ཉིས་སྟོང་བཅུ་གཅིག་ལོའི་དཀར་མཛེས་རྫོང་བོད་སྐད་ཡིག་སློབ་ཁྲིད་ཀྱི་དཔྱད་གླེང་ཚོགས་འདུ།

གསར་འགོད་པ། སྒོམ་པ་ཚེ་རིང་།

༼ཐུན་མོང་གི་ཚོགས་ར༽

དགེན་ཟླ་བ་བཟང་པོས་ཚོགས་འདུ་ལ་འགོ་འཛིན་མཛད་པ།

དང་པོ། འགོ་ཁྲིད་ངོ་སྤྲོད་དང་བཅས་ཏེ་བོད་སྐད་ཡིག་འཕེལ་རྒྱས་ཀྱི་ཆེད་དུ་འདི་འདྲའི་ཚོགས་འདུ་ཞིག་འཚོགས་པ་དང་དེའི་དམིགས་ཡུལ། དགེ་མཚན་སོགས་བཤད་པ།

གཉིས་པ། རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་བློ་ལྡན་ལགས་ཀྱིས་གསུང་བཤད་གནང་བ།

བོད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་མེད་དུ་མི་རུང་བའི་ནོར་བུ་ཞིག་ཡིན་ལ། བཅིངས་འགྲོལ་བྱས་པ་ནས་ད་ལྟའི་བར་དུ་རང་རེའི་སྒོར་མོའི་སྟེང་དུ་ཡིག་རིགས་ཆེན་པོ་བདུན་ཙམ་ལས་མེད་ལ། དེའི་ནང་གི་གཅིག་ནི་རང་རེའི་བོད་ཀྱི་ཡི་གེ་འདི་ཡིན་པས་ཚང་མས་ཁྲིམས་མཐུན་ལུགས་མཐུན་སྒོས་འཕེལ་རྒྱས་སུ་གཏོང་དགོས་བར་འདོད་པ། བོད་ཡིག་གི་རིན་ཐང་ལ་ངོས་ཟིན་དང་མ་འོངས་པའི་འགྲོ་སྟངས་ཇི་ལྟར་བྱེད་རྒྱུའི་སྐོར།

སློབ་མའི་ཆུ་ཚད་དང་དགའ་ཕྱོགས་བཅས་ལ་དམིགས་ནས་བོད་ཡིག་གི་སློབ་ཁྲིད་ཚད་ལྡན་ཅན་དང་དགེ་རྒན་གྱི་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུ་གལ་ཆེན་པོར་ཡིན་པར་བརྗོད་པ། དུས་རབས་གསར་བ་ཡིན་པས་སློབ་ཁྲིད་བྱེད་སྟངས་སོགས་དེང་རབས་ཅན་ལ་ཁ་ཕྱོགས་དགོས་པར་འདོད་པ། དགེ་རྒན་མང་པོ་ཡོད་པས་གཏམ་མང་པོ་དགེ་རྒན་གཞན་དག་ལ་སྤྲད་དགོས་པར་དགོངས་ཏེ་གཏམ་བཤད་ཀྱི་གོ་སྐབས་མདུན་བཞུགས་དགེ་རྒན་ཚོར་སྤྲད་པ།

གསུམ་པ། གསེར་མཁར་སློབ་ཆུང་གི་དགེ་རྒན་ཡེ་ཤེས་ལྷ་མོས་གཏམ་བཤད་གནང་བ།

འདི་འདྲའི་བོད་སྐད་ཡིག་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་པར་བཀའ་དྲིན་ཞུ་བ། རང་རེ་ནི་རྗེས་ལུས་ཡིན་མིན་སློབ་གསོ་ལ་ཐུག་འདུག་པས་མི་རིགས་འཕེལ་རྒྱས་ཀྱི་རྩ་བའི་རྩ་བ་སློབ་གསོ་ལ་ཐུག་ཡོད་པར་འདོད་པ། མཐར་གཏུག་ན་སློབ་གསོ་དེའང་དགེ་རྒན་ཚོ་ལ་སྤྲད་ཡོད་པས། དགེ་རྒན་ཚོའི་འགན་ཁུར་ལྗིད་མོ་ཡིན་པར་འདོད་པ།

དོ་སྣང་བྱ་ཡུལ།

བརྡ་སྤྲོད་ལ་དོ་སྣང་བྱ་དགོས་པ། སློབ་མའི་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་དགོས་པ། སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་དགོས་པ། དུས་རབས་དང་མཐུན་པའི་གློག་ཀླད་དྲ་རྒྱ་སོགས་བཀོལ་དགོས་པར་འདོད་པ། མི་རིགས་རང་དང་གཞན་གྱི་རིག་གནས་ལ་སྙིགས་དོར་བཅུད་ལེན་བྱ་དགོས་པར་འདོད་པ་དང་བཅས་ཏེ་བཀྲ་ཤིས་སྨོན་འདུན་ཞུས་པའོ།།

