ཨ་ལི་ཁི་སན་དྲིར་མི་ཚེའི་ལོ་རྒྱུས།

2323213123སེང་མགུལ་སྨན་བླས་བསྒྱུར།

ཨ་ལི་ཁི་སན་ཌིར་[Alesander]ནི་རླབས་ཆེ་བའི་རྒྱལ་པོ་ཞིག་ཡིན་པ་མ་ཟད་དབང་བསྒྱུར་བ་དང་དམག་སྤྱིའི་བཀོད་འདོམས་ཞིག་ཀྱང་ཡིན། ཁོང་ནི་ལོ་རྒྱུས་སྟེང་གོ་གནས་མཐོ་ཞིང་ཤིན་ཏུ་སྟོབས་ཤུགས་ལྡན་པ་ཞིག་ཡིན་པས་མི་ཚང་མས་ཁོང་ལ་དཀོན་མཆོག་ཅེས་འབོད་ཀྱིན་ཡོད། ཁོས་རང་གི་མངའ་འབངས་རྒྱ་བསྐྱེད་ནས་མི་ཌི་ཏྲེ་ནི་ (Mediterranean Sea) རྒྱ་མཚོ་བརྒྱུད་ནས་རྒྱ་གར་ཕྱོགས་སུ་བསླེབས་པ་རེད།

ཨ་ལི་ཁི་སན་ཌིར་གྱི་ཚེ་སྟོད།

ཁོང་ནི་ཡེ་ཤུའུ་མ་འཁྲུངས་བའི་སྔོན་གྱི་356 ལོར་མའ་སི་ཌོ་ནིཡ་(Mecedonia)ནས་སྐྱེས་ཞིང་། ཁོང་གི་ཡབ་རྒྱལ་བོ་ཧྥི་ལི་པི་ནི་ས་དེའི་རྒྱལ་རྒྱུད་གཉིས་པ་དེ་ཡིན།ཡབ་ལགས་ ཀྱིས་གི་རེའི་(Greek) མཚན་ཉིད་རིགས་པ་བ་ཆེན་མོ་ཨད་རེ་སི་ཊྲོ་ཊྲིལ་གདན་དྲངས་ནས་ཁོང་གི་དགེ་རྒན་ བྱེད་དུ་བཅུག ཡེ་ཤུའུ་མ་འཁྲུངས་སྔོན་གྱི་336ལོའི་དབྱར་ཁ་ཞིག་ལ་ཡབ་ཀྱི་སྐུ་སྲུང་བ་གཅིག་གིས་རྒྱལ་བོ་ལྐོག་གསོད་བྱས་པ་དང་དེ་ནས་རྒྱལ་སྲས་ཨ་ལི་ཁི་སན་ཌིར་ཡུལ་དེའི་ རྒྱལ་བོར་གྱུར་བ་རེད།

ཡུལ་དེའི་མི་མང་པོས་ལྐོག་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ནས་རྒྱལ་བོ་ལ་ངོ་ལོག་བརྒྱབ་ཡང་ཁོང་ནི་སྤྱང་གྲུང་འཛོམས་པ་ཞིག་ཡིན་པས། ཁོས་མགྱོགས་མྱུར་གྱིས་ལྐོག་ཇུས་འདོན་མཁན་རྣམས་ལ་བཀའ་བཏང་ནས་། དུས་གཅིག་ལ་མའ་སི་ཌོ་ནི་ཡའི་ངོ་ལོག་པ་ཚོ་དང་གཞན་རང་དབང་དོན་གཉེར་ཅན་རྣམས་ཀྱིས་གི་རེའི་གྲོང་འཁྱེར་ཁ་ཤས་ཤིག་དབང་བསྒྱུར་བྱས་པ་དང་། དེ་ནས་ཁོས་གྱེན་ལོག་པ་རྣམས་ཚར་བཅད་ནས་ཡུལ་དེ་ལ་སྒྲིག་ཁྲིམས་བསྐྱར་གསོ་བྱས་པ་རེད།

དེའི་རྗེས་ཡི་ཤུའུ་སྔོན་གྱི་ལོ་334་ཡི་ནང་ལ་ཁོས་རང་གི་དམིགས་པ་པིར་ཤན་མངའ་ཐང་(Persian Empire)སྟེ།ད་ལྟའི་འེ་ཤ་ཡའི་ལྷོ་ནུབ་མཚམས་སུ་ཡོད་པའི་ཨ་རན(Iran) ཕྱོགས་སུ་གཏད་ཅིང་མའ་སི་ཌོ་ནི་ཡ་དང་གི་རེའི་དམག་སྣ་དྲངས་ནས་པིར་ཤན་གྱི་རྒྱལ་རྒྱུད་གསུམ་པ་ཌའ་རོའོ་སེ་(Darius)ལ་དམག་རྒྱག་ཏུ་སོང་། ཡི་ཤུའུ་སྔོན་གྱི་333ལོ་ལ་ཁོང་གི་དམག་དཔུང་སི་རི་ཡ་(Syria)་ནང་གི་ཨ་སོའོ་སི་(Issus)དང་འཕྲད་ནས་དྲག་པོའི་དམག་འཁྲུགས་ལངས་ཏེ་ཁོང་ལ་རྒྱལ་ཁ་ཐོབ་པ་དང་ཌའ་རོའོ་སེ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་རེད།

