སེམས་གཏམ་དམར་ལྡང་མ།༼གོང་མཐུད༽

ཡུས་ཅེ། ཨ་རིན་གྱིས་བསྒྱུར།

༢༧གལ་ཏེ་ཆིན་གྱི་དུས་སྐྱེས་པ་ཡིན་ན་ཚའོ་ཞོའུ་ཅིན་ལ་འཕྲད་ཆོག་ཅིང་མིང་གི་ལེ་ཀྲི་ལ་འཕྲད་ཆོག སུང་གི་སུའུ་ཏུང་ཕོ་ལ་འཕྲད་ཆོག་ཅིང་ཐང་གི་ལེ་པུད་ལ་འཕྲད་ཆོག ལྦེ་ཅིན་དུས་ཡོན་ཅེ་ལ་འཕྲད་ཆོག་ཅིང་ཧན་གྱི་ཐེ་ཧྲི་ཀུང་ལ་འཕྲད་ཆོག ཀྲིག་གི་དུས་ཡིན་ཚེ་ཀྲུང་ཙི་ལ་འཕྲད་ཆོག་པ་རེད།

ད་ལྟའི་འཇིག་རྟེན་འདིར་དཀར་ནག་གོ་ལྡོག་ཏུ་སྡེབ་པའི་མི་ཧ་ཅང་མང་པས། གྲོགས་བསྒྲིགས་འདོད་པའི་མིའང་རེ་གཉིས་ལས་མེད།

༢༨སུའུ་གུང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་སྐབས། ཚོགས་ཁང་གི་རྐུབ་སྟེགས་རེ་རེར་གཏན་འཇགས་ཀྱི་བདག་པོ་རེ་ཡོད་པ་རེད། རྐུབ་སྟེགས་འདི་དག་གིས་རང་ཉིད་ཀྱི་བདག་པོ་ངོས་ཟིན་པ་ནི་ཁོ་ཚོས་རང་གི་རྐུབ་སྟེགས་ངོས་ཟིན་པ་དང་འདྲ།

ཚོགས་ཁང་འདིའི་ནང་དུ་མི་ལས་རྐུབ་སྟེགས་ཧ་ཅང་རྩ་ཆེན་ཡིན་ཏེ། རྐུབ་སྟེགས་ཀྱི་བདག་པོ་འཆི་ངེས་པའམ་ལས་ཁུར་དགོངས་ཞུའམ་སྲིད་སྟེགས་ལས་ལྷུང་བའམ་གནས་དབྱུང་གཏོང་ངེས། ཁ་སང་རྦེད་རོད་ཡཱ་ཏན་ཏན་ཏིག་ཏིག་གིས་རང་གི་རྐུབ་སྟེགས་སྟེང་བསྡད་ཡོད་པ་ལ་ཕ་རོལ་པོས་མཐོང་ན་དེ་མ་ཐག་འཇིགས་ཡེར་བའི་ཚོར་སྣང་སྟེར་ཡང༌། ཉིན་གཉིས་པར་རང་གི་རྐུབ་སྟེགས་ཀྱི་འགྲམ་དུ་བསད་འདུག་པའོ།། ཧི་ལའོ་ཀྱཱའོ་ཧྥུའུ་ཡིས་གུང་གསེང་གཏོང་སྒང་སེམས་སུ་རང་གི་རྐུབ་སྟེགས་དང་ཡུན་ཐུང་ཁ་བྲལ་བ་ལས་སྐྱོན་མེད་སྙམ་མོད། དེ་ནས་བཟུང་ཁོ་ཉིད་རང་གི་ཆེས་བློར་འབབ་པའི་རྐུབ་སྟེགས་དེ་དང་གཏན་དུ་ཁ་གྱེས་པ་སུའི་ཡིད་དུ་ཤར་ངེས། ཚོགས་ཁང་འདིའི་ནང་དུ་ཡོད་ཚད་དུས་བཞིན་བཞུར་ལ་ཡོད་ཚད་དུས་བཞིན་འགྱུར་ནའང་རྐུབ་སྟེགས་སྔར་བཞིན་གནས་ཡོད་པས། རྐུབ་སྟེགས་ཀྱིས་ཁོ་ཚོར་ཁོང་དགོད་བྱེད་ཀྱི་ཡོད་དེ་མཐར་ཐུག་སུ་ཞིག་སུའི་བདག་པོ་ཡིན་པའང་བཤད་དཀའ།