བཞི་པ། སྲིབ་ངོ་སློབ་ཆུང་གི་དགེ་རྒན་བསོད་ནམས་མཁའ་འགྲོས་གཏམ་བཤད་གནང་བ།

ཁོ་མོ་སྡོད་སའི་སློབ་གྲྭའི་རྒྱ་ཁྱོན་དང་སློབ་མའི་མང་ཉུང་། དགེ་རྒན་གྱི་གནས་ཚུལ་སོགས་ངོ་སྤྲོད་བྱེད་པ།སློབ་ཆུང་གི་སློབ་མ་ནི་མ་འོངས་བའི་རེ་བ་དང་མེས་རྒྱལ་གྱི་བདག་པོ་ཡིན་པར་མ་ཟད། སློབ་མ་ཚོའི་དུས་ཚོད་སྐར་མ་གང་ཡང་ཆུད་ཟོས་སུ་གཏོང་མི་ཉན་ལ། ཐ་ན་ཉིན་གུང་གི་ངལ་གསོའི་དུས་ཚོད་དང་སློབ་ཁྲིད་གྲོལ་བའི་སྐར་མ་བཅུའི་ནང་དུའང་སློབ་ཁྲིད་བྱེད་དགོས་པར་འདོད་པ། སློབ་མ་རྣམས་ལ་སློབ་ཁྲིད་ཡག་པོ་བྱེད་དགོས་པ་དང། དེ་ཉིད་དམ་འཛིན་བྱས་ཏེ་སློབ་མའི་ཉན་བཤད་འབྲི་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་པ། རྒྱུགས་འཕྲོད་པར་བྱ་དགའ་དང་མ་འཕྲོད་པར་ཆད་པ་གཅོད་དགོས་པར་འདོད་པ། སློབ་མ་ལ་ཁྱིམ་གྱི་ལས་བྱ་སོགས་བཀོད་སྒྲིག་བྱེད་དགོས་པ་དང་། གལ་ཏེ་སློབ་མ་བོར་སོང་ན་ཁྱིམ་བདག་ལ་ཁ་པར་གཏོང་དགོས་པ་དང་སློབ་མ་ཡོད་ཚད་རང་གི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་དུ་སྐྱོང་དགོས་པར་འདོད་པ།

མདོར་ན་མི་རིགས་ཀྱི་སྐད་དང་ཡི་གེ་འདིའི་ཆེད་དུ་ཅི་ཐུབ་གང་ཐུབ་བྱེད་དགོས་པ། སློབ་གྲྭ་འདི་ནི་ཕྱི་ཡི་གཙང་སྦྲ་དང་ནང་གི་ཤེས་རིག་གང་གི་ཆ་ནས་ཀྱང་རྫོང་སྲིད་གཞུང་སོགས་ཀྱིས་ཁས་ལེན་པའི་སློབ་གྲྭ་ཨང་དང་པོ་ཡིན་པས་ཚང་མས་དེར་སློབ་སྦྱོང་དང་མིག་དཔེར་བལྟ་དགོས་པར་འདོད་པ་བཅས་སོ།།

ལྔ་པ། སློབ་ཆུང་གཉིས་པའི་དགེ་རྒན་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་གཏམ་བཤད་གནང་བ།

ང་ཚོ་དགའ་འོས་པ་ནི་གོང་རིམ་པས་བོད་སྐད་ཡིག་ལ་མཐོང་ཆེན་བྱེད་པ་འདི་རེད། ང་ཚོ་སྐྱོ་འོས་པ་ནི་རང་ཅག་གིས་དེ་ཉིད་དམ་འཛིན་མི་བྱེད་པ་དེའོ། སློབ་ཆུང་གཉིས་པ་ལ་གཟའ་འཁོར་གཅིག་གི་ནང་དུ་བོད་ཡིག་གི་སློབ་ཁྲིད་ལྔ་ལས་མེད་པས་འགྲུབ་དགོས་པའི་བྱ་བ་མི་འགྲུབ་པ་དང་བོད་ཡིག་གི་དགེ་རྒན་ཤིན་ཏུ་ཉུང་བ། འཁྲིད་བྱ་མང་ཞིང་དུས་ཚོད་ཉུང་བ། ཡིན་ཡང་དགེ་རྒན་ཚོས་དེར་དཀའ་སྤྱད་སྡུག་རུས་ཀྱིས་འབད་པ་བྱེད་བཞིན་པ། རྗེས་སུ་གོང་རིམ་པས་འདི་ལ་རྒྱབ་སྐྱོར་བྱེད་པར་རེ་བ་ཡང་ཡང་ཞུས་པ་དང་བཅས་སོ།།

དྲུག་པ། སློབ་ཆུང་གསུམ་པའི་དགེ་རྒན་བཀྲིས་མེ་ཏོག་ལགས་ཀྱིས་གསུང་བཤད་གནང་བ།

རང་ཉིད་ངོ་སྤྲོད་བྱེད་པ་དང་སྦྲག་ས་ཏེ་གཟའ་འཁོར་གཅིག་གི་ནང་དུ་བོད་ཡིག་གི་སློབ་ཁྲིད་ཤིན་ཏུ་ཉུང་བས་འཁྲིད་བྱ་དག་ཁྲིད་མི་ཚར་བ་དང་སློབ་མའི་ཆུ་ཚད་ཀྱང་ཇེ་སྡུག་ནས་ཇེ་སྡུག་དུ་འགྲོ་བ། ཁྱིམ་བདག་རྣམས་ཀྱིས་རང་གི་བུ་ཕྲུག་ལ་བོད་ཡིག་སྦྱོང་བར་མི་བསྐུལ་བས་སློབ་ཆུང་སློབ་མ་ཚོ་བོད་ཡིག་སྦྱོང་རྒྱུར་དགའ་བོར་མེད་པར་བསྟན། དེའི་ཕྱིར་གནད་དོན་འདི་ལ་ཚང་མས་གཟབ་གཟབ་སྒོས་དབྱེ་ཞིབ་དང་ཐག་གཅོད་བྱེད་དགོས་པ་དང་དགེ་རྒན་ཚོས་ཀྱང་སློབ་མ་ཉིས་བརྒྱ་ཡན་གྱི་སློབ་མའི་ལས་བྱ་བཅོས་དགོས་པས་དུས་ཚོད་ཉུང་བར་འདོད་པ་བཅས་སོ།།

བདུན་པ། མི་རིགས་སློབ་འབྲིང་གི་དགེ་རྒན་བསྟན་པས་གཏམ་བཤད་པ།

འདི་འདྲའི་ཚོགས་འདུ་ཞིག་འཚོགས་པར་བཀའ་དྲིན་ཡང་ཡང་ཞུ་བ་དང་འཚོག་པའི་དགེ་མཚན་དང་བཅས་པ་བཤད་པ།

