སློབ་གསོ་ནི་མི་རེ་རེས་བདེ་སྐྱིད་འཚོལ་སྙེག་བྱེད་ཐབས་ཀྱི་བྱ་བཞག་ཅིག་ཡིན།

 00268262598a1352fe3444

རྩོམ་པ་པོ། ལུའུ་ཀྲུ་བུན།[1]
སྤྱན་དུངས་ཀྱིས་བསྒྱུར།

འཇར་མན་གྱི་མིང་དུ་གྲགས་པའི་སྙན་ངག་པ་ཧུའུར་མན་ཧེ་སར་[2]གྱིས་སྔོན་ཆད་འདི་འདྲའི་སྙན་ཚིག་ཅིག་བྲིས་མྱོང་སྟེ།"མི་ཚེའི་འགན་ཁུར་ངོ་མ་ནི་བདེ་སྐྱིད་ཡིན་པ་ལས་གཞན་ཅི་ཡང་མ་ཡིན། ང་ཚོ་ཚང་མ་བདེ་སྐྱིད་ཀྱི་ཆེད་དུ་ཡོང་བ་ཡིན།"སློབ་གསོ་ནི་མི་རེ་རེས་བདེ་སྐྱིད་འཚོལ་སྙེག་བྱེད་ཐབས་ཀྱི་བྱ་བཞག་ཅིག་ཡིན་པས། ང་ཚོར་དོན་དངོས་སུ་དགོས་གལ་ཆེ་བ་ནི"བདེ་སྐྱིད"ལ་ཁ་ཕྱོགས་པའི་སློབ་གསོ་ཡིན་པ་ལས།" ལེགས་འགྲུབ"ལ་ཁ་ཕྱོགས་པའི་སློབ་གསོ་མ་ཡིན། སློབ་གྲྭ་ནས་ནམ་ཡིན་ཡང་། ང་ཚོས་མི་སྒེར་གྱི"བདེ་སྐྱིད"སློབ་གསོའི་དམིགས་ཡུལ་ལ་འཛིན་མྱོང་མེད་པར། "ལེགས་ འགྲུབ"ཁོ་ན་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ལ་གཏན་འཁེལ་བྱས་ཤིང་། སློབ་གསོའི་བྱ་འགུལ་ཡོད་ཚད"ལེགས་འགྲུབ"ལ་ཕྱོགས།

"བདེ་སྐྱིད"སློབ་གསོའི་དམིགས་ཡུལ་དུ་འཛིན་པ་དང"ལེགས་འགྲུབ"སློབ་གསོའི་དམིགས་ཡུལ་དུ་འཛིན་པ་གཉིས་ལ། ངོ་བོའི་ཁྱད་པར་ཆེན་པོ་ཡོད།

"ལེགས་འགྲུབ"ལ་ཁ་ཕྱོགས་པའི་སློབ་གསོ་ལ་ཁེ་ཕན་གྱི་འདོད་པ་ལྡོག་མེད་ཅིག་ཡོད། འདི་འདྲའི་ཁེ་ཕན་རང་བཞིན་གྱི་སློབ་གསོའི་མངོན་སྟངས་ལ་རིགས་གསུམ་ཡོད་དེ། "རྒྱུགས་འདེད"སློབ་གསོས་རྒྱུགས་ལ་འབད་པ་དང་།"དུས་བསྟུན"སློབ་གསོས་ཁེ་ལ་འབད་པ།" ཕྱི་ཚུལ"སློབ་གསོས་རྫུན་ལ་འབད་པ་བཅས་སོ། དོན་ངོ་མར། གོང་གི་འདི་དག་ལས་གཞན་བྱ་དགའི་རང་བཞིན་གྱི་སློབ་གསོ་དང་ཚད་བརྒལ་རང་བཞིན་གྱི་སློབ་གསོ་སོགས་ཀྱང་ཁེ་ཕན་སློབ་གསོའི་སྣང་ཚུལ་འབའ་ཞིག་ཡིན།

ཀྲུང་གོ་བས་ནམ་ཡང་། བདེ་སྐྱིད་ནི་ལེགས་འགྲུབ་ཀྱི་རྗེས་ན་ཡོད་པར་འདོད་ལ། ནུས་པ་ཡོད་དགུས་ཐོག་མར་ལེགས་འགྲུབ་འབྱུང་བར་འབད།ནུབ་ཕྱོགས་པ་རྣམས་ཀྱིས། བདེ་སྐྱིད་ནི་ལེགས་འགྲུབ་ཀྱི་སྔོན་ན་ཡོད་པར་འདོད་ལ། མི་ཚང་མར་བདེ་སྐྱིད་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་མོད། འོན་ཀྱང་། མི་ཚང་མ་ལེགས་འགྲུབ་འབྱུང་སྲིད་པ་ཞིག་ མ་ཡིན་པར་འདོད།