ཆབ་སྲིད་ཅུའུ་མེད་པའི་ཨུ་རུ་སེའི་རྒྱལ་ཁབ་དུ་རྐུབ་སྟེགས་སྔར་བཞིན་བརྟན་ནམ།

༢༩1946ལོའི་ཟླ་བརྒྱད་པར། ཨར་ཀེན་ཐིན་རྒྱལ་ཁབ་ཀྱི་རྩོམ་རིག་དེད་དཔོན་ཆེན་མོ་སྦོར་ཧི་སི་ལ་“གྲོང་ཁྱེར་སྲིད་གཞུང་གིས་མི་འགྱངས་བར་ཁོ་རང་མེར་ཀེར་ཁཱ་ནེ་དཔེ་མཛོད་ཁང་དུ་ལས་གནས་སྤར་ཏེ། ཁུར་རྡོ་བཱ་སྲང་ལམ་དུ་ཆགས་པའི་རྒྱལ་གཉེར་ཁྲོམ་རྭའི་ཁྱིམ་བྱ་དང་རི་བོང་གསོས་མའི་ཞིབ་བཤེར་པའི་འགན་འཁུར་དགོས་པའི་”ཁྲོམ་བསྒྲགས་བྱས། སི་ཕེན་གྱི་སྐད་ལས་ཁྱིམ་བྱ་དང་རི་བོང་ནི་གཉོད་ཆུང་དང་དོན་འདྲ་བའི་ཐ་སྙད་ཅིག་ཡིན། འདི་ནི་དུངས་ཞེན་ཅན་ཚོའི་ལྐོག་གྱུར་གྱི་འཇབ་རྒོལ་རང་རེད།

སྦོར་ཧི་སིའི་བསམ་སྦྱོར་གྱིས་འཐེན་འཁྱེར་ལ་མོས་པའི་སྲིད་གཞུང་ཧོན་འཐོར་རུ་བཅུག་པ་སྟེ། ལར་ཁོ་ཚོའི་སེམས་སུ་ངང་རྒྱུད་འཇམ་པའི་རྩོམ་པ་པོས་ཤ་སྦྲང་རང་གིས་མིད་ངེས་སྙམ་ཡང་མ་བསམ་ས་ནས་རྩོམ་པ་པོས་མཛུབ་མོ་ལྡེམ་ཙམ་བྱས་པར་དབུགས་ཆད་པའི་ཤ་སྦྲང་དེ་ཕྱིར་ཁོ་ཚོའི་མངར་ཇའི་ནང་དུ་གཡུགས། སྦོར་ཧི་སིའི་མངོན་བསྒྲགས་ཡི་གེ་ལས། ངས་སྔོན་འདིར་བཤད་པའི་གཏམ་རྒྱུད་དེ་ལེགས་བཤད་ཅིག་ཡིན་མིན་ངས་མི་ཤེས་ཀྱང་དྲན་ཤེས་དང་བརྗེད་ངེས་ཀྱི་ལྷ་ལ་ང་དོགས་པ་ཟ་ཡི་འདུག་ཏེ། ཁོ་ཚོས་ཅི་ཞིག་བསྒྲུབ་ཚུལ་ཁོ་ཚོའི་སེམས་སུ་ཧ་ཅང་གསལ་ཐག་ཆོད་པོ་ཡོད། འདིར་ཕྱོགས་བསྡོམས་ཤིག་བྱས་ན་འདི་ལྟ་སྟེ། སྒེར་སྡོམ་བྱས་པས་གཉའ་གནོན་དང༌། མགོ་སྒུར་པུས་འཛུགས། གདུག་རྩུབ་ཡོད་དུ་བཅུག་ཁར་ཆེས་ཞེ་མེར་བའི་སྒེར་སྡོམ་གྱིས་མི་རྣམས་ཤེས་རྨོངས་སུ་བཏང་བ་དེ་རེད། སྦྱར་ཡིག་བརྐོས་ཡོད་པའི་མཚན་རྟགས་དང་གཙོ་འཛིན་གྱི་དབུ་བརྙན། གཏན་ལ་བབས་པའི་ཁྲི་ལོར་ཤོག་དང་མགོ་མཇུག་སློག་པ་ཞེས་པའི་ཁ་གཡང༌། མིའི་མིང་གིས་བརྒྱན་པའི་གྱང་ལྡེབས་དང་གཅིག་གྱུར་གྱི་གུས་ལུགས་ནི་སྒྲིག་ལམ་གྱིས་བློ་རིག་གི་ཚབ་བྱེད་པ་ཁོ་ན་ཙམ་རེད། འདི་འདྲའི་ཞེ་མེར་བའི་ལུགས་ལ་ནད་བརྒྱ་སྨན་གཅིག་གིས་འཐབ་འཛིང་བྱེད་པ་ནི་རྩོམ་པ་པོ་ཀུན་གྱི་འགན་འཁྲིའི་རིགས་ཤིག་རེད་ཅེས་བྲིས་འདུག