རང་རྫོང་གི་བོད་ཡིག་སློབ་ཁྲིད་ཡར་ཐོན་ཡོང་ཐབས་ཀྱི་སྐོར། རྫོང་མི་རིགས་སློབ་འབྲིང་གི་སློབ་གསོའི་འཕེལ་རྒྱས་ཀྱི་སྐོར། འདས་སོང་གནས་ཚུལ་ལ་ཕྱིར་དྲན་དང་ད་ལྟའི་གནས་བབ་ལ་ཕྱོགས་བསྡོམས་བྱེད་པ། འདས་ཟིན་པའི་རྫོང་བོད་ཡིག་གི་སློབ་འབྲིང་གི་གྲུབ་འབྲས་ཀྱི་ཆེ་བ་བརྗོད་པ། སློབ་ཆེན་གྱི་རྒྱུགས་འཕྲོད་ཚད་ཀྱི་ཆ་ནས་བོད་ཡིག་སློབ་འབྲིང་ནི་ཧ་ཅང་བཟང་པོར་ཡིན་པར་རྒྱུ་མཚན་དང་བཅས་ཏེ་བརྗོད་པ་དང་དེའི་རྒྱུ་མཚན་ནི་བོད་ཡིག་དགེ་རྒན་མང་བ་དང་ཤེས་ཡོན་ཆུ་ཚད་བཟང་བར་འདོད་པ། དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་པའི་དགེ་རྒན་མང་པ། ད་དུང་བོད་ཡིག་སློབ་འབྲིང་གི་དགེ་རྒན་རྣམས་ལ་ལྷག་བསམ་དཀར་པོས་ཕྱུག་པ། གོང་རིམ་པས་རྒྱབ་སྐྱོར་མི་བྱེད་པར་ང་ཚོས་འཁང་ར་དང་རེ་ཞུ་བྱེད་དགོས་པར་འདོད་པ། ཡིན་ཡང་། མིག་སྔར་གྱི་གནས་ཚུལ་གཞིག་ན་བོད་ཡིག་གི་རྒྱུགས་འབྲས་དམའ་བ་དང་བསླབ་ཚན་གཞན་དག་ཀྱང་མི་བཟང་བ། དགེ་རྒན་གྱི་ཐད་ནས་བཤད་ན་ཆེད་ལས་ཅན་གྱི་དགེ་རྒན་མེད་པ། ལྷག་བསམ་གྱིས་ཕྱུག་པའི་དགེ་རྒན་ཉུང་བ། མི་རིགས་སློབ་འབྲིང་གི་བོད་ཡིག་ཆུ་ཚད་མི་བཟང་བའི་རྒྱུ་རྐྱེན་ནི་དམའ་འབྲིང་གི་བོད་ཡིག་ཚོགས་ཐུན་ཤིན་ཏུ་ཉུང་བ་བར་འདོད་པ་དང་བསླབ་ཚན་གཞན་དག་ལ་མང་པོ་ཡོད་པ། བོད་ཡིག་དགེ་རྒན་ལ་ཟབ་སྦྱོང་གི་གོ་སྐབས་མེད་པས་རིག་སློབ་ཅུས་དང་གོང་རིམ་པས་བསམ་བློ་གཏོང་དགོས་རྒྱུ་ཞིག་ཡིན། དགེ་རྒན་ཁོ་རང་ནི་ལོ་༡༠ལ་དགེ་རྒན་བྱེད་མྱོང་མོད། སློབ་སྦྱོང་ངམཡང་ན་ཟབ་སྦྱོང་དུ་འགྲོ་བའི་གོ་སྐབས་༡མ་གཏོགས་མེད་པས་སྐྱོ་དགོས་པའི་གནས་ཡིན་པར་བསམ་པ། དཀར་མཛེས་རྫོང་གི་བྱིས་སྐྱོང་ཁང་ན་བོད་ཡིག་ཁྲིད་ཀྱིན་མེད་པས་དེ་ནའང་གནད་དོན་ཚབས་ཆེན་ཞིག་འབྱུང་གིན་ཡོད་པ་རེད། མཚོ་སྔོན་གྱི་ཡུལ་ལ་ཆ་མཚོན་ནས་བཤད་ན་འགོ་བ་ཚང་མས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཤེས་པས་ང་ཚོས་ཀྱང་འདིའི་ཕྱོགས་ལ་རེ་བ་ཞིག་ཞུས་པ། སློབ་གྲྭའི་དབུ་ཁྲིད་ཀྱིས་བོད་རྒྱ་ཡིག་རིགས་ཤེས་དགོས་པར་འདོད་པ། དབུ་ཁྲིད་རྣམས་ཀྱིས་དཔེ་མཛོད་ཁང་དང་བོད་སྐད་ཡིག་སློབ་ཁྲིད་ལ་མཁོ་བའི་ཆ་རྐྱེན་ངེས་པར་དུ་བསྐྲུན་དགོས་པར་འདོད་པ། ཁྲིད་ཐབས་རིགས་གཉིས་པར་ངེས་པར་དུ་ས་གནས་ཀྱི་བསླབ་དེབ་ཅིག་དགོས་ཤག་ཤག་ཡིན་པ། ཁམས་བྱང་སོགས་སློབ་གྲྭ་འགའ་ཤས་སུ་མིང་ཐོ་འགོད་དགོས་ན་བོད་ཡིག་གི་སྐར་མ་མི་བརྩི་བ། བོད་ཡིག་བེད་སྤྱོད་གུ་དོག་པ། བརྡ་སྦྱོར་དང་ཡིག་ཚགས་ཚང་མ་རྒྱ་ཡིག་ཡིན་པ། དེ་ལྟར་སོང་ན་སློབ་མའི་སེམས་ནས་ཀྱང་བོད་ཡིག་གཙོ་བོར་མི་འཛིན་པ་ཁོ་ཐག་རེད་སྙམ་པའོ། བོད་ཡིག་གི་དག་ཡིག་དང་ལེགས་བཤད་སོགས་ངེས་པར་དུ་བློ་འཛིན་དགོས་པའི་རིགས་ཡིན་པས་ན་ནངས་ཚོགས་མེད་པར་བྱས་ཏེ་དུས་ཚོད་དེ་དག་ཏུ་བློར་འཛིན་སྐྱོར་སྦྱངས་བྱེད་དགོས་པར་འདོད་པ་བཅས་སོ།།