ལྟ་ཚུལ་མི་འདྲ་བ་འདི་གཉིས་ལ་ཁྱད་པར་ཧ་ཅང་ཆེ་སྟེ།

ནུབ་ཕྱོགས་པ་རྣམས་ཀྱིས། རྒྱལ་ཁབ་ཀྱི་ཙུང་ཐུང་བདམ་པའི་འགྲན་བསྡུར་ཁྲོད། རྒྱུན་དུ་ཐོག་མར"བདེ་སྐྱིད་དང་ལྡན་པ"ནི་མཆོག་གྱུར་དུ་བརྩི་སྟེ། གཞན་ལ་རང་གི་ཆུང་མ་དང་བུ་ཕྲུག་ལ་བདག་སྐྱོང་བྱས་ཚུལ་བཤད་པ་དང་། ཐ་ན་རང་གི་ཁྱིམ་དུ་གནས་པའི་ཁྱི་གུ་སོགས་ལའང་ཅི་ལྟར་བདག་སྐྱོང་བྱས་ཚུལ་བཤད་སྲིད། མི་འདི་དག་ལ་བདེ་ སྐྱིད་ལྡན་པ་དང་ཁོ་ཚོའི་སེམས་ཁམས་མཐའ་ཡས་ཤིང་ནུས་པ་ཁྱད་དུ་འཕགས་པས། རླབས་ཆེན་གྱི་འགན་ཁུར་ཕྲག་ཏུ་བཞེས་ཤིང་འགྲན་རྩོད་སྣ་ཚོགས་གདོང་གིས་བསུས་ཏེ། ལེགས་འགྲུབ་ལ་ཁ་ཕྱོགས་ནས་ཡོད། ང་ཚོའི་གནས་ཚུལ་དེ་དག་དང་ཁྱོན་ནས་མི་འདྲ་སྟེ། ང་ཚོའི་མགོ་ཁྲིད་དང་མི་སྣ་དཔེ་བཟང་ཅན་རྣམས་ཀྱིས། དུས་རྒྱུན་དུ། གདུག་རྩུབ་ཆེན་པོས་རང་གི་བཟའ་ཚང་གི་བདེ་སྐྱིད་བརླགས་ཏེ། རང་ཉིད་ཅི་ལྟར་ལེགས་འགྲུབ་ལ་ཁ་ཕྱོགས་ཚུལ་གྱི་བདེན་དཔང་བྱེད་ཀྱིན་ཡོད། རང་དང་རང་གི་བཟའ་ཚང་གང་བོའི་བདེ་སྐྱིད་ཡོད་དོ་ཅོག"ལེགས་འགྲུབ"ཀྱི་ཆེད་དུ་རྩ་མེད་དུ་གཏོང་སྲིད་དུས། འཇིག་རྟེན་ན་འདི་ལས་གཞན་པའི་དམར་གསོད་ཀྱི་སྦྱོར་བ་སྤེལ་མི་རུང་བའི་དོན་དག་ཅིག་གང་ན་ཡོད།

འདི་འདྲའི་སྤྱི་ཚོགས་ཀྱི་གནད་དོན་ལ་སློབ་གསོའི་རྒྱུ་རྐྱེན་ངེས་ཅན་ཡོད་པ་མངོན་གསལ་ཡིན།

ང་ཚོས་ཤེས་གསལ་ལྟར། སྐུ་ཞབས་ཀྲུའུ་ཡུང་ཤེན་[3]གྱིས་བཏོན་པའི་སློབ་གསོ་གསར་བའི་གཞུང་དོན་གྱི་སྙིང་པོ་ནི། དགེ་སློབ་རྣམས་ཀྱིས་བདེ་སྐྱིད་ཀུན་འཛོམས་ཀྱི་ སློབ་གསོ་རང་བཞིན་གྱི་འཚོ་བ་ཞིག་རོལ་བར་རོགས་རམ་བྱེད་རྒྱུ་དེ་རེད། བདེ་སྐྱིད་ནི་དམིགས་ཡུལ་དང་། ཀུན་འཛོམས་ནི་སྤུས་ཀའི་ཚད་གཞི་ཡིན། སློབ་གསོའི་དམིགས་ཡུལ་ནི་ལེགས་འགྲུབ་མ་ཡིན་པར་བདེ་སྐྱིད་ཡིན། སློབ་གསོའི་སྤུས་ཀ་ནི་སྐར་གྲངས་མ་ཡིན་པར་འཚར་ལོངས་ཡིན། ཀུན་འཛོམས་ནི་ད་དུང་ལུས་དང་སེམས་དང་ཀླད་པ་བཅས་ཀྱི་ཐུན་མོང་གི་འཕེལ་རྒྱས་ཤིག་དང་སློབ་སྦྱོང་རང་བཞིན་དང་འཕེལ་རྒྱས་རང་བཞིན། ཚེ་སྲོག་རང་བཞིན་གྱི་སྤུས་ཀའི་ཕྱོགས་ཡོངས་ཀྱི་མཐོར་འདེགས་ཤིག་ཡིན།