སྦོར་ཧི་སི་སྟེ་ཡིད་དུ་འོང་ཞིང་ཆབ་སྲིད་ལ་དོ་སྣང་མེད་པའི་ཁོ་བོ་གློ་བུར་དུ་ཨར་ཀེན་ཐིན་རྒྱལ་ཁབ་ཀྱི་ཕྱིས་ལོ་བཅུའི་ནང་དབང་སྡེམ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཚོན་རྟགས་སུ་གྱུར། ཁོ་ལྟ་བུའི་ངོ་ཚ་སླ་བ་དང་ངང་རྒྱུད་འཇམ་པའི་མི་ཞིག་ལ་མཚོན་ན་དེ་ནི་བློ་ཡིད་དུ་མི་ཤོང་བ་ཞིག་རེད་མོད། སྦོར་ཧི་སིས་འཇིགས་སྐྲག་ཅི་ཡང་མེད་པར་བྱེད་སྒོ་འདིའི་འཁྲབ་སྟོན་མི་སྣ་གཙོ་བོའི་དོད་དུ་བསྡད་པ་རེད། བལྟས་ཡོང་ན་འཐེན་འཁྱེར་ལ་མོས་པའི་སྲིད་གཞུང་གིས་ཁོ་ཚོའི་ཁྱིམ་བྱ་དང་རི་བོང་ལ་ཞིབ་བཤེར་པ་འདེམས་པ་ འཆུག་འདུག

བརྙས་བཅོས་ངོ་མ་མྱོང་མཁན་ནི་བརྙས་བཅོས་མྱོང་མཁན་མིན་པར་བརྙས་བཅོས་བྱེད་མཁན་རང་ཉིད་རེད།

༣༠

ང་རང་ཆེས་དགའ་བའི་དཔེ་ཆ་གསུམ་ཡོད་དེ། དཔའ་རྟུལ་དམ་པའི་སྣང་བརྙན་མཚོན་བྱེད་《ལོ་རྒྱུས་དེབ་ཐེར་》དང་ཁམས་དྭངས་ཤིང་འདྲ་ཆགས་པའི་《འཇིག་རྟེན་རིག་གནས་བཤད་པ》། ལྦ་འདྲེའི་ཟིལ་ཤུགས་ངོམ་པའི་《ལའོ་ཀྲེད་ཁང་བའི་གཏམ་རྒྱུད་》གསུམ་ཡིན། འདི་གསུམ་ཡོད་པས་འཇིག་རྟེན་འདིའི་འདྲ་མི་ཆགས་པ་ཐམས་ཅད་བཀག་འགོག་བྱེད་ནུས།

