འཇར་མན་བ་ཡི་ལས་རིགས་སློབ་གསོ།

004dQnmnzy6IGOXwHlmc8རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་མན་ནི་དམག་ཕམ་རྒྱལ་ཁབ་དུ་གྱུར། དེར་བརྟེན་དབྱིན་ཇི་ཡུན་རིང་དུ་འཇར་མན་གྱི་ཚོང་རྗས་ནང་འདྲེན་རྒྱལ་ཁབ་ཡིན་ཞིང་དམག་འཁྲུག་རྗེས་སུའང་དེ་འདྲ་ཡིན།འཇར་མན་གྱི་དམག་ཕམ་རྐྱེན་གྱིས་དབྱིན་ཇི་ ཚོང་དོན་པུས་འཇར་མན་ནང་འདྲེན་གྱི་ཚོང་རྗས་ཡིན་ཕྱིན་ཚང་མར“འཇར་མན་བཟོ་སྐྲུན”ཞེས་པའི་ཡིག་འབྲུ་དཔར་དགོས་པའི་བླང་བྱ་བཏོན། དབྱིན་ཇི་ཚོང་དོན་པུའུ་ཡི་བསམ་གཞི་ངོ་མ་ནི་འཇར་མན་ལ་བརྙས་བཅོས་རང་བཞིན་གྱི་ ཆད་པ་གཅོད་འདོད་པ་དེ་རེད།

དམག་འཁྲུག་རྗེས་འཇར་མན་སྲིད་གཞུང་གིས་ཀྱང་འདི་འདྲའི་ཆོད་དོན་ནི་བརྙས་བཅོས་རིགས་ཤིག་ཡིན་པ་ཤེས་མོད། ཡིན་ནའང་འཇར་མན་ནི་དམག་ཕམ་རྒྱལ་ཁབ་ཡིན་པར་མ་ཟད་ཕྱི་འདྲེན་ནི་འཇར་མན་དཔལ་འབྱོར་སླར་གསོ་བྱེད་པར་ནུས་པ་ཆེན་པོ་ལྡན་ཡོད །དེའི་ཕྱིར་འཇར་མན་སྲིད་གཞུང་གིས་ཐབས་མེད་ཀྱིས་འདི་འདྲའི་ཆོད་དོན་དང་ལེན་ མི་བྱེད་རང་ལེན་ཡིན།

འོན་ཀྱང་དབྱིན་ཇི་སྲིད་གཞུང་གི་ བློ་ཡུལ་ལས་འགོངས་པ་ཞིག་ནི་ལོ་འགའི་རྗེས“འཇར་མན་བཟོ་སྐྲུན”ཞེས་དཔར་བའི་ཚོང་རྫས་ཤིག་ཡིན་ཕྱིན་ཁྲོམ་རའི་ནང་བཙོང་བ་ཧ་ཅང་བཟང་། ཐ་ན་གལ་ཏེ་འཇར་མན་ཚོང་རྫས་མངོན་ཚེ་དབྱིན་ཇི་བས་འཇར་མན་ཚོང་རྫས་འདེམས་པ་ལས་དབྱིན་ཇིའི་ཚོང་རྫས་མི་འདེམས་པའི་གནས་ཚུལ་བྱུང་། མིག་རྡེབ་དབང་ཙམ་གྱིས་ཡང་ལོ་བཅུ་འགོར། “འཇར་མན་བཟོ་སྐྲུན”དབྱིན་ཇི་རུ་མིང་གྲགས་ཡོད་པ་ཁོ་ནས་མ་ཚད་འཛམ་གླིང་དུའང་ རྒྱུ་སྤུས་བཟང་བའི་ཚབ་མཚོན་ཐ་སྙད་དུ་གྱུར།

དེ་མིན་འཇར་མན་གཞུང་ལམ་རྒྱུ་སྤུས་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཐོས་མྱོང་སྟེ། འཇར་མན་གྱི་འགྲོས་མགྱོགས་གཞུང་ལམ་སྟེང་ལམ་ཐག་མང་པོར་འགྲོས་ཚད་ཚོད་འཛིན་མེད་པས་དུས་ཚོད་རེེར་སྤྱི་ལེ༢༥༠ཉེ་བ་ལྷག་ལ་བགྲོད་ཆོག ད་དུང་འཇར་མན་མིས་ངོ་སྤྲོད་བྱས་པ་ལྟར་ན་འགྲོས་མགྱོགས་གཞུང་ལམ་གྱི་ལམ་ངོས་སུ་ བཏིངས་པའི་ཆ་སྙོམས་མཐུག་ཚད་ལི་སྨི༧ཡིན་པས་གནམ་གྲུ་འཕུར་འབབ་དང་སྒྱོགས་འཁོར་བགྲོད་བསྐྱོད་བྱས་ཆོག་པ་དང་།འཇར་མན་བས་ལམ་ཐག་ག་གེ་མོར་ལམ་མར་ཉིལ་བ་དང་རྡིབ་པའི་དོན་རྐྱེན་རྩ་བ་ནས་ཐོས་མ་མྱོང་། ད་ལྟ་འཇར་མན་མངའ་ཁོངས་ཀྱི་གཞུང་ལམ་མང་ཆེ་བ་ནི་ཤེ་ཐི་ལེ༼ Adolf Hitler༽ཡི་དུས་སྐབས་སུ་བཟོ་སྐྲུན་བྱས་པ་ཡིན་པས་རྒྱུ་སྤུས་སྔར་བཞིན་བཟང་ཟེར།