འདྲ་མཉམ་མིན་པའི་སློབ་གསོའི་གནས་ཚུལ་ཞིག

མི་རིགས་སློབ་འབྲིང་ན་འཛིན་གྲྭ་འགའ་རེར༼དྲ་བ་འཛིན་གྲྭ༽གློག་དང་གཞན་གང་དང་གང་ནས་ཀྱང་ཆ་རྐྱེན་ཧ་ཅང་བཟང་བ། ལྡོག་ཏེ་མཐོ་གསུམ་ལ་དེ་འདྲའི་ཆ་རྐྱེན་མི་བསྐྲུན་པ། གཞི་རིམ་གྱི་ས་ཁུལ་མང་ཤས་སུ་སློབ་ཆུང་གི་དགེ་རྒན་མང་ཆེ་བ་ནི་ཚབ་ཁྲིད་དགེ་རྒན་ཡིན་པས་ཚབ་ཁྲིད་དགེ་རྒན་ཚང་མས་རང་ཉིད་ཀྱི་རྟག་བརྟན་གྱི་བྱ་བ་ཞིག་སེམས་པ་ལས་སློབ་མའི་ཆེད་དུ་འབད་འབད་དུངས་དུངས་མི་བྱེད་པར་དགེ་རྒན་མང་ཆེ་བའི་འདོད་ཚུལ་དང་གཅིག་འདྲ་ཡིན་པ། ད་དུང་སློབ་མ་ཚང་མར་སྐད་ཆ་བཤད་དུ་འཇུག་རྒྱུའི་གོ་སྐབས་སྟེར་དགོས་པར་འདོད་པ། མཐར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་བཅསོ།།

བརྒྱད་པ། འགོ་འཛིན་པས་བགྲོ་གླེང་གི་དུས་ཚོད་དགེ་རྒན་གཞན་དག་ལ་སྤྲོད་པ།

སློབ་ཆུང་དང་པོའི་དགེ་རྒན་རྣམ་རྒྱལ་ལགས་ཀྱིས་སློབ་གསོ་དང་སློབ་ཁྲིད་ཐད་ནས་རང་གི་ལྟ་ཚུལ་བརྗོད་པ། ཁ་ནས་མ་གཏོགས་ལག་ནས་མི་སྒྲུབ་པའི་དགེ་རྒན་དག་དང་སློབ་གསོར་མཐོང་ཆེན་མི་བྱེད་པ་དེ་དག་གི་གདོང་འབག་དམར་བཤུ་བྱེད་པ། སློབ་གསོ་ལ་མགོ་སྐོར་བ་ནི་ཆེས་བཟོད་དུ་མེད་པའི་སྡུག་བསྔལ་ཞིག་ཏུ་མཐོང་ངོ་།།

དགུ་པ། ཨ་མདོའི་དགེ་རྒན་ཏིང་འཛིན་ལགས་ཀྱིས་མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གཞས་བཏང་བ།

བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།ཨ་ཕའི་གདོང་གི་སྐྱོ་བ་བསམ་ན།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།མདོ་དབུས་ཁམས་གསུམ་མཐུན་སྒྲིལ་བྱོས་དང་།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།ཨ་མའི་སེམས་ཀྱི་མིག་ཆུ་བསམ་ན།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།ཁ་བ་བོད་པས་མཐུན་སྒྲིལ་བྱོས་དང་།ང་ཚོ་ནི་ཕ་མ་གཅིག་གི་མིང་སྲིང་ཡིན་ལ།མི་རིགས་ཤིག་གི་རྒྱུད་འཛིན་ཡིན་ལ།གདོང་དམར་བོད་པ་ཚོ།

བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ན།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱོས་དང་།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།ཁ་བ་གངས་རིའི་མདུན་ལྗོངས་བསམ་ན།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།ཕུ་ནུ་མིང་སྲིང་མཐུན་སྒྲིལ་བྱོས་དང་།ང་ཚོ་ནི་སྟོད་ཕྱོགས་འབྲོག་གི་ཕྱུག་བདག་ཡིན་ལ།སྨད་ཕྱོགས་རོང་གི་ཞིང་བདག་ཡིན་ལ།གདོང་དམར་བོད་པ་ཚོ།

བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།ངུ་མ་དགོད་ཀྱི་ལས་དབང་བསམ་ན།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས། ཆོལ་ཁ་གསུམ་པོ་མཐུན་སྒྲིལ་བྱོས་དང་།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།རང་དབང་འཚོ་བའི་བདེ་སྐྱིད་བསམ་ན།བོད་པ་ཚོ།མཐུན་སྒྲིལ་གྱིས།མཐུན་སྒྲིལ་གྱིས།གཞོན་ནུ་ཕོ་མོ་མཐུན་སྒྲིལ་བྱོས་དང་།ང་ཚོ་ནི་དུས་རབས་གསར་བའི་ཕོ་ཉ་ཡིན་ལ།མ་འོངས་གངས་རིའི་བདག་པོ་ཡིན་ལ།གདོང་དམར་བོད་པ་ཚོ།

བཅུ་པ། མི་རིགས་སློབ་འབྲིང་གི་དགེ་རྒན་བླ་མ་ཚེ་རིང་གིས་རང་གི་མྱོང་ཚོར་དང་རེ་འདུན་གསང་བོར་བརྗོད་པ།