༣༡

དམག་སྦྱོང་བྱེད་སྐབས་གཟའ་སྤེན་པའི་ཕྱི་དྲོར་ཁྱོད་ལ་གདམ་ཀ་གཉིས་ཡོད་དེ། གཅིག་ནི་ཟ་ཁང་དུ་སོང་ཏེ་མོག་མོག་བཏུམ་རོགས་དང་ཅིག་ཤོས་ནི་མལ་ཁང་དུ་པན་ཀྲང་གིས་ཚགས་ཤོག་ཀློག་པར་ཉན་དགོས་པ་རེད། མོག་མོག་བཏུམ་དུས་ཙོང་དང་སྒོག་པའི་དྲི་མར་སྣོམ་དྲགས་ཚེ་ཁ་ལག་གཏོང་སྐབས་སེམས་སུ་ཞེ་མེར་ཏེ་མོག་མོག་གཅིག་ཀྱང་མིད་ལ་མི་འགྲོ། དེ་བས་ཚགས་ཤོག་ཀློག་པར་ཉན་པ་ལས་ཐབས་མེད་ཀྱང་ཚགས་ཤོག་གི་ནང་དོན་དེ་ལས་ལྡོག་ཏེ་བྲོ་བ་མེད་ཅིང་ཚིག་སྐམ་པོ་དག་རེད། དེ་མིན་གྱི་ཐབས་མཆོག་གཅིག་ཡོད་པ་ནི་མིག་ཕྱེ་ཏེ་ལུས་སེམས་གསོ་བ་དེ་ཡིན(མིག་བཙུམ་ནས་ལུས་སེམས་གསོ་མི་ཕོད་དེ་ཁྲིད་དཔོན་ངེས་གཏན་མེད་པར་ཞིབ་བཤེར་རུ་ཡོང་བས་ཡིན)། ལུས་སེམས་གསོ་དུས་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་ཡག་མ་ཚོ་རང་གི་དགའ་རོགས་ཡིན་སྣང་གི་འཆར་སྒོ་དེས་རང་ལ་བདེ་སྐྱིད་བསམ་གྱིས་མི་ཁྱབ་པ་ཞིག་སྟེར་ཐུབ། ཕྱིས་སུ་འཐབ་གྲོགས་ཚོར་དྲིས་པར་ཁོ་ཚོ་མང་ཆེ་བས་ཐབས་འདི་ལྟ་བུ་སྤྱད་དེ་དུས་གདའ་རུ་བཅུག་པ་ཡིན་ཟེར། དེར་བལྟས་ན་ཟས་ཀྱི་ཡི་ག་དང་ཕོ་མོའི་འདོད་སྲེད་ཀྱི་ཐད་ནས་ཚང་མ་གཅིག་ཡིན་འདུག

ཆུང་དུས་ངའི་སེམས་སུ་གང་མང་མང་ཞིག་དྲན་མྱོང༌། གལ་ཏེ་སུ་ཞིག་གིས་མཉེན་སྡེར་རིགས་ཤིག་གསར་གཏོད་ཀྱིས་མིའི་ཀླད་པའི་ནང་བཞག་ཚེ་གློག་ཀླད་ཀྱི་ཡོལ་རས་ངོས་སུ་མི་དེའི་སེམས་ཀྱི་འགྱུར་བ་སྣ་ཚོགས་བཀྲམ་སྟོན་བྱེད་ནུས་པས་ཡ་མཚར་བ་ཞིག་མིན་ནམ་སྙམ། ད་ལྟ་ང་རང་ལྐོག་ཏུ་དགའ་བཞིན་ཡོད་དེ། སྐབས་དེར་རང་ཉིད་ཀྱིས་འདི་འདྲའི་གསར་གཏོད་ལག་ལེན་དུ་མ་བཏབ་པ་འགྲིག་སོང་ལ། དེ་མིན་ན་ཚགས་ཤོག་ཀློག་པའི་སྐབས་དཔའ་བོའི་གཏམ་རྒྱུད་བར་སྣང་དུ་མཆེད་ཀྱང་གསར་འགྱུར་ལ་ཉན་མཁན་དང་ཁྲིད་དཔོན་གྱི་ཀླད་པའི་ནང་གི་དེ་ཕྱིར་གློག་ཀླད་ཀྱི་ཡོལ་རས་ངོས་སུ་འཆར་བ་ཡིན་ཚེ་ཕན་ཚུན་དོགས་མི་བདེ་བར་འགྱུར་བ་ཁོ་ཐག་ཏེ། གློག་ཀླད་ཀྱི་ཡོལ་རས་ངོས་སུ་འཆར་བ་ནི་མཛེས་མ་དག་གི་གཅེར་གཟུགས་ཡིན་པས་སོ།།

