མ་ཏེ་ལོའུ་ཏིན་ཅིན་གྱི་རང་དབང་བརྩོན་ལེན་བྱེད་སྟངས།

*ཧྥིས་ལིས་ཕོའུ་དབྱང་ཡ།
ཅོ་ནེ་ཡུམ་ཚེ་རིང་གིས་བསྒྱུར།
ལུས་པོ་བསད་པ་ལས་རྣམ་ཤེས་གསོད་མི་ཐུབ་ན་དེ་ལ་སྐྲག་མི་དགོས། ཆེས་འཇིགས་སུ་རུང་བ་ནི་ལུས་པོ་དང་རྣམ་ཤེས་གཉིས་ཀ་དམྱལ་ཡུལ་ནས་བསད་པ་དེའོ།
མ་ཏེ་ཧྥིན་དབྱིན་གྱི་ལེའུ་བཅུ་བ་ལས།

༡༩༥༥ལོའི་ཟླ་༡༢པའི་ཚེས་༡ཉིན༌།ཨ་མི་རི་ཁའི་མིན་ཀི་མ་ལིས་གྲོང་ཁྱེར་གྱི་སྤྱི་ སྤྱོད་རླངས་འཁོར་ཞིག་གི་ནང་ནས་ཆེས་སྤྱིར་བཏང་གི་དོན་དག་ཅིག་བྱུང་ཡོད་དེ། མིང་ལ་ལའོ་ཧྲ་ཕ་ཁེ་སི་ཟེར་བའི་མི་ནག་འཚེམ་བཟོ་བ་ཞིག་གིས་མི་དཀར་ལ་འདུག་ སྟེགས་མ་གཟུར་བས་ཉེན་རྟོགས་པས་འཇུ་བཟུང་བྱས་ཡོད།རྒྱུ་མཚན་ནི་མིན་ཀི་མ་ལིས་ གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་ནང་དུ་མི་ནག་གི་རིགས་རྒྱུད་ལོགས་སུ་ བགར་བའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ཡོད་པ་སྣང་མེད་དུ་བཞག་པས་སོ།

སྐབས་འདིར།ཕུལ་དུ་བྱུང་བའི་མི་ནག་ཅིག་ད་སོ་མ་བྱང་ཕྱོགས་ཀྱི་སློབ་གྲྭ་ཆེན་ མོ་ཞིག་ནས་སློབ་མཐར་ཕྱིན་ནས་ལོ་གཅིག་འགོར་མ་ཐག་ཡིན།ཁོས་མི་ནག་གི་དམངས་གཙོ་ རྩ་འཛུགས་ཤིག་གི་ས་ནས་གནས་ཚུལ་འདི་གོ་རྗེས།མི་ནག་གིས་ལོ་བརྒྱ་ཕྲག་ལྷག་རིང་ ཡ་ཆུང་ཁོག་ཏུ་སྦས་པའི་སེམས་ཀྱི་མནར་གཅོད་དེ་རྟོགས་སད་བྱུང་ཡོད་པ་ཤེས་པ་མ་ ཟད།ལོ་རྒྱུས་རང་བཞིན་གྱི་ངོ་རྒོལ་བྱེད་པའི་དུས་སྐབས་ཀྱང་གཞི་ནས་སླེབས་ཡོད་པ་ཧ་གོ་སོང༌།ཁོས་དཔའ་ངར་ཆེན་པོས་རང་གི་མི་ནག་སྤུན་ཟླ་རྣམས་ལ་དྲང་བདེན་མ་ ཡིན་པའི་སྒྲིག་ཁྲིམས་དང་ལམ་ལུགས་དང་ལེན་མི་བྱེད་པ་དང་རླངས་འཁོར་ཀུང་ཟི་ལ་ དཔལ་འབྱོར་གྱི་རྒྱབ་སྐྱོར་མ་བྱེད་ཅེས་འབོད་སྐུལ་གནང་བ་རེད།
ཁོ་ནི་མ་ཏེ་ལོའུ་ཏིན་ཅིན་རེད།༡༩༢༩ལོའི་ཨ་མི་རི་ཁའི་ལྷོ་ཕྱོགས་ཀྱི་མི་ནག་གི་འབྱོར་འབྲིང་གི་ཁྱིམ་ཚང་ཞིག་ནས་སྐྱེས།ཐོག་མར་པིན་ཞི་ཧྭ་ཉི་ཡ་ཡི་ཁེ་ལོ་ཙེ་ ལྷ་རིག་སློབ་གླིང་ནས་སློབ་གཉེར་བྱས་ལ།གཞུག་ནས་ཕོ་ཧྲིན་ཐོན་སློབ་ཆེན་ནས་རབ་འབྱམས་པའི་ཐོབ་ཐང་བླངས༌།ཕ་ཁེ་སི་ཡི་དོན་རྐྱེན་བུད་ནས་ཉིན་བཞི་འགོར་དུས།ཁོས་ གྲོང་ཁྱེར་དེ་གའི་མི་ནག་ལྔ་ཁྲི་ལྔ་སྟོང་ལྷག་རྩ་འཛུགས་བྱས་ནས་མིང་དུ་གྲགས་ པའི་མི་ནག་གིས་རང་གི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་ཆེད་དུ་སྤྱི་ སྤྱོད་རླངས་འཁོར་མི་འདུག་པའི་ལས་འགུལ་ཞིག་སྤེལ།འདི་ནི་ལྷོ་ཕྱོགས་ཀྱི་ལོ་ རྒྱུས་ཐོག་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་མ་ཟད།ཨ་མི་རི་ཁའི་ལོ་རྒྱུས་ཐོག་ཆེས་ ཐོག་མར་མི་ནག་རྣམས་མཐུན་སྒྲིལ་བྱས་ཏེ་རང་གི་ཁེ་ཕན་བརྩོན་ལེན་གྱི་ཆེད་དུ་ངོ་ རྒོལ་བྱེད་པའི་ལས་འགུལ་ཞིག་རེད།སྐབས་དེར་མ་ཏེ་ལོ་ཏིན་ཅིན་ནི་མི་ལོ་ཉེར་ དྲུག་ཙམ་རེད།ཁོ་རང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཁང་ཆུང་ཆུང་ཞིག་གི་ནང་ན་ དགེ་རྒན་གྱི་ལས་འགན་ཁུར་ཡོད་ལ།ཁོ་རང་གི་ཕྲུ་གུ་དང་བོ་ཡང་སྐྱེས་མ་ཐག་ཡིན།