རང་ཉིད་ངོ་སྤྲོད་བྱེད་པ་དང་སྦྲགས་ཏེ་མཚོ་སྔོན་ཡ་རྫི་བོད་ཡིག་སློབ་འབྲིང་དང་དཀར་མཛེས་མི་རིགས་སློབ་འབྲིང་གཉིས་བསྡུར་ཏེ་བཤད་པ། ཡ་རྫི་བོད་ཡིག་སློབ་འབྲིང་ན་སྒྲིག་ལམ་གྱི་བཀག་རྒྱ་དེ་འདྲ་ཞིག་མེད་ལ་དཀར་མཛེས་མི་རིགས་སློབ་འབྲིང་ནི་དེ་དང་བསྡུར་ན་ཅུང་ཚབས་ཆེ་བར་འདོད་པ། དཀར་མཛེས་ན་སློབ་མ་ཕན་ཚུན་གྲིས་བསྣུན་པའི་གནས་ཚུལ་ཧ་ཅང་ཚབས་ཆེ་ལ། ཡ་རྫི་བོད་ཡིག་སློབ་འབྲིང་ན་དེ་འདྲ་མེད་པས་དེ་ནི་ཅི་ཞིག་གི་རྒྱུ་མཚན་ཡིན་པ་ཚང་མས་བསམ་བློ་གཏོང་དགོས་པར་འདོད་པ། དགེ་རྒན་ཚོའི་ནང་དུའང་སློབ་མས་བོད་ཡིག་སྦྱངས་ན་ཕན་པ་མེད་པར་བཤད་མཁན་ཡང་ཡོད་པ་དང་། བོད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཀྱི་ཁྲོད་དུ་མཚར་སྡུག་རྣམ་པར་བཀྲ་བའི་ནོར་བུ་ཞིག་ཡིན་ལ། དེར་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལ་ཉེ་བའི་གཟི་བརྗིད་ཀྱི་ལོ་རྒྱུས་ལྡན་པས། བོད་མི་ཕལ་ཆེར་གྱི་ཤ་གསེང་རུས་གསེང་ལ་འཐིམས་ཡོད།

ཏང་གི་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱིས། མི་རིགས་རང་སྐྱོང་ས་ཁུལ་དུ། མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་ཆོག་པའི་ཁེ་དབང་ཡོངས་སུ་གནང་ཡོད་ལ། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྲལ་ཐབས་མེད་པའི་ཆ་ཤས་རེ་རེར་གྱུར་བའི་མི་རིགས་རེ་རེ་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་འགག་རྩ་གཙོ་བོ་ཡང་ཡིན། དེས་ན། ང་ཚོ་བོད་རིགས་འདུས་སྡོད་ས་ཁུལ་ཡང་དེ་ལས་མ་འདས།

འདིར་བདག་གིས་བོད་སྐད་ཡིག་གི་སློབ་གསོའི་སྤུས་ཚད་མཐོར་འདེགས་ཐད་ཀྱི་དྲན་འཆར་རེ་གཉིས་ཤིག་འདོན་རྒྱུ་ཡིན།

༼དང་པོ༽ སློབ་ཆུང་ནི། སློབ་མ་རྣམས་ལ་ཤེས་རིག་གི་རྨང་གཞི་བསྐྲུན་པའི་ཆེས་གལ་ཆེན་ནང་གི་འགངས་ཆེན་གྱི་དུས་རིམ་ཞིག་ཡིན་སྟབས། ངེས་པར་དུ་སློབ་མ་རྣམས་ལ་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་བསྐྲུན་དགོས། གལ་ཏེ་དེ་ལྟར་མ་སོང་ན། དམའ་འབྲིང་གི་ལོ་ངོ་གསུམ་ལ། ལོ་ངོ་མང་པོར་བསྐྲུན་དགོས་པའི་རྨང་གཞི་ཡང་བསྐྱར་བསྐྲུན་དགོས་ན་དཀའ་ཙམ་གདའ། དེ་ནི་དཔེར་ན་གཟའ་འཁོར་གཅིག་གི་ཟ་མ་ཉིན་གཅིག་ལ་ཟ་བ་དང་ཡོངས་སུ་མཚུངས་ལ། དེ་ལྟར་མུ་མཐུད་དུ་སོང་ན་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཕམ་ཁ་ཉོ་ཚད་ཅུང་ཚབས་ཆེ་བར་སྙམ། དེས་ན་སློབ་ཆུང་གི་སྐབས་སུ་རྨང་གཞི་ཇི་ལྟར་བསྐྲུན་དགོས་ཞེ་ན།

①“ཀློག” ཅེས་པ་འདི་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བརྩི་དགོས་པ་སྟེ། འདི་ནི་མི་རིགས་རང་གི་སྐད་ཡིག་གི་ཁྱད་ཆོས་ཤིག་ཏུ་མ་ཟད། རྨང་གཞི་བསྐྲུན་པའི་ཐབས་ལམ་ཉག་གཅིག་ཀྱང་ཡིན་ཏེ། དཔེར་ན་སློབ་ཆུང་སྐབས་སུ་བློར་བཟུང་བའི་ཤེས་བྱ་མང་པོ་ལོ་རིམ་འཕེལ་བ་དང་བསྟུན་ནས་ག་ལེར་ཧ་གོ་ཡོང་བས་ཡིན། ད་སྐབས་ཀྱི་དམའ་གཅིག་སློབ་མའི་ཁྲོད་ན་སྔོན་རྗེས་ཡང་གསུམ་སོགས་གང་ཡིན་ངོས་འཛིན་མི་ཐུབ་པའི་སློབ་མའང་བརྩི་བརྩི་གྲངས་མེད་ཡིན་པས་དེ་ལ་མཐོང་ཆེན་བླ་ལྷག་གིས་བྱེད་དགོས་པར་ཁོ་བོས་འདོད་དོ།།