༣༢

སྐྲ་ཚིགས། སྐྲ་ཚིགས་ནི་མིའི་ལུས་སྟེང་གི་རང་གཤིས་ཕྱིར་མངོན་ཚུལ་གཙོ་གྲས་ཤིག་ཡིན། དེ་བས་དམག་སྒར་རུ་ཐོན་མ་ཐག ཐོག་མར་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ནི་སྐྲ་བཞར་བ་དེ་རེད། སྐྱེས་པ་ཚོ་ཡིན་ན་དེ་འདྲའི་དོ་སྣང་ཆེར་མེད་དེ་གྲལ་བསྒྲིགས་ཤིང་ཧ་ཧ་ཧོ་ཧོའི་ངང་སྐྲ་བཞར་བཞིན་ཡོད་མོད། སྐྱེས་མ་ཚོ་ནི་རང་གི་གནག་སྣུམ་གྱི་སྐྲ་ལོའི་ཉག་མ་རེ་རེ་དུམ་སེ་ཐང་དུ་ལྷུང་དུས་སེམས་སྐྱོ་སྟེ་ངུ་ཤུམ་མི་བྱེད་པ་སུ་ཞིག་ཡོད་དམ།

ཉིན་གཅིག་གི་དམག་མི་བྱེད་ནའང་སྐྲ་བཞར་དགོས་ཏེ། ནང་ཁུལ་གྱི་སྒྲིག་ལམ་དུ་སྐྱེས་པ་དམག་མིའི་སྐྲའི་རིང་ཚད་ལི་རྨིད་2.5ལས་བཞག་མི་ཆོག་ཚུལ་བཀོད་འདུག ཚང་མས་རང་ཉིད་ཀྱི་སྐྲ་བཞར་བའི་མགོ་ལ་ལག་པས་རེག་དུས་ད་གཟོད་ཚང་མའི་མགོ་བོ་ཅི་འདྲའི་རིགས་མཚུངས་ཡིན་པ་ཤེས། རེད་མོད། མགོ་བོ་ཅི་འདྲའི་མཚུངས་ནའང་མི་རེ་རེའི་བསམ་བློ་ནི་མཚུངས་པའི་ངེས་པ་ག་ལ་ཡོད། སྐྲ་བཞར་བའི་ཐབས་འདི་འཐེན་མཁན་དངོས་ནས་གླེན་པ་ཞིག་ཏེ། སྐྲ་བཞར་ནུས་ནའང་རང་གཤིས་དང་བསམ་བློ་བཞར་ནུས་སམ། ཕྱིར་པེ་ཅིང་སློབ་ཆེན་དུ་ལོག་ཏེ་ཅང་མ་འགོར་བར་ངས་སྔོན་ཆད་ཀྱི་འཐབ་གྲོགས་རེ་རེར་ཞིབ་ཀྱིས་བལྟས་པ་ན་ཚང་མའི་ཚུགས་ཀ་གཅིག་རེད། གཅིག་གྱུར་གྱི་སྤྱི་སྐྲའི་སྣང་བརྙན་དེ་ངའི་དྲན་འཛིན་གྱི་ངོས་ནས་རིམ་བཞིན་མོག་མོག་ཏུ་གྱུར་ཞིང༌། དེའི་ཚབ་ཏུ་ཐོན་པ་ཐུན་མིན་གྱི་རང་གཤིས་དང་ཐུན་མིན་གྱི་བསམ་བློའི་ཤུན་ལྤགས་ཏེ་ཐུན་མིན་གྱི་སྐྲ་ཚིགས་རེད།