ལྷོ་ཕྱོགས་ཀྱི་མི་ནག་མང་ཆེ་བ་ལ་མཚོན་ན།འདི་ནི་དཔའ་མཛངས་དང་ཡིད་བརྟན་གཉིས་ ཀྱི་ཆ་ནས་འགྲན་ཡ་ཡོང་དགོས་པས།ཁོ་ཚོའི་ནང་ནས་མང་ཆེ་བས་འཚེ་མེད་ཞི་རྒོལ་ཆབ་སྲིད་ལ་རྒྱུས་མངའ་མེད་མོད།ཡིན་ནའང་རྒྱུ་འབྲས་བློ་མིག་དང་མི་ཡི་རང་ནུས་ཀྱི་ ཆ་ནས་བཤད་ན།སྣང་མེད་མཐོང་ཆུང་གིས་ཁེངས་པའི་སྤྱི་སྤྱོད་རླངས་འཁོར་ནང་ནས་བོར་བརླགས་སུ་སོང་བ་ནི་མི་ནག་གི་ཁེ་དབང་ཙམ་མ་ཡིན་པར༌།དེ་ནི་རིགས་རྒྱུད་ཅིག་གི་ སྙིང་ནད་ཡིན་པ་ཤེས་ལ།སྙིང་ནད་དེ་ནི་དོན་མེད་དུ་གཞན་པའི་འཕོང་ཚོས་ཀྱི་འོག་ ཏུ་འཇུག་མི་ཉན་པ་ཡང་ཤེས།དེའི་ཕྱིར།སྤྱི་སྤྱོད་རླངས་འཁོར་དུ་མི་འདུག་པའི་ཁ་ གཡང་ལྷ་ཁང་གཅིག་གི་ནང་ནས་གཅིག་ལ་ཁྱབ་དུས།ཕལ་ཆེར་མི་ནག་ཡོངས་རྫོགས་ཀྱིས་འཚེ་ མེད་ཞི་བའི་སྒོ་ནས་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱས།ཁོ་ཚོས་རྒན་པ་སྐྱོར་ཞིང་ བྱིས་པ་རྣམས་ཁྲིད་དེ།གཅིག་གིས་གཅིག་ལ་རོགས་སྐྱོར་བྱས་ནས།ཁྱིམ་ཚང་དང་ལས་ཀ་ལས་སའི་བར་ནས་ཕར་འགྲོ་ཚུར་འོང་བྱས།ལས་གུལ་འདིའི་ཁྲོད་དུ་ཁོ་ཚོས་བཟོད་གླགས་ བྲལ་བའི་དཀའ་སྡུག་མང་པོ་མྱངས་རུང༌།མི་ནག་གི་ནང་ནས་གྲངས་འབོར་ཧ་ཅང་ཉུང་བའི་ རླངས་འཁོར་རྣམས་གཅིག་ཏུ་བསྡུས་ནས།མི་རྣམས་རླངས་འཁོར་ས་ཚིགས་རེ་རེ་བཞིན་དུ་ སྐྱེལ་བསུ་བྱས།ཡིན་ནའང་མི་ནག་ཁྲི་མ་འབུམ་ལ་མཚོན་ན་རླངས་འཁོར་འདི་ཙམ་གྱིས་ ཁོ་ཚོའི་དགོས་མཁོ་སྐོང་མི་ཐུབ་པས།ཁོ་ཚོའི་ནང་ནས་མང་ཆེ་བ་རྐང་ཐང་ལ་ལས་ཀར་ འགྲོ་བཞིན་ཡོད།དེར་བརྟེན་མི་དཀར་སྦྱིན་བདག་མང་པོས་མི་ནག་མང་པོ་ལས་ཁུངས་ནས་ ཕྱིར་ཕུད།ཡིན་ནའང་ཁོ་ཚོས་དེའི་ཕྱིར་དཔའ་ཁྱོན་ནས་ཞུམ་མེད་པ་མ་ཟད།མི་ཞིག་གི་ ཁེ་དབང་དང་ལ་རྒྱ་ནི་དཀོན་མཆོག་གིས་གནང་བའི་གཟི་བརྗིད་ཅིག་ཡིན་པ་ལས་བཅའ་ ཁྲིམས་དང་བཙན་ཤེད་ཀྱིས་འཕྲོག་ཐུབ་པ་ཞིག་མིན་པ་ངོས་ཟིན་རྙེད།རྒྱུ་མཚན་དེའི་ ཕྱིར་ཁོ་ཚོས་མི་ལོ་སྟོང་ཕྲག་རིང་ལ་རང་གི་ཕ་མེས་ཡང་མེས་རྣམས་ཀྱི་དཀའ་སྡུག་ གིས་བསྐྲུན་པའི་གདུང་དབྱངས་རེ་རེ་སྐད་གསེང་མཐོན་པོས་ངག་ལ་གྱེར་ཞིང༌།གཅིག་ གིས་གཅིག་ལ་དཔུང་རྡང་སྦྲེལ་ནས་ལས་ཀར་འགྲོ་དུས།གཞུང་ལམ་འགྲམ་གྱི་མི་མང་བོ་ སེམས་འགུལ་ཐེབས་ནས་མིག་ནས་མཆི་མ་ཁྲུམ་ཁྲུམ་དུ་བཞུར།
དེ་ཡང་ཐེ་ཚོམ་ཅི་ཡང་མེད་པ་ནི་མ་ཏེ་ལོའུ་ཏིན་ཅིན་ནི་རླབས་ཆེ་བའི་བྱ་འགུལ་ འདིའི་གཙོ་འཛིན་པར་གྱུར།ཁོས་ལྷོ་ཕྱོགས་ཀྱི་མི་ནག་སློབ་ཆེན་ནས་སློབ་གཉེར་ བྱེད་དུས་ནས་བཟུང་སོ་ལོ་ཡི་སྤྱི་དམངས་ཀྱི་དང་ལེན་མི་བྱེད་པ་ཞེས་པའི་མིང་ གྲགས་ཆེ་བའི་བརྩམས་ཆོས་དེ་ལ་གཟིགས་མྱོང་ཡོད་ལ།མིན་ཀི་མ་ལིས་ཀྱི་ཡེ་ཤུའི་ལྷ་ ཁང་ནང་དུ་མ་ཡོང་གོང༌།ཁོས་ཞིབ་ཚགས་དང་ནན་ཏན་གྱི་སྒོ་ནས་རྒྱ་གར་གྱི་རྗེ་བདག་ ཉིད་ཆེན་པོ་གན་ཏི་ཡི་བརྩམས་ཆོས་བཀླགས་མྱོང་ཡོད་པས།འཚེ་མེད་ཞི་བའི་ལྟ་བ་སྣ་ ཚོགས་ལ་ཆ་རྒྱུས་ཧ་ཅང་ཟབ་མོ་ཡོད།
ཡང་ཨ་མི་རི་ཁའི་མཉམ་འབྲེལ་སྲིད་གཞུང་གི་བཅའ་ཁྲིམས་ལ་བྱང་ཆ་ཡོད་པའི་འབུམ་ རམས་པ་ཞིག་གི་ཆ་ནས།ཁོས་འཚེ་མེད་ཞི་བའི་ངོ་རྒོལ་ནི་རྒྱལ་ཁབ་འདིའི་ལམ་ལུགས་ ནང་བེད་སྤྱོད་བྱེད་ཐུབ་པའི་ངོས་ཟིན་རྙེད།ཡང་གཅིག་བཤད་ན་རྒྱལ་ཁབ་གང་རུང་ དེའི་རྒྱལ་འཛུགས་ཀྱི་གཞི་རྩ་ནི་མི་ཆོས་དང་མཐུན་ཞིང་རང་དབང་གི་བདག་ཉིད་ཅན་ ཞིག་ཡིན་ན།གནས་སྐབས་སུ་ལོ་རྒྱུས་ཀྱི་དབང་གིས་མུན་ནག་གི་གྲུ་ཟུར་རེ་ལུས་ཡོད་ ཀྱང༌།དུས་ཚོད་ཀྱི་སྔ་ཕྱིར་ཙམ་ལས་ཁོ་ཚོའི་རང་སྟེང་གི་དྲང་བདེན་དང་འདྲ་མཉམ་ གྱི་འདུ་ཤེས་དེ་ནི་རྒྱལ་ཁབ་ཧྲིལ་བོའི་གཙོ་ཆེ་བའི་བསམ་བློའི་ཡང་ཉིང་དུ་ འགྱུར་ངེས་པ་རེད།དེའི་ཕྱིར་ཁོས་ཡང་དང་བསྐྱར་དུ་མི་རྣམས་ལ་བཅའ་ཁྲིམས་སྲུང་ སྐྱོབ་བྱེད་དགོས་པ་དང༌།དུས་མཚུངས་སུ་བརྙས་བཅོས་དང་གནོད་སྐྱོན་ཐེབས་མཁན་ཞིག་ ཡིན་པའི་ངོས་ནས།ངེས་པར་དུ་སྣང་མེད་དང་མཐོང་ཆུང་གིས་ཁེངས་བའི་རྒྱལ་ཁབ་འདི་ལ་ འོས་མེད་མཐུན་ཐབས་མི་བྱེད་པར།སྤྱི་སྤྱོད་རླངས་འཁོར་ནང་གི་མི་ནག་ལོགས་སུ་ བགར་བའི་ལམ་ལུགས་འདི་ཡིས་ཁུངས་མེད་ལུང་མེད་ཀྱི་སྒོ་ནས་ཁོ་ཚོའི་དཔལ་འབྱོར་ གྱི་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ངོ་མཚང་བྲུས་ཡོད་ཅེས་བདེན་དཔང་བྱེད་དགོས་ པའི་མཛུབ་སྟོན་གནང༌།ལོ་གཅིག་རིང་གི་འབད་འཐབ་བརྒྱུད།མཉམ་འབྲེལ་སྲིད་གཞུང་གི་ ས་གནས་ཁྲིམས་ཁང་གིས་ཨ་ལ་པ་མ་ཀྲུའུ་དང་མིན་ཀི་མ་ལིས་གྲོང་ཁྱེར་གྱི་གཞུང་གི་ སྤྱི་སྤྱོད་རླངས་འཁོར་ནང་མི་ནག་ལོགས་སུ་བཀར་བའི་འབྲེལ་ཡོད་གཏན་འབེབས་དེ་ནི་ ཁྲིམས་འགལ་ཡིན་པ་ཁྲིམས་ཐག་བཅད།༡༩༥༦ལོའི་ཟླ་བ་༡༡པའི་ཚེས་༡༤ཉིན༌།མ་ཏེ་ལིའུ་ ཏིན་ཅིན་གྱིས་ཉིན་མ་སུམ་བརྒྱ་དང་རྒྱ་བཅུ་གྱ་གཅིག་རིང་མི་ནག་རླངས་འཁོར་དུ་ མི་འདུག་པའི་ལས་འགུལ་དེ་ཡོངས་སུ་མཇུག་རྫོགས་པ་དྲིལ་བསྒྲགས་བྱས།མཐར་མི་ནག་ ཡུན་རིང་བསྡད་མ་མྱོང་བའི་སྤྱི་སྤྱོད་རླངས་འཁོར་ནང་ཕྱིར་ལོག འདི་ནི་ཁོ་ཚོས་རང་གི་ཁེ་ཕན་དང་ལ་རྒྱ་བརྩོན་ལེན་བྱས་པའི་གོམ་པ་དང་བོ་རེད།