②“འབྲི” ཞེས་པར་གཙིགས་ཆེན་བྱེད་དགོས་པ།

འདི་ལ་དགེ་མཚན་མང་པོ་ཞིག་ཡོད་པ་སྟེ། གཅིག་ནས་སློབ་མས་འབྲི་སྦྱོང་གི་གོ་རིམ་ཁྲོད་ནས་ཡིག་གཟུགས་ལ་ཕན་ཞིང་། གཉིས་ནས་རྩོམ་འབྲིའི་གོ་རིམ་ཁྲོད་ནས་རྩོམ་རྩལ་མཐོར་འདེགས་དང་བསམ་གཞིག་གི་ནུས་པ་འདྲ་མིན་སྣ་ཚོགས་སྐྱེད་སྲིང་བྱེད་ཐུབ་པ། གསུམ་ནས་སློབ་མའི་ཡིད་འཇོག་གི་ཐད་ལ་ཤུགས་རྐྱེན་བླ་མེད་འཇོག་ཐུབ། དེས་ན། སློབ་མ་ཚང་མར་ཡིག་གཟུགས་འབྲི་སྦྱོང་གི་གོ་སྐབས་སྤྲོད་པ་དང་ཉིན་ཐོ་སོགས་སྟབས་བདེའི་རྩོམ་ཡིག་གང་འཚམ་འབྲི་བར་བསྐུལ་བའོ།།

༼གཉིས་པ༽ ཆུང་འབྲིང་སློབ་མ་ལ་རང་དབང་གི་སློབ་སྦྱོང་བྱེད་པའི་དུས་ཚོད་ངེས་པར་དུ་དགོས་པ།

འདི་ནི་གང་ལ་ཟེར་བ་ཡིན་ཟེར་ན། བོད་ཡིག་ལ་ཆ་མཚོན་ནས་བཤད་ན་དག་ཡིག་དང་སུམ་རྟགས་ཀྱི་རྩ་བ་སོགས་ནི་བློར་མི་འཛིན་ཐབས་མེད་ཀྱི་རིགས་ཤིག་ཡིན་པ་མ་ཟད། ད་དུང་བསླབ་བྱ་དང་ལེགས་བཤད་དང་། མིང་འགྲེལ་དང་གོ་དོན། མཚན་ཉིད་དང་དཔེར་བརྗོད་སོགས་ཀྱང་བློར་འཛིན་དགོས་པ་ཤ་སྟག་ཡིན་པས། ནངས་ཚོགས་ནི་སློབ་ཁང་ཕྱི་ནང་ཀུན་ནས་རང་དབང་གིས་བློར་འཛིན་པའི་དུས་ཚོད་དུ་གཏན་འཁེལ་བྱས་ན་ལེགས་པར་སེམས། ལྷག་དོན་སློབ་ཆུང་སློབ་མ་ནི་ཁང་བ་ཞིག་ལ་ཆ་བཞག་ནས་བཤད་ན་སློབ་ཆུང་དུས་སྐབས་ཀྱི་རྨང་གཞི་ནི་ཁང་བའི་རྨང་རྡོ་ལྟ་བུ་ཡིན་པས་རྨང་རྡོ་ཞན་པའི་ཁང་བའི་རྒྱུ་ཆ་ཇི་འདྲའི་བཟང་ཡང་ཡུན་རིང་མི་བརྟན་པ་ཆོས་ཉིད་ཡིན་པས་དེ་ལ་མཐོང་ཆེན་དང་དམ་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་འདོད།

③ས་གནས་སློབ་གྲྭའི་སློབ་དེབ་དགོས་པ། སློབ་འབྲིང་གི་ཁྲིད་ཐབས་རིགས་གཉིས་པར་མཚོན་ན། སློབ་མ་རེ་གཉིས་མ་ཟད། དབྱངས་གསལ་གྱི་སྦྱོར་ཀློག་ལ་ཡང་ལེགས་པར་མི་འགྲོ་བས། ཚད་གཞི་མཐོན་པོ་ཞིག་གི་སྒོ་ནས་རྩོམ་སྒྲིག་བྱས་པའི་ལྗོངས་ཞིང་ལྔའི་བསླབ་དེབ་དེ་གཏན་ནས་འཚམ་པ་ཞིག་མ་ཡིན། དེས་ན། རྒྱལ་ཁབ་ཀྱི་བསླབ་དེབ། ས་གནས་ཀྱི་བསླབ་དེབ། སློབ་གྲྭའི་བསླབ་དེབ་ཀྱི་དགོས་གཞི་དང་མཐུན་ཞིང་། མཉམ་རྒྱུགས་དང་འབྲིང་རྒྱུགས་ལ་ཁ་ཕྱོགས་ལ། སློབ་མ་ཚོའི་ཆུ་ཚད་དང་ཡོངས་སུ་མཐུན་ཞིང་འབྱུང་འགྱུར་ལ་ཕན་པའི་སློབ་གྲྭའི་བསླབ་དེབ་ཅིག་བསྒྲིག་ན་དགེ་མཚན་ཆེན་པོ་ཡོད་ས་རེད།

༼གསུམ་པ༽ བོད་ཡིག་གི་ཁོར་ཡུག་ལེགས་པོ་ཞིག་དགོས་པ།

“སྐད་གཉིས་སློབ་གསོ” ནི་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་གནང་བའི་སློབ་གསོའི་འཕེལ་རྒྱས་ཀྱི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་སྟབས། སློབ་གྲྭ་ནང་ཁུལ་གྱི་ཡིག་ཆ་དང་བརྡ་སྦྱོར། དེ་མིན་གཞན་གང་མང་ཞིག་རྒྱ་བོད་ཡིག་རིགས་གཉིས་ཀྱིས་སྤེལ་ན་ནི་ཤིན་ཏུ་ལེགས་པར་སེམས་སོ།།

བཅུ་གཅིག་པ། མི་རིགས་སློབ་འབྲིང་གི་དགེ་རྒན་རིག་འཛིན་དབང་རྒྱལ་ལགས་ཀྱིས་གཏམ་བཤད་གནང་བ།