སློབ་གསོ་གསར་བ་རུ།  སློབ་གསོའི་ཁྲོད་ཀྱི་མི་ཞིག་ལ་མཚོན་ན།སློབ་གསོ་ནི་མ་གཞི་ནས་འཚོ་བ་རོལ་སྟངས་ཤིག་ཡིན་ལ།དགེ་སློབ་རྣམས་ཀྱི་མི་ཚེ་དང་སྤྱི་ཚོགས་ཀྱི་ཕུགས་བསམ་ལ་ཞབས་འདེགས་ཞུ་བ་དང་ཆབས་ཅིག སློབ་གསོ་རང་བཞིན་གྱི་འཚོ་བའི་བདེ་སྐྱིད་ལོངས་སུ་སྤྱོད་བཞིན་ཡོད། འདི་ནི་སློབ་གསོའི་མཐར་ཐུག་གི་དོན་སྙིང་གི་བསམ་གཞིག་དང་འཚོལ་ཞིབ་ཡིན་ལ། དེང་གི་ཡ་མ་བརླ་ཡི་སློབ་གསོ་གང་གི་གཤག་བཅོས་ཀྱི་འཆར་གཞི་དང་ལས་འགུལ་ཡང་ཡིན།

སློབ་གསོ་ནི་ཞིང་ལས་ཡིན་པ་ལས་བཟོ་ལས་མིན། འོན་ཀྱང་། དེ་རིང་གི་ཞིང་ལས་སྔར་ལས་ལྷག་པར"བཟོ་ལས་ཅན"དུ་འགྱུར་གྱིན་འདུགརྫས་ལུད། ཞིང་སྨན་ལ་བཀོལ་བ་ཐལ་དྲགས་པས། ཐོན་སྐྱེད་ལས་ཆོད་ལ་གནད་དོན་མང་པོ་བྱུང་། སློབ་གསོའང་འདི་ལྟར་ཡིན་ཏེ། སྣོག་ལས"ཐལ་དྲགས་པ"དང་ཁ་སྣོན"མང་དྲགས་པ"། ཁེ་ཕན"སྙེག་དྲགས་པ"སོགས་ཀྱི་དབང་ གིས།ང་ཚོས་རང་བྱུང་དང་ལྗང་མདོག་ལྡན་པ།སྐྱེ་ལུགས་དང་མཐུན་ཞིང་དོན་སྙིང་ཡོད་པ། ཆེས་འོས་འཚམས་རང་བཞིན་གྱི་བདེ་སྐྱིད་ཀྱི་སློབ་གསོ་ལ་འབོད་སྐུལ་གཏོང་དགོས།

གལ་ཏེ་ང་ཚོས"དེ་རིང"དང"སང་ཉིན"།  "བདེ་སྐྱིད"དང"དཀའ་སྡུག"བཅས་ཕྱོགས་གཅིག་ཏུ་བཞག་སྟེ་བསམ་བློ་བཏང་ན། གནས་ཚུལ་མི་འདྲ་བ་རིགས་བཞི་རྟོགས་སྲིད་དེ། དེ་རིང་དཀའ་ལ་སང་ཉིན་སྐྱིད་པ། དེ་རིང་དཀའ་ལ་སང་ཉིན་ཀྱང་དཀའ་བ།  དེ་རིང་སྐྱིད་ལ་སང་ཉིན་དཀའ་བ།  དེ་རིང་སྐྱིད་ལ་སང་ཉིན་ཀྱང་སྐྱིད་པ་བཅས་སོ།

ཤེས་དགོས་པ་ཞིག་ནི། "ལེགས་འགྲུབ"ལ་དམིགས་པའི་སློབ་གསོའི་ལྟ་ཚུལ་ཁྲོད།  ང་ཚོས་ཕལ་ཆེར་དམིགས་གསལ་གྱིས"དེ་རིང་དཀའ་སྡུག་མྱོང་བའི"སློབ་གསོའི་ཐབས་ལམ་བདམས་ཟིན་ཡོད།  སློབ་མས་དཀའ་སྡུག་གིས་སློབ་པ་དང་།དགེ་རྒན་གྱིས་དཀའ་སྡུག་ཆེན་པོས་སློབ་ཁྲིད་བྱེད་བཞིན་ཡོད། འོན་ཀྱང་། འདི་ལྟ་བུའི་སློབ་གསོར་ང་ཚོས་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས།