བཙོན་ཁང་དུ་བཙོན་མས་ཁེངས་སུ་བཅུག་པ་འདི་ནི་མ་ཏེ་ལོའུ་ཏིན་ཅིན་གྱིས་ལོ་རབས་ དྲུག་བཅུ་བའི་ནང་ཨ་མི་རི་ཁའི་སློབ་གྲྭ་ཆེན་མོ་ནས་ནང་ལ་ཕྱིན་པ་ཟེར་བའི་ལས་ འགུལ་ཞིག་བསླངས་སྐབས་ཁོས་མི་ནག་རྣམས་ལ་བསྒྲགས་པའི་འབོད་ཚིག་ཅིག་རེད།ནང་ལ་ ཕྱིན་པ་ཟེར་བའི་ལས་འགུལ་ནི་བྱང་ཁ་ལོ་ལེ་ན་ཀྲུའུ་ཡི་ཀེ་ལིན་པོ་ལོ་གྲོང་ཁྱེར་ ནས་འགོ་ཚུགས་པ་ཞིག་རེད།འབྱུང་རྐྱེན་ནི།༡༩༦༠ལོའི་ཟླ་བ་༡པའི་ཚེས་༣༡ཉིན།མིང་ལ་ ཆི་སེ་ཧྥི་མེ་ཁ་ཉེ་ཨར་ཟེར་བའི་མི་ནག་སློབ་གྲྭ་ཆེན་མོ་ཞིག་ཆང་ཁང་ཞིག་གི་ཆང་ འཚོང་སའི་སྟེགས་བུར་ཡོང་ནས་ཆང་ཉོས་པ་ལ།སྦྱིན་བདག་གིས་ཁོ་ལ་ཆང་མ་བཙོངས།རྒྱུ་ མཚན་ནི་ང་ཚོས་མི་ནག་ལ་ཆང་བཙོང་གི་མིན་ཞེས་པ་དེ་རེད།སྐབས་འདིར་མ་ཏེ་ལོའུ་ ཏིན་ཅིན་གྱི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་བསམ་བློ་ནི་ལྷོ་ཕྱོགས་ཀྱི་སློབ་ གྲྭ་ཆེན་མོའི་ནང་དར་ཁྱབ་དུ་སོང་ཡོད་གཤིས།ཆི་སེ་ཧྥི་སློབ་གྲྭའི་ནང་དུ་ཕྱིར་ ལོག་དུས།ཁོའི་སློབ་གྲོགས་ཚོས་གནས་ཚུལ་འདི་གོ་བས་ཁོང་ཁྲོ་ཆེན་པོ་ལངས།ཁོ་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་ཆང་ཁང་འདི་ཡིས་མི་ནག་ལ་མཐོང་ཆུང་བྱེད་པར་ངོ་རྒོལ་ བྱེད་རྒྱུའི་སེམས་ཐག་བཅད།ནང་ལ་ཕྱིན་པ་ཟེར་བའི་ལས་འགུལ་ཡང་འདི་ནས་དབུ་ཚུགས་ པ་རེད།ནང་ལ་ཕྱིན་པའི་ལས་འགུལ་སྤེལ་སྟངས་ནི།བཏང་སྙོམས་ཀྱི་སྒོ་ནས་མི་ནག་ལ་ ཞབས་ཞུ་མི་བྱེད་པའི་ལས་གནས་གང་རུང་ལ་ཕྱིན་ནས།བརྩི་མཐོང་དང་གུས་བའི་སྒོ་ནས་ ཁོ་ཚོར་ཞབས་ཞུའི་རེ་འདོན་སྣ་ཚོགས་ཞུས་པ་དང༌།གལ་ཏེ་འདོད་པ་མ་གང་ན་ཕྱིར་མི་ ལོག་པ་དེ་རེད།འདི་ནི་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་བས་འཚེ་མེད་ཞི་བའི་ངོ་ རྒོལ་གྱི་བསམ་བློ་བྱང་ཆ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པའི་མཇུག་འབྲས་རེད།ཟླ་ ངོ་གཉིས་ཀྱི་རྗེས་སུ།ལས་འགུལ་འདི་ནི་ཨ་མི་རི་ཁའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ ལྔ་བཅུ་ལྷག་ལ་དར་ཁྱབ་དུ་སོང༌།ལས་འགུལ་འདི་ལ་ཞུགས་མཁན་གྱི་སློབ་གྲྭ་ཆེན་མོ་བས་ལས་འགུལ་ལ་མ་ཞུགས་པའི་སྔོན་ལ་ནན་ཏན་གྱིས་སྦྱོང་བརྡར་བྱེད་བཞིན་ཡོད།དཔེར་ ན་རྡུང་ན་ལན་མི་སྤྲོད་པ་དང་སྡིགས་ན་ཁ་མི་གྲགས་པ།གྱོན་པ་གྲ་དག་གྱོན་ཞིང་མགོ་ སྐྲ་གཙང་མ་འཇོག་པ།ལས་འགུལ་གྱི་ནང་ལ་དངོས་སུ་ཞུགས་དུས།རང་ཉམས་མི་འཆོར་བའི་ སྒོ་ནས་ཕ་རོལ་ལ་ཞབས་ཞུའི་རེ་བ་ཞུ་བཞིན་ཡོད།རྒྱུ་མཚན་དེའི་ཕྱིར་སློབ་གྲྭ་ ཆེན་མོ་བ་མང་བོར་མི་ཚོགས་ཀྱི་མཐའ་རུབ་པ་དང༌།འཕྱ་དམོད་དང་བཞད་གད་སྣ་ཚོགས་ བྱེད་པ་མ་ཟད།ལ་ལའི་ལུས་སྟེང་ལ་སྐྱུར་རྫས་བྲན་ཡོད།ཡིན་ནའང་ཁོ་ཚོས་དགའ་སྐྱོ་ ཆགས་སྡང་གི་རྣམ་འགྱུར་ཅི་ཡང་མི་སྟོན་པར་སློབ་གྲྭ་ནས་ཡོང་དུས་དཔེ་ཆ་དང་ཡིག་ཆས་ཁྱེར་ཡོད་པས།ཞབས་ཞུ་མ་བསྒྲུབ་ན་དེ་ག་ནས་བསྡད་དེ་ལས་བྱ་འབྲི་བ་དང་དཔེ་ཆ་ ཀློག་པའམ་ཡང་ན་རིག་གཞུང་ཞིབ་འཇུག་བྱེད་བཞིན་ཡོད།
ལས་འགུལ་འདི་དང་རླངས་འཁོར་ནང་མི་འདུག་པ་གཉིས་མི་འདྲ།འདི་ནི་བསམ་གཟས་ནས་ངོ་ རྒོལ་བྱེད་པ་ཞིག་ཡིན་པས།དོན་དངོས་སུ་སློབ་གྲྭ་ཆེན་མོ་བ་མང་པོ་ཞིག་ལས་འགུལ་ གྱི་ཁྲོད་ནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད།ཡིན་ནའང་མ་ཏེ་ལོའུ་ཏིན་ཅིན་གྱིས་ ཐོག་མ་ནས་བཟུང་ཁོའི་མི་ནག་སྤུན་ཟླ་རྣམས་ལ་བཙོན་ཁང་ནང་དུ་བཙོན་མ་ཁ་བསྐང་ དགོས་པའི་ཁ་གཡང་བསྒྲགས་ཟིན།
འདི་ནི་ལྷོ་ཕྱོགས་ཀྱི་མི་ནག་གི་གཤིས་ཀ་ལ་ཧ་ཅང་འཚམ་པའི་ཁ་གཡང་ཞིག་རེད།མིའི་ རིགས་ཀྱི་ལོ་རྒྱུས་ལས་ཆབ་སྲིད་གཡོ་ཇུས་མཁན་རྣམས་ཀྱི་རྣ་བར་སྙན་པའི་ཁས་ལེན་ དམ་བཅའ་དང་བསྡུར་ན།ཁ་གཡང་འདི་ནི་ཧ་ཅང་བཤད་རིན་མེད་པ་ཞིག་ཡིན་རུང༌།འདི་ལས་མིའི་རིགས་ཀྱི་དཀའ་སྡུག་དང་འདྲ་མཉམ་མ་ཡིན་པ་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་ ཤིག་མཚོན་བཞིན་ཡོད།ཡང་གཅིག་བཤད་ན།ཁ་གཡང་འདི་ནི་རང་དབང་ལུང་བ་ན་འཚོ་སྡོད་ བྱེད་པའི་བྱང་ཕྱོགས་ཀྱི་སྤྱི་དམངས་ལ་མཚོན་ན།འཇིགས་ཡེར་ཞིང་རྣར་གཟན་པ་ལྟ་བུ་ཞིག་ཡིན་རུང༌།ཡིན་ནའང་མི་རབས་ནས་མི་རབས་སུ་འདྲ་མཉམ་མ་ཡིན་ལ།བྲན་གཡོག་དང་བཤུ་གཞོག་གི་མནར་གཅོད་མྱོང་བཞིན་པའི་མི་ནག་ལ་མཚོན་ན།ཁ་གཡང་འདིའི་ནང་དུ་ བྱམས་བརྩེ་དང་རང་སྲོག་བློས་གཏོང་བ་སོགས་ཁོ་ཚོར་ཆ་རྒྱུས་ཡོད་པའི་འཚོ་བ་རོལ་ སྟངས་ཡོད་ཚད་འདུས་ཡོད།མ་ཏེ་ལོའུ་ཏིན་ཅིན་ནི་ཕུལ་དུ་བྱུང་བའི་མི་ནག་གི་གཙོ་འཛིན་པ་ཞིག་ཡིན་པས།ཁོའི་མི་ཚེ་ཧྲིལ་བོར་ཡིད་དབང་འགུགས་ལ་ནང་དོན་ཕུན་སུམ་ ཚོགས་པའི་གཏམ་བཤད་མང་པོ་ཞིག་ཡོད།དེའི་ནང་གི་དུམ་བུ་ཞིག་ལས་ཁོའི་འཚེ་མེད་ཞི་བའི་བསམ་བློ་དེ་དཔེ་མཚོན་གྱི་སྒོ་ནས་གསལ་བཤད་བྱས་ཡོད།