༣༣

ལྷད་མེད་ཀྱི་བྱིས་པ་ལྟ་བུའི་སྲིད་གཞུང་གིས་མང་ཚོགས་ཀྱང་ལྷད་མེད་ཀྱི་བྱིས་པ་ལྟ་བུར་བཅོས་སྐྱོང་བྱེད་ པར་མོས་པ་རེད།

༣༤

འོ་བྱེད་པ། བུ་མོ་ཞིག་གིས་ཁྱོད་ལ་འོ་བྱེད་དུ་འཇུག་པ་དེས་བུ་མོ་དེ་ཁྱོད་ལ་དགའ་བ་མཚོན་པའི་ངེས་པ་མེད་དེ་བུ་མོ་ཚོར་ཉེན་ཁ་བརྒྱུད་པའི་རང་གཤིས་ཤིག་ཡོད། ཁོ་མོས་ཁྱོད་ལ་འོ་བྱེད་དུ་འཇུག་པ་ཕལ་ཆེ་བ་ནི་རང་ཉིད་ཀྱིས་ཕ་རོལ་པའི་འོ་དང་ལེན་བྱེད་ཐུབ་མིན་དང་ཕ་རོལ་པོར་རང་ལ་འོ་བྱེད་པའི་སྤོབས་པ་ཡོད་མེད་ཚོད་ལྟ་བྱེད་ཆེད་རེད། རང་སྡུག་རང་ཉོ་བྱེད་པར་མོས་པའི་སྐྱེས་པ་ཚོས་དེའི་དོན་མ་གོ་བར་ལོག་ལམ་དུ་ཞུགས་པ་ཧ་ཅང་མང་སྟེ། དཔེར་ན་གཞོན་ནུ་དུས་ཀྱི་ཁོ་བོ་ལྟ་བུའོ།།

དེ་དང་འདྲ་བ་ནི། འདེམས་བསྐོའི་ཁྲོད་ཀྱི་ཆབ་སྲིད་པས་སྲང་ལམ་ནས་བྱིས་པ་ཞིག་པང་སྟེ་དེར་འོ་བྱེད་པ་དེས་ཁོ་རང་བྱིས་པར་དགའ་བ་མཚོན་པའི་ངེས་པ་མེད་ལ། ཆབ་སྲིད་པས་གཅིག་ནས་བྱིས་པར་འོ་བྱེད་ཅིང་ཟུར་ནས་བྱིས་པའི་ཕ་མའི་ལག་གི་འདེམས་ཤོག་ལ་བལྟ་བཞིན་ཡོད། དེ་ལྟར་ཕྲ་ཚགས་ཀྱི་བྱིས་པས་ཆབ་སྲིད་པའི་ལག་སྟེང་དུ་གཅིན་ཞིག་བཏང་བར་ཆབ་སྲིད་པའི་སེམས་སུ་ཁོང་ཁྲོ་མེ་ལྟར་འབར་ནའང་ཕྱིའི་ཉམས་སུ་མི་སྟོན་པ་རེད། བརྙན་འཕྲིན་མདུན་གྱི་མང་ཚོགས་ཐམས་ཅད་ཆབ་སྲིད་པའི་གཤིས་སྤྱོད་འདི་ལྟ་བུས་སེམས་འགུལ་ཐེབས་སུ་བཅུག་ཅིང༌། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འདེམས་ཤོག་གི་སྟེང་དུ་ཆབ་སྲིད་པ་དེ་མིང་བྲིས་འགྲོ། བར་སྐབས་འདིར་ཁོ་ཚོས་ཆབ་སྲིད་པ་དེའི་སྔོན་གྱི་ལྐོག་རྔན་དང་མགོ་བསྐོར། འཕྲུལ་བཤད་པ་སོགས་ཀྱི་སྤྱོད་ངན་མཐའ་དག་རྩ་ནས་བརྗེད་ཡོད་པ་རེད། དེ་ནི་ཆེས་ངོ་མཚར་བའི་འོ་ཞིག་རེད་ཨང༌།