བྱིས་པའི་ཚེ་སྲོག་ནི་བསྐྱར་ཟློས་བྱེད་ཆོག་པ་ཞིག་མ་ཡིན་པས།   ཁོ་ཚོར་བདེ་སྐྱིད་མཁོ་ལ་བདེ་སྐྱིད་འཚོལ་སྙེག་གི་ལམ་ཁའང་མཁོ། བྱིས་དུས་ཀྱི་ལོ་ཟླ་ལ་དཀའ་ངལ་དང་གནོན་ཤུགས། ཕམ་ཉེས་སོགས་མེད་པ་མིན་མོད། འོན་ཀྱང་། དཀའ་སྡུག་ཁོ་ནས་ཟད་ཀྱིན་པའི་ བྱིས་དུས་ཀྱི་ལོ་ཟླ་ལ་མཚོན་ན། དེ་ནི་ཕམ་ཉེས་ཤིག་ལས་བདེ་སྐྱིད་དང་ལྡན་པ་ཞིག་གང་ནས་ཡིན།བདེ་སྐྱིད་ལ་མྱོང་ཚོར་དང་ངེས་ཤེས་མཁོ་ལ། སློབ་སྦྱོང་ཡང་ངེས་ཅན་ལྡན་དགོས།  སློབ་གྲྭས་བདེ་སྐྱིད་ཀྱི་བསླབ་ཚན་གསར་འཛུགས་བྱེད་རྒྱུ་གལ་ཏེ།  འདི་ནི་ཚེ་སྲོག་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན།

དགེ་རྒན་གྱི་བདེ་སྐྱིད་དང་སྤྲོ་སྣང་མེད་ན་སློབ་མ་ལའང་བདེ་སྐྱིད་དང་སྤྲོ་སྣང་ཡོད་མི་སྲིད།  དགེ་རྒན་ཡེ་ལན་[4]གྱིས་བཤད་པ་ལྟར། "དགེ་རྒན་ནི་རང་དང་མིའི་ རིགས་ཡོངས་སྔར་ལས་བདེ་སྐྱིད་ལྡན་པར་བསྒྱུར་བའི་ལས་རིགས་ཤིག་དང་།དགེ་རྒན་ནི་གསར་གཏོད་རང་བཞིན་གྱི་ངལ་རྩོལ་གྱིས་རང་གི་ཚེ་སྲོག་གི་རིན་ཐང་མངོན་འགྱུར་ བྱེད་མཁན་ཞིག་དང་།གསར་གཏོད་རང་བཞིན་གྱི་ངལ་རྩོལ་གོ་རིམ་ཁྲོད།  རང་གི་ཚེ་སྲོག་གི་ནུས་སྟོབས་འདོན་སྤེལ་གྱི་དགའ་བ་ལོངས་སུ་སྤྱོད་ཐུབ་པ་ཞིག་གོ"

སློབ་གྲྭས་ངལ་དུབ་དང་མགོ་འཐོམ་གྱི་གནས་སུ་ལྷུང་བའི་དགེ་རྒན་ལ་རོགས་རམ་དང་། སློབ་གསོའི་བདེ་སྐྱིད་དང་སྤྲོ་སྣང་སླར་ཡང་རྙེད་པར་སྐུལ་མ་གནང་རོགས་ཞུ།

སློབ་གསོ་ནི་མི་རེ་རེས་བདེ་སྐྱིད་འཚོལ་སྙེག་བྱེད་ཐབས་ཀྱི་བྱ་བཞག་ཅིག་ཡིན་ནོ།

2015.3.17ཉིན།

མཆན།

[1]- 卢志文,1963年生,江苏淮安人。十一届湖北省人大代表,江苏省劳动模范,中国教育学会管理分会理事 ,学校管理体制改革专业委员会副理事长 ,新教育研究院名誉院长 ,江苏昌明教育基金会理事长,中国民办教育十大风云人物,美国阿灵顿商学院EMBA,全国知名教育专家 ,翔宇教育集团总校长。原淮安市中学副校长,现翔宇教育集团总校长。

[2]-赫尔曼·黑塞

[3]-朱永新

[4]-叶澜

 (རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

 

བསྟོད།8

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. གཙང་ཨ་ཚེ།
    གཙང་ཨ་ཚེ།སྤེལ་དུས་ནི།  

    ཧ་ཅང་ཡག་སྣང་སྐྱེས།

དཔྱད་མཆན་སྤེལ།