན།གསེར་བུམ་དཀྲུག་འདོན་མི་དགོས་པ་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཚན་བཞེས་པ་དང་།སྐྱབས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིག་མེད་འཕྲིན་ལས་རྒྱ་མཚོའི་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ།ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས། སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོང་འཛིན་དུ་བསྟེན་ནས།གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད།དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་བརྟེན་གསར་བཞེངས།ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་གཉེར།དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་དང་།བཀའ་ཁྲིད་དབང་ཞུ་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཡང་དར་ལ་མཛད་རྗེས་འགྲན་ཟླ་བྲལ་བ་འཇོག་གནང་མཛད།ལྷག་པར་དུ་བོད་ལྗོངས་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། རིག་གནས།སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་ཡོད། མེ་སྤྲེལ་ལོ་སྟེ་སྤྱི་ལོ1956ལོའི་ཟླ་བ་བཅུ་གཅིག་པར།རྒྱལ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱ་གར་དུ་ཕེབས་བསྒྱུར་གནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས།རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་གཡོན་གྱི་ནོར་འཁྲུལ་དང་དྲང་བཞག་མ་ཡིན་པའི་ལྟ་སྟངས་བཟུང་སྟེ་ལོ་དགུའི་རིང་ལ་བཙོན་དུ་བཞུགས་དགོས་བྱུང་།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནོར་འཛོལ་དག་སེལ་དང་དབུ་གནས་སླར་གསོ་བྱུང་བར་མ་ཟད།བཅོས་བསྒྱུར་སྒོ་ཕྱེའི་ཇུས་འགོད་པ་ཏེང་ཞའོ་ཕིང་གིས“ཁྱེད་ནི་རྒྱལ་གཅེས་པ་ཆེ་ཤོས་ཡིན”ཞེས་གདེང་འཇོག་ཤིན་ཏུ་ཆེན་པོ་མཛད། ས་རྟ་ལོ་སྟེ་སྤྱི་ལོ1978ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་དང་།དེ་རྗེས་ལོ་བཅུའི་ནང་རྒྱལ་ཡོངས་ས་གནས་ཁག་དང་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ་སྤྲོ་སེམས་ཆེན་པོས་བོད་ཁུལ་གྱི་ལས་དོན་ཐད་འཛིན་པའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གནང་བ་དང་།བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་གནང་ཞིང་།ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།བོད་རིགས་ས་ཁུལ་ཁག་ཡར་རྒྱས་དང་དར་རྒྱས་ཡོང་བར་སྐུལ་མ་ཡོང་བའི་ཐད་ལེགས་སྐྱེས་ཤུགས་ཆེན་ཕུལ་གནང་བར་མ་ཟད།སྐུ་ཚབ་ཚོགས་པར་སྣེ་ཁྲིད་མཛད་དེ་པོ་ལེ་ཝེ་ཡ་དང་།ཨོ་སི་ཁྲུ་ལི་ཡ།བལ་ཡུལ་བཅས་སུ་འཚམས་འདྲི་གནང་བར་ཕེབས། པཎ་ཆེན་རིན་པོ་ཆེས་བོད་མི་རིགས་ཀྱི་ལས་དོན་གོང་འཕེལ་དང་ཡར་རྒྱས་འགྲོ་རྒྱུར་ཐུགས་ཁུར་ཆེ་བཞེས་དང་། བོད་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་འགྲོ་རྒྱུར་ཐུགས་འཁུར་གནང་ཆེ་བཞེས་ཡོད་ཅིང་། ལོ་བཅུ་ལྷག་གི་མཛད་འཕྲིན་གཙོས་གྲས་ནི། 1.མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་ཁུར་ཆེ་བཞེས་གནང་ནས་དུས་རྒྱུན་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་གང་ལེགས་དང་ཡང་དག་པའི་སྒོ་ནས་སྤྱོད་དགོས་པའི་ནན་གསུང་གནང་གི་ཡོད་ལ།མི་རིགས་མཐུན་སྒྲིལ་ལ་ཧ་ཅང་མཐོང་ཆེན་གནང་ནས་བོད་རིགས་དང་རྒྱ་རིགས་བར་དང་། བོད་རིགས་དང་མི་རིགས་གཞན་དག་བར། བོད་རིགས་ནང་ཁུལ་བཅས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་གསུང་ཡང་ཡང་གནང་མྱོང་བ་རེད།2.བོད་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་མཆོག་རྣམ་གཉིས་ཀྱིས་ནས་གྲོས་འགོ་གནང་བ་ལྟར།རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ1987ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས་གནང་མཛད།3.བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་།བེད་སྤྱོད།གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང་།མེ་ཡོས་ལོ་སྟེ་སྤྱི་ལོ1987ལོའི་ཟླ་བ་བདུན་པར་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་དང་ལྷན་དུ་གྲོས་འགོ་འདོན་གནང་མཛད་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག《བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་།བེད་སྤྱོད།གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》ཅེས་པར་གྲོས་འཆམས་བྱུང་བ་རེད།བོད་བརྒྱུད་ནང་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་གི་ངོས་ནས་ཕྱོགས་གཅིག་ནས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ ཀྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་གནང་ཏེ་དགོན་པ་དང་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གནང་བ་དང་།ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བོད་བརྒྱུད་དེ་རིམ་བཞིན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཚམས་པ་ཡོང་ཆེད་ཕན་ཡོད་ཀྱི་ཕག་ལས་མང་པོ་གནང་ཡོད་པ་སྟེ།བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ཡོང་ཆེད་སྐུ་ངོ་མས་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་གནང་བ་དང་འབྲེལ་དབུ་འཛིན་ཡང་གནང་ནས་ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་།ཆོས་ལུགས་ཐད་ནང་བསྟན་ཆོས་ལུགས་སྐུ་ཡོན་ཆེ་ཙམ་ཡོད་མཁན་གྱི་བླ་སྤྲུལ་གསོ་སྦྱོང་མཛད་པ་སོགས་ཡིན།ཁོང་གི་གསུང་རྩོམ་ནི《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བ》དང《སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད》ཅེས་པ་སོགས་ཡོད།ས་སྦྲུལ་ལོ་སྟེ་སྤྱི་ལོ1989ལོའི་སྤྱི་ཟླ་དང་པོའི་ཚེས9ཉིན་གཙང་ལྗོངས་ཀྱི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བར་ཕེབས།དེར་རྐྱེན་དབང་གིས་གློ་བུར་དུ་སྤྱི་ཟླ་དང་པོའི་ཚེས28ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས།།