“འཇར་མན་བཟོ་སྐྲུན”ཅིའི་ཕྱིར་རྒྱུ་སྤུས་དེ་འདྲ་བཟང་བ་ཡིན་ནམ་ཞེ་ན་དེའི་ཕྱོགས་ཀྱི་རྒྱ་རྐྱེན་ཧ་ཅང་མང་པོ་ཡོད་དེ། དཔེར་ན་འཇར་མན་བ་ཡི་འདུ་ཤེས་རྔམ་མེད་སྤྱོད་གཙང་ཡིན་པས་འཇར་མན་གྱི་ལམ་དང་ཟམ་གྱི་བཟོ་སྐྲུན་ལ་རུལ་སུངས་གྱོད་དོན་བྱུང་བ་ཉུང་ཉུང་ཡིན། གལ་ ཏེ་དོན་དག་འདི་རིགས་བྱུང་ཚེ་རྒྱལ་ཡོངས་ཀྱི་ཚགས་པར་གྱིས་སྐྱོན་བརྗོད་དྲག་པོ་ བཏང་ནས་གསར་འགྱུར་ངན་པ་ཞིག་ཏུ་འགྱུར་བར་མ་ཟད། བྱ་བ་སྒྲུབ་པའི་དཔོན་པོས་དུས་རྒྱུན་ཉེས་དོན་ཁྲིམས་གཅོད་དང་འགན་འཛོལ་རང་ལ་ དཀྲིས་ནས་ལས་ཁུར་དགོངས་ཞུ་བྱེད་དགོས་པ་ཡིན། འོན་ཀྱང་འཇར་མན་བ་ཡི་རྔམ་མེད་སྤྱོད་གཙང་གི་འདུ་ཤེས་ནི་ཅི་ལྟར་བྱུང་བ་ཡིན་ནམ། དོན་དངོས་སུ་གནས་ཚད་མང་ཤོས་ཤིག་འཇར་མན་གྱི་ལས་རིགས་སློབ་གསོའི་ཁྲོད་གོ་གནས་གཙོ་བོ་ཞིག་བཟུང་ཡོད་པ་རེད།

འཇར་མན་གྱི་གཞོན་ནུ་ཚོ་ནས་བཤད་ན༣༠%ཡི་ལོ་ཚོད་ལོངས་པའི་གཞོན་ནུ་སློབ་ཆེན་འགྲིམ་པར་མ་ཟད། སློབ་ཆེན་དུས་སྐབས་སུ་སྤྱིར་བཏང་དུ་ཕྱིར་འབུད་སློབ་མ༣%ལས་མེད། དེའི་ ཕྱིར་འཇར་མན་སློབ་མ་དམའ་འབྲིང་མཐར་ཕྱིན་རྗེས་ཁག་བགོས་ཀྱི་མགོ་ཚུགས་པ་ཡིན་ ཏེ་སློབ་ཆེན་འགྲིམ་འདོད་པའི་སློབ་མ་ཁག་ཅིག་མཐོ་འབྲིང་དཀྱུས་མར་ཞུགས་ནས་ཡང་ ལོ༩ལ་སློབ་སྦྱོང་བྱས་ནས་སློབ་རིམ་བཅུ་གསུམ་བར་དུ་བསྡད་རྗེས་ཐད་ཀར་སློབ་ཆེན་ལ་ཞུགས་པ་ཡིན། ལག་རྩལ་སོགས་བྱ་བ་སྒྲུབ་འདོད་པའི་སློབ་མ་ཁག་གཞན་པ་དེ་ལས་རིགས་སློབ་གྲྭར་ཞུགས་ནས་ཡང་ལོ༣གྱི་རྗེས་ལས་གར་ཞུགས་པ་ཡིན།