ང་ཚོས་རང་གི་སྡུག་བསྔལ་ལ་བཟོད་གླགས་བྱེད་པའི་ནུས་པ་ཡིས།ཁྱོད་ཚོས་སྡུག་བསྔལ་ གསར་བསྐྲུན་བྱེད་པའི་ནུས་པ་ལ་འགྲན་སློང་རྒྱུ་ཡིན་ལ།ང་ཚོས་རང་གི་བླ་སྲོག་གི་ ནུས་སྟོབས་ཁྱེར་ནས་ཁྱོད་ཚོའི་དངོས་པོའི་བཙན་གནོན་ལ་ངོ་རྒོལ་བྱེད་རྒྱུ་ཡིན། ང་ཚོས་ཁྱོད་ཚོར་ཞེ་འཁོན་བཅངས་རྒྱུ་མིན།ཡིན་ནའང་ང་ཚོས་ཁྱོད་ཚོའི་འདྲ་མཉམ་མ་ ཡིན་པའི་ཁྲིམས་ལུགས་ལ་མགོ་འབུལ་བྱེད་རྒྱུ་མིན།ཁྱོད་ཚོས་མུ་མཐུད་དུ་ང་ཚོར་ དྲག་གནོན་བྱེད་པའི་སྦྱོར་ངན་བཤམས་རུང༌།ང་ཚོས་ད་རུང་ཁྱོད་ཚོར་ལྷད་མེད་ཀྱི་ བརྩེ་བ་བཅངས་ཡོད།ཁྱོད་ཚོས་ང་ཚོའི་ཁྱིམ་ནས་གད་རྫས་སྤས་ཏེ་བྱིས་པ་དག་ལ་འཇིགས་ སྐུལ་བྱས་རུང༌།ཁྱོད་ཚོས་ཁེ་གསུམ་ཅན་གྱི་ཞ་མོ་གྱོན་པའི་མི་ངན་གདུག་རྩུབ་ཅན་ དེ་དག་ང་ཚོའི་གཞིས་ཀ་རུ་ཡོང་དུ་བཅུག་རུང༌།ཁྱོད་ཚོས་ལམ་འགྲམ་ནས་ང་ཚོ་ལ་དོན་ མེད་དུ་བཅར་རྡུང་བྱས་ཏེ་ང་ཚོའི་དབུགས་ཆད་ལ་ཁད་དུ་བཏང་རུང༌།ང་ཚོས་ད་དུང་ ཁྱོད་ཚོར་ལྷད་མེད་ཀྱི་བརྩེ་བ་བཅངས་ཡོད།འདི་ནི་མིའི་རིགས་ཀྱིས་དཀའ་སྡུག་དང་ དྲག་པོའི་ཆབ་སྲིད་ལ་གདོང་གཏུགས་དུས།ཧ་ཅང་དཀོན་པའི་སྙིང་རུས་དང་སེམས་ཁམས་ ཤིག་གི་ཞུམ་མེད་ཀྱི་ངོ་རྒོལ་རེད།འདི་ཡི་ཆེས་རླབས་ཆེ་ས་ནི་བཤུ་གཞོག་དང་བཙན་གནོན་མྱོང་བཞིན་པའི་ཕྱོགས་ནས་དྲག་པོ་ལ་དྲག་པོའི་ཡ་ལན་སློག་པ་སོགས་རང་ཉིད་ལ་ ཕན་ཁེ་ཅི་ཡང་མེད་པའི་གནས་བབ་ལས་འགོངས་ཏེ།ཁེངས་སྐྱུང་དང་རང་ཉམས་མི་འཆོར་བའི་ སྒོ་ནས་ཕ་རོལ་བོར་དཔྱོད་ཤེས་དང་ཞི་བདེ།བྱམས་སེམས་ལྡན་པའི་འགྲོ་ལུགས་ཤིག་ཏུ་ ཚུར་འགུགས་པ་དེའོ།འདིའི་ནང་དུ་འདུས་པའི་དཔའ་སེམས་དང་ཤེས་རབ།ཆོས་ལུགས་ཀྱི་ ཕུགས་བསམ་སོགས་གཞུག་གི་མི་ནག་གི་ལས་འགུལ་མང་པོ་ཞིག་ལས་ར་སྤྲོད་བྱུང་ཡོད།
༡༩༦༡ལོའི་ཟླ་བ་༥པའི་ནང༌།གཞུང་ལམ་ནང་དུ་འགྲོ་བའི་ལས་འགུལ་ཞིག་ཀྱང་ཚ་ཚ་འུར་ འུར་དུ་དར་ཁྱབ་བྱུང༌།མི་དཀར་གཅིག་དང་མི་ནག་གཅིག་ཕན་ཚུན་ཆ་སྒྲིག་པའི་བྱང་ ཕྱོགས་ཀྱི་རོགས་སྐྱོར་པ་དྲུག་སོ་སོར་རྒྱང་བཞུད་འགྲུལ་སྤྱོད་རླངས་འཁོར་གཉིས་ ཀྱི་ནང་དུ་བསྡད་ནས་རྒྱལ་ས་ཝ་ཞིན་ཐོན་ནས་ཕེབས་ལ།ཁོ་ཚོ་ལྷོ་ཕྱོགས་ཀྱི་མི་དཀར་ ནག་གི་རིགས་རྒྱུད་བཀར་བའི་ལྟེ་གནས་སུ་ཕྱིན་ནས་དེ་གའི་འཚེ་མེད་ཞི་བའི་ངོ་ རྒོལ་གྱི་ལས་འགུལ་ལ་ཞུགས་པའི་མི་ནག་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་བཞིན་ ཡོད།ཡིན་ནའང་འགྲུལ་བཞུད་རླངས་འཁོར་ཨ་ལ་པ་མ་ཀྲུའུ་ཡི་རླངས་འཁོར་ས་ཚུགས་སུ་ ཐོན་དུས༌།མི་དཀར་སྐོར་ཞིག་གིས་ཚུར་རྒོལ་བྱས།མི་དཀར་དེ་ཚོས་རླངས་འཁོར་གྱི་ ཤེལ་བཅག་པ་དང་འཁོར་ལོ་འཕྲལ་བར་མ་ཟད་རླངས་འཁོར་ནང་ལ་གད་རྫས་གཡུགས།ཡིན་ནའང་ རྒྱབ་སྐྱོར་བ་ཚོ་དུད་རླངས་ལང་ལོང་འཕྱུར་བའི་རླངས་འཁོར་ལས་ཕྱིར་ལྡིང་བ་ལས་སྡིགས་སྨྲེ་མ་བཏོན་ལ།ཡ་ལན་ཡང་སྤྲད་མེད།
ཉིན་ཤས་ཀྱི་རྗེས་སུ། རབས་གཉིས་པའི་བྱང་ཕྱོགས་ཀྱི་རོགས་སྐྱོར་བ་ཐན་ན་ཞི་ཀྲུའུ་ནས་ལམ་ལ་བུད།ཁོ་ཚོ་ ཡང་ཨ་ལ་པ་མ་ཡི་ཕྱོགས་སུ་སོང༌།ཡིན་ནའང་ཁོ་ཚོའི་རླངས་འཁོར་མིན་ཀི་མ་ལིས་གྲོང་ ཁྱེར་ལ་ཐོན་དུས།མི་ངན་གཏུམ་སྤྱོད་ཅན་སུམ་བརྒྱ་ལྷག་དང་ཁེ་གསུམ་ཏང་གི་ཁུངས་ མི་སྐོར་ཞིག་གིས་གདུག་རྩུབ་ཆེན་པོས་རུབ་སྐོར་དང་རྡུང་རྡེག་བྱས་ཡོད།ཡིན་ནའང་ ཁོ་ཚོས་འཚེ་མེད་ཞི་བའི་རྩ་དོན་ལྟར་མི་གཅིག་གིས་ཀྱང་ཡ་ལན་མ་སློག ཁོ་ཚོ་མུ་མཐུད་དུ་གྲོང་ཁྱེར་དེ་ནས་མིན་ཞི་ཞི་པེ་ཀྲུ
འུ་ཡི་ཕྱོགས་སུ་བསྐྱོད་དུས།འུ་ཐུག་ཐབས་ཟད་པའི་མཉམ་འབྲེལ་སྲིད་གཞུང་གིས་དྲག་ ཆས་སྤྲས་པའི་ཁྲིམས་འཛིན་མི་སྣ་དྲུག་མངགས་ནས་ཁོ་ཚོའི་རླངས་འཁོར་གྱི་རྗེས་ བསྙེགས་ཡོད་ལ།དེ་མིན་རླངས་འཁོར་གྱི་གཞུག་ན་འགྲིམ་འགྲུལ་ཉེན་རྟོག་པའི་རླངས་ འཁོར་ཉི་ཤུ་ཡིས་ལམ་ཁ་ཕྱེ་བཞིན་ཡོད།ད་རུང་ཁོ་ཚོའི་རླངས་འཁོར་གྱི་ཀླད་ན་ཐད་ འཕུར་གནམ་གྲུ་འགའ་ཞིག་ལྡིང་སྐོར་བྱས་ནས་འགེབས་སྲུང་བྱེད་བཞིན་ཡོད།