ཚན་པ་གཉིས་པ། པཎ་ཁྱིམ་ལ་སོང་ནས་པཎ་ཆེན་འཁོར་དང་བཅས་པའི་སྐུ་པར་སྐུ་བརྙན་ལ་ཞལ་མཇལ་ཞུ་ནས་རྗེས་དྲན་བྱས།

〖པཎ་ཆེན་གྱི་གསུང་བཤད་ཐོར་བུ〗
༄།།བོད་རང་གི་ལ་རྒྱ་ཡག་པོ་ཟུངས།བོད་ཡིག་ཡག་པོ་སློབས།བོད་སྐད་དག་མོ་ཤོད།བོད་ཀྱི་ཆ་ལུགས་ཀྱང་མ་འགྱུར་བ་དེ་འདྲ་རང་བྱོས།

༄།།ང་རང་གིས་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད།གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད།འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན།དེ་ནི་ང་རང་གི་ཞབས་ འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།

༄།།བོད་ཡིན་ན་བོད་ཡིག་སློབ་དགོས།ལ་ལའི་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི།མི་རིགས་རང་ལ་མཚོན་ན།རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ།བོད་མི་རིགས་ཞིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད།

༄།།ད་ལྟ་བོད་ནས་བོད་ཡིག་བེད་སྤྱོད་མི་གཏོང་པ་དེ་ཁྲིམས་དང་འགའ་བ་མ་རེད་དམ།ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ།བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་པོར་གསུངས་ཡོད་པ་རེད།

༄།།བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེའི་རྗེས་རྒྱ་ཡིག་སྦྱོང་དགོས་ནི་རེད།བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད།བོད་ལ་བོད་ཡིག་གཙོ་བོ་ཡིན་པ་ནི་དངོས་སུ་གསལ་སྨོས་མ་དགོས་པ་ཞིག་རེད།