ཁག་ཕྱི་མ་དེ་ལས་རིགས་སློབ་གྲྭར་ ཞུགས་རྗེས་གན་རྒྱ་གཉིས་འཇོག་པ་ཡིན་ཏེ་གན་རྒྱ་དང་པོ་ནི་སློབ་གྲྭ་ལ་བཞག་པའི་ ཟབ་སྦྱོང་གན་རྒྱ་ཡིན། གན་རྒྱའི་གཏན་འབེབས་ནི་ལོ༣གྱི་ཟབ་སྦྱོང་བརྒྱུད་དེ་སློབ་མའི་ཆུ་ཚད་ངེས་ཅན་ དུ་སླེབས་དགོས་པ་དེ་ཡིན། གན་རྒྱ་གཉིས་པ་ནི་འཇར་མན་སློབ་མས་སྲིད་གཞུང་ལ་བཞག་པའི་དམ་བཅའ་དང་ལས་རིགས་སྤྱོད་ཚུལ་བརྩི་སྲུང་བྱེད་པའི་ཁག་ཐེག་ཡིན་ལ་འཇར་མན་སྲིད་གཞུང་གིས་གང་ནུས་ ཀྱིས་སློབ་མ་འདི་ཚོར་བྱ་བའི་གོ་སྐབས་འདོན་སྤྲོད་བྱ་རྒྱུ་དེའང་ཡིན། རྒྱལ་ཁབ་དང་གན་རྒྱ་འཇོག་པ་ནི་འཇར་མན་གྱི་ལས་རིགས་སློབ་གསོ་བཙུགས་པ་ནས་བྱུང་སྟེ་ཡུན་རིང་བོར་གནས་པ་ཡིན།

གན་རྒྱ་དང་པོ་ནི་སློབ་གྲྭ་དང་སློབ་མས་བཞག་པ་ཡིན་ཞིང་ལོ༣གྱི་ནུས་ཡོད་དུས་ཚོད་ཡིན། དེ་ལས་ལྡོག་སྟེ་གན་རྒྱ་གཉིས་པ་ནི་རྒྱལ་ཁབ་དང་སློབ་མ་ཡིས་བཞག་པ་ཡིན་ཞིང་ནུས་ ཡོད་དུས་ཚོད་ནི་ཚེ་མཇུག་བར་ཡིན། འོན་ཀྱང་གན་རྒྱ་འདི་བཞག་ཚེ་དུས་བདེ་གཉིད་སྐྱིད་ཙམ་མ་ཡིན་པར་རྒྱལ་ཁབ་ཀྱིས་ཀྱང་ ལོ་གཅིག་གམ་གཉིས་ཀྱི་རྗེས་མི་འདིའི་ལས་རིགས་སྤྱོད་ཚུལ་ལ་རྒྱབ་འགལ་བྱས་ཡོད་མེད་སོགས་བྱ་བའི་གནས་ཚད་ལ་གཞིགས་ཏེ་གན་རྒྱ་ཕྱིར་འཐེན་བྱེད་མིན་ལ་བལྟ་བ་ཡིན། གལ་ཏེ་བྱ་བ་སྒྲུབ་པ་ཕུལ་དུ་བྱུང་ཞིང་ལས་རིགས་སྤྱོད་ཚུལ་ལ་རྒྱབ་འགལ་བྱས་མེད་ཚེ་མུ་མཐུད་དུ་གན་རྒྱ་བཞག་ནས་འགྲེལ་བཤད་བྱེད། གལ་ཏེ་ལས་རིགས་སྤྱོད་ཚུལ་ལ་རྒྱབ་འགལ་བྱས་ཡོད་ཚེ་ཡང་གན་རྒྱའི་ནང་འགྲེལ་བཤད་བྱེད་པ་ཡིན་ཞིང་ཚབས་ཆེན་ཡིན་ཚེ་གན་རྒྱ་ཕྱིར་འཐེན་བྱེད་པ་ཡིན།

འཇར་མན་དུ་ཁེ་ལས་བྱ་བར་ཞུགས་ཚེ་རྒྱལ་ཁབ་དང་མཉམ་དུ་བཞག་པའི་གན་རྒྱ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང་བཟང་ཤོས་ཀྱི་གན་རྒྱའི་རེག་ཟིན་ནི་གོ་གནས་འཕར་བ་དང་གླ་ཕོགས་སྤར་བའི་ངེས་མཁོ་ཆ་རྐྱེན་ཡིན། དེའི་ཕྱིར་འཇར་མན་གྱི་བཟོ་བ་ཚང་མས་རྒྱལ་ཁབ་དང་མཉམ་དུ་བཞག་པའི་གན་རྒྱ་འདི་ལ་ཧ་ཅང་གཙིགས་མཐོང་བྱེད་པ་ཡིན།

མདོར་ན་རྒྱལ་ཁབ་དང་མཉམ་དུ་བཞག་པའི་གན་རྒྱ་འདི་ནི“འཇར་མན་བཟོ་སྐྲུན”འཛམ་གླིང་ལ་མིང་དུ་གྲགས་ཐུབ་པའི་རྒྱ་རྐྱེན་དངོས་མ་ཡིན།

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430

བསྟོད།11

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. མཁར་རིག་འོད།
    མཁར་རིག་འོད།སྤེལ་དུས་ནི།  

    བརྗོད་བྱ་ཡག་པོ་རེད། བསྒྱུར་མཁན་ལ་བཀའ་དྲིན་ཞུ། ལོབས་ཕྱོགས་ཤིག་གིས་ཡང་བསྐྱར་ཀྲུང་གོའི་ཐོན་རྫས་དང་བསྡུར་བ་ཞིག་བྱས་སོང་། ཧ་ཧ

དཔྱད་མཆན་སྤེལ།