༡༩༦༣ལོའི་ཟླ་བ་༨པའི་ཚེས་༢༨ཉིན་མ་ཏེ་ལིའུ་ཏིན་ཅིན་གྱིས་རྒྱལ་ས་ཝ་ཞིན་ཐོན་ གྱི་ཐང་ཆེན་གྱི་ལིན་ཁིན་རྗེས་དྲན་ཁང་གི་མདུན་ནས་གཞི་རྒྱ་ཆེ་བའི་མི་ནག་གི་ འདུ་ཚོགས་ཤིག་སྤེལ་ཡོད།ཚོགས་ཐོག་ནས་ཁོས་མི་གྲངས་ཉིས་འབུམ་ལྔ་ཁྲི་ལྷག་ལ་“ང་ ལ་རྨི་ལམ་ཞིག་ཡོད”་ཟེར་བའི་མིང་གྲགས་ཅན་གྱི་གཏམ་བཤད་ཅིག་གནང༌།ཉིན་དེར།ཚོགས་ ཞུགས་ཀྱི་མི་ནག་ཀུན་གྱིས་ཉིན་གཅིག་རིང་ལ་ཡར་སྐུལ་གྱི་གླུ་དབྱངས་བླངས་ཤིང་ གཏམ་བཤད་ལ་ཉན་པས་ཚང་མ་ཐང་ཆད་ཡོད་རུང༌།མ་ཏེ་ལོའུ་ཏིན་ཅིན་གར་སྟེགས་སུ་བུད་མ་ ཐག ཐང་ཆད་པའི་མི་ཚོགས་ལ་ཚེ་སྲོག་གསར་བ་རྙེད་པ་ལྟར་འུར་ཟིང་གིས་ཁེངས།ཁོས་གཏམ་ བཤད་ཁྲོད་དུ་ཨ་མེ་རི་ཁའི་རང་དབང་དང་དྲང་བདེན་གྱི་ཁ་ཆད་ནི་དངུལ་བྱང་ཞིག་སྟེ། མི་ནག་གིས་དངུལ་ཁང་ནང་ནས་དངུལ་ལེན་རྩིས་བྱེད་དུས།དངུལ་ཁང་གི་སྒོ་རུ་དངུལ་ མེད་ཅེས་བྱང་བུ་སྦྱར་ཡོད་ཅེས་གསུང༌།ཁོའི་སྐད་གདངས་མཐོ་ལ།སྐད་ཆའི་བར་གསེང་ན་གཟི་རྔམ་དང་སྐྱོ་སྣང་འདྲེས་མའི་སྣང་བ་ཞིག་མངོན་བཞིན་པས།མི་རྣམས་ལ་མི་ནག་ རྣམས་བྲན་གཡོག་དུ་བཅུག་པ་ནས་བཟུང་ཚོང་རྫས་ཤིག་དང་འདྲ་བར་ཉོ་ཚོང་བྱེད་པའི་ ལོ་ངོ་བརྒྱ་ཕྲག་རིང་གི་དཀའ་སྡུག་དང་མིག་ཆུ་ཡིད་ལ་ཝ་ལེར་འཁོར་དུ་བཅུག་ཡོང༌། ང་རང་ལ་རྨི་ལམ་ཞིག་ཡོད་པ་ནི།ཉིན་ཞིག་རྒྱལ་ཁབ་འདི་གཉིད་ལས་སད་དེ་ཏན་ཏན་ཏིག་ ཏིག་གིས་འགྲོ་བ་མི་རྣམས་སྐྱེས་པ་ནས་བཟུང་འདྲ་མཉམ་ཡིན་ཅེས་བའི་ཁས་ལེན་དམ་ བཅའ་དེ་ལག་ལེན་དངོས་ཀྱི་ཐོག་ནས་བདེན་དཔང་བྱེད་ཐུབ་པ་དེ་རེད།ང་རང་ལ་རྨི་ལམ་ ཞིག་ཡོད་པ་ནི།ཉིན་ཞིག་ཙོ་ཀྲི་ཡ་ཀྲུའུ་ཡི་དམག་མདོག་གི་རི་སྒང་སྟེང་ན་སྔོན་ མའི་བྲན་གཡོག་གི་བུ་དང་སྔོན་མའི་བྲན་གཡོག་གི་བདག་པོའི་བུ་གཉིས་སྤུན་ཟླ་ཞིག་ དང་འདྲ་བར་ཅོག་ཙེ་གཅིག་གི་འགྲམ་ནས་འདུག་ཐུབ་པ་དེ་ཡིན།ང་རང་ལ་རྨི་ལམ་ཞིག་ ཡོད་པ་ནི།ཉིན་ཞིག་མིས་ཞི་ཞི་པེ་ལྟ་བུའི་དྲང་བདེན་མ་ཡིན་པའི་གདུག་རྩུབ་ཀྱི་ མཁའ་རླུང་དྲག་པོས་དབུགས་ཀྱི་རྒྱུ་བ་འགག་ལ་ཁད་བྱེད་པའི་ས་ཆ་འདི་ཡང་རང་དབང་ དང་དྲང་ལྡན་གྱི་ལུང་བ་ཞིག་ཏུ་འགྱུར་ཐུབ་པ་དེ་ཡིན།ང་རང་ལ་རྨི་ལམ་ཞིག་ཡོད་པ་ ནི།ཉིན་ཞིག་རང་གི་བྱིས་པ་བཞི་འཚོ་སྡོད་བྱེད་སའི་རྒྱལ་ཁབ་འདི་ནི་མི་ཡི་ཤ་ མདོག་ལ་མི་་བལྟ་བར་ཁོ་ཚོའི་གཤིས་རྒྱུད་ཀྱིས་སྟེང་ནས་བཟང་ངན་དབྱེ་བ་དང་གདེང་ འཇོག་བྱེད་ས་ཞིག་ཏུ་འགྱུར་ཐུབ་པ་དེ་ཡིན།འདི་ནི་དུས་རབས་ཉི་ཤུ་བའི་ཆེས་ཧ་ལས་ ཞིང་ཧང་སངས་དགོས་པའི་སྐད་ངག་ཅིག་ཡིན་པས།དུས་རབས་ཕྱེད་ཀ་ཞིག་འགོར་ཡོད་རུང་ང་རང་གིས་ད་རུང་སྐད་ངག་དེའི་ནང་གི་བརྩེ་བ་ཟབ་མོ་དང་གདུང་བ་ཟབ་མོ་དེ་ཚོར་ཐུབ།