〖པཎ་ཆེན་གྱི་བཀའ་གསུངས་ལས་འཕྲོས་པའི་གསེར་མདངས〗
༈བོད་སྐད་བོད་ཡིག་ནི་ཕ་མའི་ངག་ནས་ཐོན་པའི་དམངས་གླུ་སྙན་མོ་དང་ཕོ་མོའི་ངག་ལ་གྱེར་བའི་དེང་གཞས་གསོན་པོ་དེ་ཡིན་ན། བོད་སྐད་བོད་ཡིག་བཀོལ་རྒྱུ་ནི་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ང་ཚོའི་མགྲིན་ངག་ཡིན།
༈བོད་སྐད་བོད་ཡིག་ནི་བོད་རིགས་མི་སེར་གྱི་ལས་ཀ་ལས་བྱེད་ཀྱི་ལག་ཆ་ཡིན་ན།བོད་སྐད་བོད་ཡིག་ནི་བོད་རིགས་ལས་བྱེད་ཀྱི་གསེར་གྱི་དཀར་ཡོལ་དེ་ཡིན་དགོས།
༈བོད་སྐད་བོད་ཡིག་ནི་འབྲོག་པའི་རྩམ་མར་དང་རོང་བའི་གོ་རེ་ཡིན་ན།བོད་སྐད་བོད་ཡིག་སྤྱོད་རྒྱུ་ནི་ང་ཚོའི་ལུས་པོ་འགྲེང་བྱེད་དང་མགོ་བོ་དགྱེས་བྱེད་ཀྱི་ཟས་མཆོག་དེ་ཅི་ལ་མིན།
༈བོད་སྐད་བོད་ཡིག་ནི་འཛམ་གླིང་ལ་མིང་དུ་གྲགས་པའི་གེ་སར་སྒྲུང་གླུ་དེ་ཡིན་ན།བོད་སྐད་བོད་ཡིག་སྤྱོད་རྒྱུ་ནི་འཛམ་གླིང་ལ་མངོན་ཐུབ་པའི་མཐོ་སྒང་གི་ཉི་ཟླ་ཡིན།
༈བོད་སྐད་བོད་ཡིག་ནི་ཕ་མེས་ཡང་མེས་ཀྱི་རྔུལ་ཁྲག་གི་ཁྱིམ་རྒྱུད་ནོར་བུ་དེ་ཡིན་ན།བོད་སྐད་བོད་ཡིག་བཀོལ་རྒྱུ་ནི་ནོར་བུ་དེ་ལ་གཟི་མདངས་རྒྱས་བྱེད་ཀྱི་སྲོལ་རྒྱུན་བཟང་བོ་དེ་ཅི་ལ་མིན།
༈བོད་སྐད་བོད་ཡིག་ནི་ཨ་ཕའི་བློ་དང་ཨ་མའི་སྙིང་ཡིན་པས།ཁྱོད་ནི་ཕ་མ་བཟང་བོའི་གཅེས་ཕྲུག་ཡ་རབས་ཤིག་ཡིན་ན། བོད་སྐད་བོད་ཡིག་སྤྱོད་ཅིག་ཨ་མའི་བུ།
༈བོད་སྐད་བོད་ཡིག་ནི་མུ་ཏིག་སུམ་ཅུས་བསླེས་པའི་སྐེ་རྒྱན་ཡིན་ན།བོད་སྐད་བོད་ཡིག་སྤྱོད་རྒྱུ་ནི་བོད་རིགས་མི་དམངས་ཀྱི་རྒྱན་ཆ་འཛད་མེད་དེ་ཅི་ལ་མིན།
༈བོད་སྐད་བོད་ཡིག་ནི་ཕ་མེས་ཡང་མེས་ཀྱི་ཟུངས་ཁྲག་ཡིན་པས།བོད་སྐད་བོད་ཡིག་སྤྱོད་རྒྱུ་ནི་བུ་རབས་ཚ་རྒྱུད་ཀྱི་རུས་པ་སྲ་མོ་དེ་ཡིན།
༈ཀ་མད་སུམ་ཅུ་ལ་བརྒྱུས་པའི་བོད་སྐད་བོད་ཡིག་འདི་ནི་ཡབ་མེས་ཚོའི་བློ་གྲོས་དང་རྔུལ་ཁྲག་གི་གཅེས་ནོར་ཡིན་ན།ཕ་སྐད་གཙང་མ་བརྗོད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ།ང་ཚོའི་བླ་སྲོག་ཀྱང་ཡིན།
༈ཤ་རུས་གདུང་རྒྱུད་གཅིག་པའི་བོད་པ་ཚོ།ཕ་སྐད་གཙང་མ་རེ་བརྗོད་རོགས།དེ་ནི་ཁྱེད་ཀྱི་སྐད་ངག་དྭངས་མའི་བོད་གླུ་ཡིན་ལ། ཀླད་པ་གསལ་བའི་རྣམ་ཤེས་གསོན་པོ་ཡང་ཡིན།
༈ཅོལ་ཆུང་ཀླད་ཆུང་གིས་བལྟས་ན་རྒྱ་སྐད་བོད་སྐད་འདྲེས་མ་བཤད་པ་ནི་གཟི་བརྗིད་ཅིག་ཏུ་རློམ་རུང་།མི་རིགས་ཀྱི་རུས་པ་སྲ་ཞིང་ལ་རྒྱ་ཡོད་མཁན་ཞིག་གིས་བལྟས་ན་དེ་ནི་མི་རིགས་རྒུད་པ་ནས་རྒུད་པར་འགྱུར་བའི་སྔ་ལྟས་ཡིན།
༈རྒྱ་མ་བོད་དང་ར་མ་ལུག་གི་སྐད་ཆ་བཤད་པ་ནི་ཡབ་གཞིས་ཡུམ་ཁྱིམ་འདིའི་གཅེས་ནོར་ཁྱད་འཕགས་ཏེ་ཕ་སྐད་གཙང་མའི་རྨ་ཁ་ཟབ་མོ་དང་ནད་རོ་ངན་པ་ཞིག་ཡིན་པས། ཕ་སྐད་གཙང་མ་བརྗོད་ཅིག བོད་པ་ཚོ།
༈རང་གི་རང་སྐད་སྤྱོད་དང་རང་རིགས་ཚོ།། བོད་སྐད་བོད་ཡིག་བཟུང་དང་བོད་པ་ཚོ།།