འོ་བྱེད་པ། ལྟར་སྣང་གི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པའི་འཕྲིན་སྐྱེལ་ལག་ཆ་ཞིག

༣༥

སྨྲ་བ་བཅད་པས་ངས་རྩོམ་ཡིག་འབྲི་མགོ་བརྩམས་ཤིང༌། རྩོམ་ཡིག་བྲིས་ཏེ་གང་མཚམས་སོང་རྗེས་ང་རང་དེ་ལས་ཀྱང་ཟབ་པའི་འདང་རྒྱག་ཏུ་ཚུད་སོང༌།

༣༦

བུད་མེད་ཀྱི་མིག་ཆུ། ནམ་རྒྱུན་ཁོ་མོ་ཚོར་བདེན་པ་མེད་པར་འདོད་དུས་ཁོ་མོ་ཚོའི་མིག་ཆུ་བཞུར་མགོ་བརྩམས་ཤིང༌། སྐྱེས་པ་ཚོས་བདེན་པ་མེད་པའི་མི་དེ་རང་ཉིད་ཡིན་པར་འདོད་རེག་ཏུ་ཁོ་མོ་ཚོའི་མིག་ཆུ་བཞུར་སྲིད། སྐྱེས་པའི་མིག་ཆུས་རང་ཉིད་ནུས་མེད་ཡིན་པར་མཚོན་ཡང་བུད་མེད་ཀྱི་མིག་ཆུས་ཁོ་མོ་ཚོར་སྔར་མེད་ཡིད་འོང་གི་མཛེས་པ་ཞིག་སྣོན་ཐུབ།

༣༧

བདེན་པ་ལ་ཡིད་ཆེས་རོགས། ཡིན་ནའང་བདེན་པ་འདི་ལྟ་བུ་ཞིག་ཡིན་ཚུལ་སྒྲོག་པར་བྱང་བའི་མི་དེར་ཡིད་ཆེས་མི་རུང༌། ཡོད་ཚད་ལ་དོགས་པ་ཟས་ཆོག ཡིན་ནའང་རང་ཉིད་ལ་དབང་བའི་དོགས་སློང་སྙིང་སྟོབས་སུ་དོགས་པ་མི་ཟ་རོགས།

༣༨

ཧུའུ་ཧྲི་ཨ་རི་ནས་ཕྱིར་ལོག་རྗེས། སྤྱི་ཚོགས་ལ་བསྒྱུར་བཅོས་བྱེད་དགོས་ན་ཐོག་མར་རིག་གནས་བསྒྱུར་བཅོས་ནས་མགོ་སློང་དགོས་པར་ཡིད་ཆེས་རྙེད། དེ་བས་ཁོས་“ལོ་ཉི་ཤུར་ཆབ་སྲིད་མི་གླེང་བའི་”རང་གཅུན་གྱི་སྒྲིག་ལམ་ཞིག་བཅོས་ཡོད་པ་རེད། ཆབ་སྲིད་གླེང་མཁན་གྱི་གྲོགས་པོ་ཚོས་“ཧུའུ་ཧྲི་ནི་མོ་གསར་རེད། ང་ཚོ་ནི་སྨད་འཚོང་མ་རེད་”ཅེས་ཟུར་ཟའི་སྒོ་ནས་བཤད་ཀྱི་ཡོད། ཡིན་ཡང༌། ཅང་མ་འགོར་བར་ཧུའུ་ཧྲིས་ཆབ་སྲིད་བརྒྱ་བཤད་སྟོང་བཤད་བྱས་ཤིང་དེའི་དངོས་ཡོད་ཀྱི་ལས་ཀར་ཡང་ཞུགས། དེ་ནས་བཟུང་ཧུའུ་ཧྲིའི་མོ་གསར་གྱི་ “མེ་ཏོག་”བཤིག་སོང་བ་རེད།