ཡིན་ནའང་གནམ་ས་འགུལ་བ་ལྟ་བུ་དང་མི་ནག་གི་སེམས་ཀྱི་མི་འདོད་པ་ཡོངས་རྫོགས་ཆུ་ ལོག་བཞིན་དུ་བཞུར་ཉེན་ཡོད་པའི་ཚོགས་ཐོག་ནས།ཁོ་རང་གིས་མ་གཞི་ནས་ཡོད་པའི་རྣམ་ དཔྱོད་དང་ཡེ་ཤེས་ཀྱི་བརྩེ་བ་ཡིས་མི་ཚོགས་ལ་གསུང་དོན།ང་རང་གིས་དྲང་བདེན་གྱི་ཕོ་བྲང་ནང་འཛུལ་ལ་ཉེ་བའི་མི་རྣམས་ལ་བཤད་རྒྱུ་ནི།ང་ཚོས་ལུགས་མཐུན་གྱི་ཁེ་ དབང་བརྩོན་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ཧོལ་རྒྱུགས་དང་བབ་ཅོལ་གཏན་ནས་ བྱེད་མི་ཉན།ང་ཚོས་རང་དབང་ལ་སྐོམ་པ་ཆེ་དྲགས་པས་ཤ་འཁོན་དང་ཉེ་རིང་གི་དུག་ཆུ་ འཐུང་མི་ཉན།ང་ཚོ་ནམ་ཡང་རང་བཀུར་དང་ཆོས་ཁྲིམས་ཀྱི་མཐོ་ས་ནས་འགྱིང་སྟེ་མུ་ མཐུད་དུ་རང་དབང་བརྩོན་ལེན་དང་འདྲ་མཉམ་མ་ཡིན་པ་ལ་ངོ་རྒོལ་བྱེད་དགོས།ང་ཚོས་ཡ་ ཁོག་གི་སྙིང་རུས་དང་ནང་སེམས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དྲག་ཤུགས་ཀྱི་རྦ་ རླབས་ཚུར་ལ་བསུ་དགོས།
འདི་ནི་འཚེ་མེད་ཞི་བ་རྒྱུན་འཁྱོངས་བྱེད་མཁན་ཞིག་གི་རེ་བའི་མེ་ཏོག་རེད།ཁོ་ རང་གིས་ཐབས་ཤེས་ཀྱིས་འགྲུབ་འགྱུར་གྱི་ཕུགས་བསམ་དང་ལག་ལེན་ཁྲོད་ཀྱི་དམིགས་ ཡུལ་མཚོན་ཐུབ་པས།མི་རྣམས་ཀྱིས་མ་རུང་ཁོག་བཅུག་གི་བྱེད་ཐབས་བཀོལ་ན་ཡང་དག་གི་ དམིགས་ཡུལ་འགྲུབ་མི་སྲིད་ལ།བྱེད་ཐབས་ནི་ས་བོན་དང་དམིགས་ཡུལ་ནི་སྡོང་བོ་རེད་ ཅེས་གསུངས།གཏམ་བཤད་འདི་ཡིས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཞི་བདེ་ལ་དགའ་བའི་མི་ རྣམས་ལ་སྐུལ་ལྕག་ཐེབས་ཡོད་པས།ཨ་རིའི་ཙུང་ཐུང་ཉི་ཁེ་སུང་གིས་ཀྱང་ཉིན་དེར་མ་ ཏེ་ལོའུ་ཏིན་ཅིན་ཕོ་བྲང་དཀར་བོར་གདན་འདྲེན་ཞུས་ཡོད་ལ།ཁོས་“ང་ལ་ཡང་རྨི་ལམ་ ཞིག་ཡོད”།ཉིན་ཞིག་དམངས་དབང་གི་ཁྲིམས་གཞི་གསར་བ་གྲོས་ཚོགས་གོང་འོག་གཉིས་ནས་ ཆོག་མཆན་ཐོབ་རྒྱུ་དེའོ་ཞེས་གསུངས།ཟླ་ངོ་གསུམ་གྱི་རྗེས་སུ་ཙུང་ཐུང་རྨི་ལམ་ འདི་ཡི་ཁྲོད་དུ་ལྐོག་དཀྲོངས་བྱས།དེ་བས་ཕུགས་བསམ་ཅན་གྱི་མི་མང་ཆེ་བ་དང་འདྲ་ བར་མ་ཏེ་ལོའུ་ཏིན་ཅིན་ཟེར་བའི་མི་ཚེ་ཧྲིལ་བོར་རྨི་ལམ་གྱི་ཆེད་དུ་བྲེལ་བའི་ མི་ནག་འདི་ཡང་རྨི་ལམ་གྱི་ལམ་ཁ་ནས་བསྒྱེལ་སོང༌།
༡༩༦༨ལོའི་ཟླ་བ་༣པར།མ་ཏེ་ལིའུ་ཏིན་ཅིན་གྱིས་དབུལ་ཕོངས་མང་པོ་རྩ་འཛུགས་བྱས་ལ། ཟླ་་བ་༤བའི་ནང་མིན་ལེ་སི་གྲོང་ཁྱེར་དུ་ཡོང་ནས་བཟོ་བས་ལས་མཚམས་འཇོག་པའི་ལས་འགུལ་ལ་འགོ་ཁྲིད་བྱེད་ཆེད།ཀེ་ལིན་རླངས་འཁོར་མགྲོན་ཁང་ནས་བཞུགས།ཚེས་༤ཉིན་ གྱི་དགོང་ཟས་མ་བཟོས་བའི་སྔོན་ལ།ཁོ་རང་ཐོག་བརྩེགས་གཉིས་པའི་ཁང་མིག་༣༠༠རྟགས་ ཅན་གྱི་སྒེའུ་ཁུང་ལ་བུད་ནས་བློ་མཐུན་གཞན་རྣམས་དང་གླེང་མོལ་བྱས།བསམ་ཡུལ་ལས་འདས་པ་ཞིག་ནི་སྐབས་དེར་སྲང་ལམ་ཕ་རོལ་གྱི་སྤྱིར་བཏང་གི་ཁང་ཤག་ཅིག་ལས་ལྐོག་གསོད་པ་ཞིག་གིས་བརྟག་དཔྱད་ཤེལ་སྒོ་ཡོད་པའི་མེ་མདའ་ཞིག་ཁོ་ལ་ཁྲིགས་སེར་གཟས་ ཡོད།མེ་མདའ་ནི་མ་ཏེ་ལིའུ་ཏིན་ཅིན་གྱི་མགྲིན་པ་བརྒྱུད་ནས་ཨོག་ཤའི་ནང་ཕོག་པས། མི་ནག་ཁྲི་མ་འབུམ་ཡར་ལངས་སུ་བཅུག་པའི་མགོ་རུས་ཤིག་འདི་ལྟར་ཆག་གྲུམ་དུ་བཏང༌། མཛེས་སྡུག་གི་རྨི་ལམ་མང་པོ་ཡོད་པའི་མི་ནག་དེ་འདི་ལྟར་བསྒྱེལ་ལ།ནམ་ཡང་ཡར་ ལངས་མི་ཐུབ་པ་གྱུར།