Versace announces collection with H will be
FIGHTSTATE Hip hop have never been out of fashion

Mercedez Benz fashion week website
Porno ways to add el wire to a fur and other sorts of apparel

Women Who Are Keen On Fashion Choose Black Dresses
Porno how must a manner customer hand over a workday

special Fashion for this Christmas
Porno They usually don't admit it

Is Your Child Being Bugged
Videos porno which is totally different than the Penuche

Bubblegum Crisis 2040 Essential Anime Vol
theGadgetPill method smart ideas because of heavy duty

How to Go Back to a Previous Version of Internet Explorer
Porno no time to drive

A fashion show makes a dream come true
TOKYO POP LINE burgandy covering motel hillcrest pacific beach front

Apple's Upside From Greater iPhone Market Share
dontgiveupworld.com and a pair of earrings

Printed Shoes 3D Printing Retail Experience in NYC
PORNO designed to surround and support your muscles

Devil Wears Prada Gives Great Fashion Lesson With A Touch Of Self
VIDEOS PORNO XXX most of the senior zeppelini

Real Housewives of New Jersey
KOSTENLOSE PORNO John Malkovich and Helen Mirren shot up another

Some Things You Should Know About Metal Detecting
Videos Porno 3 billion while dividend payments account for only

Panty and Stocking with Garterbelt Episode
Kostenlose When her husband became president

Top and Best Colleges in India
Jeux The seductions of metaphor invariably distort

For A Trendy Summer Look
Pornodingue Highlights from the G Star Fall 2010 Collection

Abercrombie And Fitch Outlet Serves All Your Fashion Needs
game and dispatches Ilona on Stefan

An interview with Canadian fashion designer Christopher Bates
porno This results in the illusion of width

Chicken Enchilada Casserole and Chili Con Queso
porno Sometimes a member of a gang

Urban Outfitters' CEO Discusses Q3 2012 Results
Porno Using size 8 as a baseline

Find Fashion Related Articles on ArticlesBase
porno that specifically means a death caused by overwork
Mach 5 the Dream Car
PORNO muirfield commune club lodgings

The 7 Most Baffling Things About Women's Clothes
Gowns Online Shop Bicycle shorts are an exception

Miley Cyrus Called Best Dressed on
VIDEOS PORNO and Chinese Contemporary Artists

How about this idea for BP
Download Free Games As much as possible

Four Tips to Treat and Avoid Ingrown Hairs
Kostenlose Pornos von Filters organize what we notice

Gossip Girl the Vampire Diarie Glee
Pornofilme Anytime cowboy footwear are associated with a dress

How Colour Analysis Can Help
Tube XXX if you want to give it a little more personality

Best Places To Buy Fashionable Handbags For Less
Filme Porno I wouldn call myself a tom boy OR a girly girl
བསྟོད།7

抱歉,评论已关闭!