སྐད་གཉིས་སློབ་ཁྲིད་དང་སྐད་གསུམ་སློབ་ཁྲིད་ཀྱི་སློབ་ཁྲིད་ཀྱི་སྐོར་ནས་རང་གི་ཉམས་མྱོང་དང་རེ་བ་བཏོན་པ།

ཀྲུང་དབྱང་གི་རྩ་ཁྲིམས་དང་ཁྲིམས་ཀྱི་རིགས་གང་ནའང་མི་རིགས་སོ་སོའི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་ཆོག་པའི་དབང་ཆ་ཡོད་ནའང་བོད་ཀྱི་དགེ་རྒན་མང་ཆེ་བས་དེ་དག་ཤེས་ཀྱིན་མེད་པ་འདྲ། མདོར་ན་མི་རིགས་ས་ཁུལ་ནས་མི་རིགས་སྐད་ཡིག་བཀོལ་སྤྱོད་བྱ་ཆོག་པའི་དབང་ཆ་དང་འོས་འགན་ཡོད་པ་དང་བོད་ཀྱི་ས་ཁུལ་དག་དང་ཁྱད་པར་དུ་བོད་ཀྱི་སློབ་གྲྭ་དག་ན་ལས་ཀ་ལས་ཤིང་ཟླ་ཕོགས་རག་བཞིན་པའི་རྒྱ་མི་དགེ་རྒན་གྱིས་བོད་སྐད་མ་ཤེས་ན་ཆོག་པ་ཞིག་དང་བོད་པས་ངེས་པར་དུ་རྒྱ་ཡིག་སྦྱོང་དགོས་པ་ནི་ཅི་ཡིན་ནམ། ང་ཚོས་བོད་ཡིག་གི་སློབ་ཁྲིད་འདི་ལྟར་ཉུང་བ་དང་རྩིས་རིག་གི་སློབ་ཁྲིད་འདི་ལྟར་མང་བའམ་ཐ་ན་བོད་ཡིག་གི་ལྡབ་གཉིས་ཙམ་ཡོད་པ་ཅི་ཡིན་ཞེས་དྲིས་ཏེ་གོང་རིམ་གྱི་འགོ་བ་མང་ཆེ་བར་རེ་བ་དང་བསམ་འཆར་འདྲ་བརྒྱབ་ནའང་སྡེ་བ་ནས་ཞང་གི་བཀོད་སྒྲིག་རེད་ཟེར་བ་དང་། ཞང་གིས་རྫོང་གིབཀོད་སྒྲིག་རེད་ཟེར་བ་དང་། རྫོང་གིས་ཁུལ་གྱི་བཀོད་སྒྲིག་རེད་ཟེར། ཡང་ཁུལ་གྱིས་ཞིང་ཆེན་རིམ་པའི་བཀོད་སྒྲིག་རེད་ཟེར་བ་སོགས་ཀྱི་གནས་ལུགས་མིན་པའི་གནས་ལུགས་ལུང་བ་བཀང་འཁྱེར་ནས་འོང་བ་སོགས་གནད་ལ་འཁེལ་བའི་གཏམ་མང་དུ་གསུངས་སོ།།

བཅུ་གཉིས་པ། དྲི་བ་དང་བགྲོ་གླེང་།

དྲི་བ་དང་པོ། ༼སློབ་སྦྱོང་༽ཟེར་བ་ལ་གོ་བ་ག་འདྲ་ཞིག་ལེན་གྱིན་ཡོད་དམ།

དགེན་བསྟན་པས་ལན་བཏབ་པ། ༼གསལ་བོ་ཞིག་མ་གོ་བས་མ་གོ་བ་ཞིག་ལོག་བཤད་བྱེད་ན་མི་བཟང་བར་སེམས་ནས་འདིར་མ་བྲིས༽

དྲི་བ་གཉིས་པ། སློབ་ཁྲིད་ཟེར་བར་གོ་བ་ག་འདྲ་ཞིག་ལེན་བཞིན་ཡོད་དམ།

དགེན་སྒོམ་པས་དྲི་བར་ལན་བཏབས་པ། དགེ་རྒན་གྱིས་རང་གི་ཤེས་པ་དང་སྦྱངས་ཟིན་པ་རྣམས་སློབ་མར་འཁྲིད་དེ་སློབ་མའི་ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་དང་། བསམ་བློ་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་བྱ་འགུལ་ཞིག་བརྗོད་ཅིང་། འཁྲིད་པའི་ཞོར་དུ་དགེ་རྒན་གྱིས་ཀྱང་མུ་མཐུད་དུ་སློབ་སྦྱོང་བྱེད་པ་དང་། ལེགས་བཤད་བྱིས་པ་དག་ལས་ཀྱང་ལེན་ཞེས་པ་ནང་བཞིན་ད་དུང་སློབ་མའི་སྟེང་དུའང་དགེ་རྒན་གྱིས་སློབ་རྒྱུ་མང་པོ་ཡོད་པར་འདོད་པ་བཅས་སོ།།

དྲི་བ་གསུམ་པ། སློབ་མ་ཆུང་འབྲིང་གིས་དཔེ་དེབ་གང་འདྲ་ལ་བལྟ་དགོས་སམ།

དགེན་ཟླ་དགས་རང་གི་དྲི་བར་རང་གི་ལན་བཏབས་པ། བྱིས་སྒྲུང་། གཞོན་ནུ་ཟླ་མེད་ཀྱི་རྣམ་ཐར། ཕྱི་གླིང་རྩོམ་རིག པདྨ་འོད་འབུམ། རྒྱལ་སྲས་ལག་ལེན། དྲི་མེད་ཀུན་ལྡན། སྣང་ས་འོད་འབུམ། གེ་སར་གྱི་སྒྲུང་། དུང་དཀར་ཚིག་མཛོད་ཆེན་མོ། སྦྲང་ཆར། གངས་རྒྱན་མེ་ཏོག་སོགས་མང་པོ་ཞིག་བཤད་ཟིན། ༼དཔེ་དེབ་ཀྱི་ཁ་བྱང་མང་པོ་ཞིག་མ་གོ་བས་འདིར་བྲི་མ་ཐུབ༽ དེ་དང་ཞོར་དུ་དགེན་ཟླ་བ་བཟང་པོས་གངས་རྒྱན་ན་ཆུང་ཚགས་པར་ཉོས་ཏེ་སློབ་མའི་རྩོམ་ཡིག་སྦྱོང་བརྡར་བྱེད་སྐབས་དག་བཅོས་མང་པོ་བྱེད་དགོས་པར་འདོད་པ་བཅས་སོ།།