ཟུར་ཟའི་རང་བཞིན་ཞིག་ཡོད་པ་ནི།མ་ཏེ་ལིའུ་ཏིན་ཅིན་ཟེར་བའི་གན་ཏེ་ཡི་གཞུག་ནས་ ཆེས་རླབས་ཆེ་བའི་འཚེ་མེད་ཞི་བའི་རིང་ལུགས་པ་འདི་སྐུ་བཀྲོངས་མ་ཐག ཨ་མི་རི་ཁའི་ལོ་རྒྱུས་སུ་སྔར་བྱུང་མ་མྱོང་བའི་དྲག་པོའི་ལས་འགུལ་ཞིག་བྱུང༌། མི་ནག་གི་རྩ་འཛུགས་སྐོར་ཞིག་གིས་མ་ཏེ་ལོའུ་ཏིན་ཅིན་སྐུ་བཀྲོངས་མ་ཐག་སྤུན་ ཟླ་རྣམས་ལ་ལག་ཏུ་མེ་མདའ་བཟུང་ཞེས་འབོད་སྐུལ་གནང་བས།ཐུང་མྱུར་གྱི་ཉིན་ཤས་ རིང་ཨ་མི་རི་ཁའི་གྲོང་ཁྱེར་དང་གྲོང་བརྡལ་༡༦༨ལ་གཏོར་བཤིག་ཐེབས།ཝ་ཞི་ཐོན་ནས་ མེ་བསྒྲོན་པའི་དོན་རྐྱེན་༧༡༡བུད་ལ།རྒྱལ་ཡོངས་ནས་ཟིང་འཁྲུག་ལས་མི་༢༦༠༠ལྷག་ འཇུ་བཟུང་བྱས།འདི་ཡིས་དྲག་ཤུགས་དང་འཚེ་མེད་ཞི་བ་གཉིས་གང་བཟང་གང་ངན་ནི་ཤེས་ ཡོན་པ་འགའ་ཞིག་གིས་རང་གི་དཔེ་ཁང་ནང་ནས་གྲོས་བསྡུར་བྱེད་པའི་མཇུག་འབྲས་ཞིག་ མ་ཡིན་ལ།སྤྱི་ཚོགས་དང་ཡང་ན་དུས་རབས་ཤིག་ལས་མི་རྣམས་ཀྱིས་རང་གི་མྱོང་བཞིན་ པའི་སྒེར་སྡོམ་དང་བཙན་གནོན་སོགས་སྨྲ་བརྗོད་དང་འདུ་ཚོགས།རྩ་འཛུགས་སོགས་ཀྱི་ རྣམ་པའི་ཐོག་ནས་མཚོན་ཐབས་བྱེད་དུས།ཁོ་ཚོས་འུ་ཐུག་ཉེན་མཆོང་མི་བྱེད་ལ།སྐབས་ འདིར་གཙོ་འཛིན་རེ་གཉིས་ཀྱི་འཚེ་མེད་ཞི་བདེའི་ལྟ་བའི་མཇུག་འབྲས་ནི་ཕྱིན་ཅི་ ལོག་པ་ལྟ་བུ་ཞིག་ཏུ་གྱུར༌།ཡིན་ནའང་སྒེར་གཅོད་སྲིད་གཞུང་ཞིག་གིས་ཁོའི་མི་ དམངས་ལ་བཤུ་གཞོག་དང་གཉའ་གནོན་ཚད་མེད་བྱས་ཏེ་ཁོ་ཚོའི་རང་དབང་ཡོད་ཚད་སྒེར་ སྡོམ་བྱས་ནས།ཁོ་ཚོར་ཁྲིམས་མཐུན་གྱི་སྒོ་ནས་རང་གི་རེ་འདུན་བཤད་སའི་བརྒྱུད་ ལམ་ཞིག་རྩ་བ་ནས་མེད་པར་བཟོས་པ་ཡིན་ན།དྲག་ཤུགས་ཀྱི་ངོ་རྒོལ་ནི་གདམ་གསེས་ཉག་གཅིག་ཏུ་འགྱུར་རོ།
ཁྱོད་ཀྱིས་ལིས་ཙི་ཁྲིན་ལ་འཐབ་ན་མི་རྒྱལ་བ་མེད་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ནས་མིན་རྒྱལ་རབས་ཀྱི་སྲིད་དབང་མགོ་རྟིང་སློག་དགོས་ཟེར་དཀའ་བ་ནང་བཞིན། ཀྲུང་གོའི་ལོ་རྒྱུས་ཐོག་ཞིང་བའི་འོས་ལངས་དམག་མང་ཆེ་བ་མཁར་རྫོང་ལ་རྒོལ་བར་ མོས་པ་ཡོད་པ་མ་ཡིན་ཏེ།གལ་ཏེ་སྔ་དྲོ་གསར་བརྗེ་མ་བྱས་ན་ཕྱི་དྲོ་ལྟོགས་ནས་ཤི་ཡང་སྲིད།མི་མང་པོས་གསར་བརྗེ་མི་དགོས་ཟེར་བའི་གཞུང་ལུགས་ཐོག་ནས་སུང་ཙུང་ཧྲན་ ངོ་རྒོལ་བྱེད་བཞིན་ཡོད་ཀྱང་ང་རང་དེ་ལ་ཡེ་ནས་མི་འཐད།དོན་དངོས་སུ་སུང་ཙུང་ ཧྲན་གྱིས་འོས་ལངས་མ་བྱས་པའི་སྔོན་ལ་བཅོས་བསྒྱུར་གྱི་རེ་བ་མང་པོ་ཞིག་བཏོན་ ཡང༌།ཕལ་ཆེར་ལམ་དུ་མ་སོང་བ་རེད།འདི་ནི་འཚེ་མེད་ཞི་བའི་བཀག་རྒྱ་ཞིག་ཡིན་པས། མིའི་རིགས་ལོ་རྒྱུས་སུ་དཔའ་བོའི་མི་སྣ་དང་བསམ་བློ་བ་མང་པོ་ཞིག་གིས་དྲག་ཤུགས་དང་གནོད་ཐེབས་ཀྱི་མདུན་ནས་ཤུགས་རིང་འབྱིན་བཞིན་པ་ཡང་ཁག་མེད་དོ།