མོ་གསར་བྱེད་པར་མི་མོས་ཤིང་སྨད་འཚོང་མ་བྱེད་པར་ངོ་གནོང༌། འདི་ནི་ལོ་རབས་ཉི་ཤུ་བའི་ཤེས་ཡོན་ཅན་གྱི་ཅི་བྱ་གཏོལ་མེད་ཀྱི་གནས་བབ་རེད།

༣༩

སྐམ་དམག་སློབ་གླིང་གིས་དེའི་སྔོན་དམར་དམག་རྒྱང་བསྐྱོད་བྱས་མྱོང་བའི་དམག་མི་རྒན་པ་ཞིག་གདན་འདྲེན་གྱིས་སྙན་ཞུ་སྤེལ། སྙན་ཞུ་སྤེལ་བ་ནས་ཆུ་ཚོད་གསུམ་ཙམ་འགོར་ནའང་ད་དུང་ཚོགས་གྲོལ་བའི་རྣམ་འགྱུར་ཞིག་ཀྱང་མི་འདུག སློབ་གྲོགས་ཤིག་དངོས་ནས་འདུག་བཟོད་མེད་པར་གྱུར་ཞིང་ལག་པ་ཡར་བརྩེངས་ཏེ་འགྲམ་གྱི་ཁྲིད་སྟོན་པར། “ཁྲིད་སྟོན་པ་ལགས། ང་རང་སྤྱོད་ཁང་དུ་འགྲོ་བའི་དགོངས་པ་ཞུ་རོགས་”ཞེས་བཤད་པར། ཁྲིད་སྟོན་པ་དེ་མ་ཐག་ཁྲོས་ཏེ་“ཁྱོད་ཀྱི་ལྒང་བུ་ཇི་འདྲའི་ཆུང་ཨང་”ཟེར།

མར་ཁེ་སིས། གནས་པས་འདུ་ཤེས་ཐག་གཅོད་ཟེར། དེས་ན་ལྒང་བུའི་ཆེ་ཆུང་དང་གོ་རྟོགས་ཀྱི་མཐོ་དམན་ བར་འབྲེལ་བ་མེད་པ་མངོན་གསལ་དོད་པོ་རེད། འོན་ཀྱང༌། དུས་སྐབས་དེར་ང་ཚོ་སུས་ཀྱང་སྐད་ཆ་བཤད་ཕོད་པ་རང་མི་འདུག

༤༠

གཞན་གྱི་རྒྱུས་ལོན་ལ་རེ་བ་ནི་ཏག་ཏག་མི་ནུས་མེད་ཀྱི་སྐོར་ཡིན་མོད། ལྡོག་ཏེ་མི་འཇོན་ནུས་ཅན་ཡང་སུས་ཀྱང་རྒྱུས་ལོན་བྱ་མི་བཏུབ་པས། ཧི་ཐི་ལིར་མཚན་མཐུན་དགའ་རོགས་བསྒྲིགས་མཁན་དང་མ་ནིང༌། སྨྱོ་ནད་ཅན་དུ་གྱུར་བ་རེད། (མུ་འགོད)

Easy fashion tips to vintage up your Fall
PORNO one passport sized photo signed on the back by the applicant

Best Way to Tone Your Body
Prom Dresses In the 1960s

The Benefits of Plus Size Clothing
PORNO Playing such an important part of your look

The 6 Most Bizarrely Offensive Comic Book Supervillains
Download Free Games the gowns were spectacular

2010 Jolidon Prelude Designer Swimsuits and Monokinis
pornos Are they simply plagarising

Do you have morning sickness during pregnancy
Pornofilme Dressing in layers keeps you warm when traveling from class to class

The way ocbds should fit
Tube XXX Armani Exchange AX is Armani younger

How to Become a Buyer in the Fashion Industry
Free Porno Wife denim consumers are concerned with the fit and details
བསྟོད།8

抱歉,评论已关闭!