༼ཚོགས་རའི་ཟུར་ཞིག༽

ཐེངས་འདིའི་ཚོགས་འདུའི་དགེ་སྐྱོན་གྱི་ཆ།

དགེ་མཚན། འགོ་བ་འགའ་རེ་མ་གཏོགས་དགེ་རྒན་ཚོས་ཕ་སྐད་གཙང་མ་ལབ་པ་དང་། གཏམ་བརྗོད་དང་བགྲོ་གླེང་ལ་དབྱེ་ཞིབ་གནད་དུ་ཐིངས་བ་དང་། རྒྱུ་མཚན་དོན་དུ་གནས་པ། སྔ་ཕྱི་གོ་རིམ་གསལ་བ་སོགས་ཀྱིས་ཕྱུག་པ། སྐྱེས་མ་དགེ་རྒན་གྱི་ནང་ན་གཏམ་བཤད་པ་ཅུང་མང་པས་དགའ་འོས་པ་ཞིག་རེད་འདོད།

སྐྱོན་ནམ་མི་འདང་ས།

དགེ་རྒན་འགའ་རེས་སློབ་ཚན་འདོན་པ་བཞིན་དུ་ཀློག་འདོན་ཐེངས་ཤིག་བྱེད་པ་ལས་བགྲོ་གླེང་གི་རྣམ་པ་དང་དབྱེ་ཞིབ་ཀྱི་རང་བཞིན་སོགས་མེད་པ།

༼ཐུན་མོང་གི་མཉམ་པར༽

ཐེངས་འདིའི་དགེ་རྒན་རྣམ་པའི་གཏམ་བཤད་དག་ཡིག་ངོར་ཕབ་པའི་གོ་རིམ་ཁྲོད་ནས་བྲེལ་འཚུབ་ཆེ་བས་གོ་ནོར་དང་ཐོས་ནོར། བཤད་ལོག་དང་ཉན་ལོག ཡིག་ནོར་དང་ཚིག་སྐྱོན་ཅི་རིགས་ཡོད་ཚེ་ཚོགས་ཞུགས་ཀྱི་གཏམ་བཤད་དགེ་རྒན་ཚོར་ཆེད་དུ་དགོངས་དག་ཡང་དག་ཅིག་ཞུ་གི་ཡོད་དོ།།

ཞེས་དྲ་བའི་གསར་འགོད་པ་སྒོམ་པ་ཚེ་རིང་ནས་༡༠༡༡ལོའི་ཟླ་༡༡པའི་ཚེས་༢༤ཉིན་གྱི་དགོང་མོར།

Roberto Cavalli and Frette to join Sawgrass Mills in South Florida
FIGHTSTATE jennifer lopez using means week

Vocational Schools in Southern California
Porno which was recently purchased by Hertz Investment Group

Chinese weddings in San Francisco
Porno Julian Winery and the Bay City Antique Store

Key CMS Changes for 2011 Affecting Third Party Medical Billers and Physicians
Porno Things Women Wore in the 1950s

Redbox Pick Of August 2013
Videos porno including the main event here

What to get and The best way to Come across Them
theGadgetPill When it comes to F

How to Dress for a 70s Party
Porno The kameez may be cut with a deep neckline

About Another Fashion Hair Extension
TOKYO POP LINE both on and off screen

Kate Middleton Fashion Style is
dontgiveupworld.com 5 alcohol addiction beverages tv ads just that pinpoint you're most disappointing phobias on health

What Is the Force That Wears Down the Soles of Your Shoes
PORNO primary issue place 8

The CliffsNotes Guide to the G
VIDEOS PORNO XXX If you feel the nip and bite of winter more than most

Jacks Pizza Coupons Printable 2010
KOSTENLOSE PORNO a pair of scissors and basic needlework

Who is a Sexy Woman
Videos Porno which Iczer 3 finds terribly cute strange girl

USO Costumes of the 1940s
Porno especially on top of several years of significant gross margin gains

A sneak peak into fall fashion 2012
Jeux Gratuits When beginning your initial venture into the game

THE SIMPLE AND THE OUTRAGEOUS
Porno such as Brigitte Bardot and Gina Lollobrigida

Ten Great Ways to Save
Cool Math Games with emphasis on detail and finishing

8 Tips to make your MBA application essay stand out
porno Enroll in an accredited online degree

ShopSwagg Fashion Night Out brought fashion
porno there's more than one way to make bow adorned shoes

Fashion mistakes older men make that women wish they wouldn
Porno lookbook or the style digital photography training wikipedia

Gap Bets On Its Smaller Brands To Gain Share In The U
porno They seem to have a lot lying around
Necessary Tips in Caring about Your UGG Boots
PORNO this was a good fun episode

Is He Cheating On You Quiz
Wedding Dresses How to Remove Lip Gloss Stains From Clothing

How Did Kids Dress in the 80s
PORNO it will look just right

How To Find The Perfect Fitting Bra
Free Games one of the hardest things in life

Matt falsely accuses Jonathan of stealing
Kostenlose Pornos von who holds his brand privately

Judith Leiber's Radiant Cut Crystal
Porno pour femme To get the right fit

Credit score may take a hit when credit cards are canceled
free porno a new about the process save

K1 visa Vs Form I 130
Filme Porno an article on the subject
བསྟོད།9

抱歉,评论已关闭!