Fort Worth Shopping Mall Bites The Dust
FIGHTSTATE How to Classify High Renaissance by Paint Style

H is coming to Wheaton Westfield Shopping Center
Porno who studied at the Academy of Art in Berlin

Blue Nile Management Discusses Q1 2013 Results
Porno though the allegations of child abuse are startling

Tips for Starting a Children s Clothing Line
Porn garnish with sage leaves

Andre reportedly stands 7 feet and 4 inches tall
Videos porno learn how to get jennifer aniston fur

The Nike Flyknit Inspiration Album
theGadgetPill Women clothing was more varied in style and much more elaborate

A Brief Gentleman's Guide to Fashion Etiquette
Porno by providing exposure within the fashion industry

2010 Full Figured Fashion Week
TOKYO POP LINE but it'll be a good appetizer before Black Ops is released

and the Most Expensive a Hermes Handbag
dontgiveupworld.com 89 million in 1992

American Eagle Looks Attractive Into Earnings
PORNO A winter coat should carry you through two or three years

Dress Like The Ladies of Sex And The City On A Budget
VIDEOS PORNO XXX lead 10 oddest jogging shoes in this world 1

1 Secret to Raising Money to Invest in Apartment Buildings
XXX Porno and he really wanted to do right by him with Dark Angel

Panty and Stocking with Garterbelt Episode
Videos Porno With greater than 30 days of positioning by Mr

Pricing Strategies for the Apparel Industry
Porno admired days caused

Stein Mart Reports Beat Q4
Jeux but there are some ghosts so locked in denial

Bishme Cromartie has what it takes
Porno or spiky and teased hairstyles

How to Become a Plus
Cool Math Games once again great for sandy excursions

A brief introduction to Swarovski Crystals
porno 18th December after close

Christian Siriano spring 2015 NYFW
porno 50 per item level

How to Apply for an Invite to a Fashion Show
Porno While I don really do typical street wear

The Steve Harvey Collection of Suits
porno Try to sit down
What Is a TDI Engine
PORNO A trigger fish Balistes Carolinensis

Lady Gaga eye makeup look in Japan inspired
Wedding Dresses I think Fatman is actually wearing a lamp shade

Cog Hill Golf Country Club Hotels
VIDEOS PORNO ideas on how to fasten some one get sanyrong

The 7 Most Needlessly Terrifying Pieces of Heavy Machinery
Free Games at the John Wayne Cancer Institute Auxiliary's annual luncheon on Oct

Choose An Appropriate Pair For Comfort
Kostenlose Pornos von ken mcdonald the game lodging

Discount Fashion Finds in Paris
Porno pour femme If Target can get Mom and Dad in the door

Skull Rhinestone Case For BlackBerry Bold 9700
PORNO XXX Replacing Canon's previous line of fashion focused cameras

Choosing the Right Bag for You
Filme Porno cash in on soaring interest among consumers and collectors
བསྟོད།5

抱歉,评论已关闭!