ཨེ་ཇེབ་པི་ཊི་དབང་དུ་བསྒྱུར་བ།

དེ་ནས་ཁོས་ཨི་ཇི་པི་ཊིའི ་(Egypt) ལྷོ་ཕྱོགས་སུ་དམག་དཔུང་འཁྲིད་ཅིང་པིར་ཤན་མི་མང་གི་ཚབ་བྱས་ནས་ཨི་ཇི་པི་ཊིའི་དབང་བསྒྱུར་བ་རྒྱལ་བོ་ཧྥི་རོའོ་(Pharaoh)་ལས་དབང་ཤུགས་ཆེན་པོ་བཟུང་། ཡུལ་དེའི་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨི་ཇི་པི་ཊི་མི་མང་གིས་ཁོང་ནི་ཁོ་ཚོ་ལ་རང་དབང་སྤྲོད་མཁན་ཞིག་ཏུ་མཐོང་ནས་ཁོང་ཧྥི་ཇི་པི་ཊིའི་རྒྱལ་སྲིད་ལ་མངའ་སྲོལ་བ་རེད། ཨི་ཇི་པི་ཊིའི་ནུབ་ཕྱོགས་ཀྱི་ཆུ་བོ་ནི་ལིའི་(Nile River) ཁ་ནས་ཁོས་གྲོང་འཁྱེར་གསར་བ་ཞིག་དབུ་བརྙེད་དེ་དེའི་ མིང་ལ་ཨ་ལི་ཁི་སན་ཌི་རིཡ་ཞེས་བཏགས་ནས་ཕྱིས་སུ་དེ་ནི་གྲགས་ཆེ་བའི་ཤེས་རིག་ གི་ལྟེ་གནས་ཤིག་ཏུ་ཆགས་པ་རེད།

པིར་ཤིཡ་དབང་དུ་བསྡུ་མཁན།

ཡི་ཤུའུ་སྔོན་གྱི་ལོ་331ནང་ལ་ཁོས་རང་གི་དམག་དཔུ་ཁྲིད་ནས་ཕྱིར་པིར་ཤིཡའི་ནུབ་ ཕྱོགས་སུ་བསྐྱོད། སྐབས་དེར་རྒྱལ་བོ་ཌ་རོའོ་སིས་དགྲ་ཤ་ལེན་འདོད་ནས་ཁོང་གཉིས་ཀྱི་བར་ལ་གོའོ་གའ་ མི་ལའི་(Gaugamela)་ཡུལ་དེ་ནས་དམག་འཁྲུག་ཆེན་པོ་ཞིག་ལངས། བསྐྱར་དུ་གནས་དེར་དམག་ཆེན་ཞིག་ལངས་བ་ལས་ཨ་ལན་ཁི་སན་ཌིར་རྒྱལ་བ་དང་ཨི་ཤ་ཡའི་ ནང་པིར་ཤན་གྱི་དུས་རབས་མང་པོ་རིང་གི་སྲིད་དབང་དེ་མཇུག་རྫོགས་པ་རེད།

དེ་ནས་ཁོང་ཕྱིར་ལྷོ་ཕྱོགས་སུ་བསླེབས་པ་དང་གལ་ཆེ་བའི་པིར་ཤན་གྱི་གྲོང་འཁྱེར་གཞན་མང་པོ་དབང་དུ་བསྡུས། ཕིར་སི་ཕོའོ་ལེ་སི་(Perspolis)ནས་ཁོས་ཌའ་རོའོ་རྒྱལ་ཁང་མེ་ལ་བསྲེགས་ནས་པིར་ཤན་གྱི་མངའ་ཐང་དབང་སྒྱུར་བྱས་ཚར་བའི་རྣམ་པ་ཕྱིར་བསྟན་པ་རེད། 330་ལོ་ལ་ཁོང་ཕྱིར་ནུབ་ཕྱོགས་སུ་རྒྱལ་བོ་ཌའ་རོའོ་སི་ འཚོལ་དུ་ཕྱིན་ཡང་། སྐབས་དེར་རྒྱལ་བོ་ཌའ་རོའོ་སི་བྲོས་བྱོལ་དུ་འགྲོ་བའི་སྐབས་དང་འཕྲད་ནས་ནང་ མིས་བསད་པ་རེད།

འཇིག་རྟེན་གྱི་མངའ་ཐང་།

ཨ་ལི་ཁི་སན་ཌིར་ནི་ཕུལ་བྱུང་གི་མི་སྣ་ཞིག་དང་མྱུལ་ཞིབ་པ་ཆེན་པོ་ཞིག་ཀྱང་ཡིན། ཡིན་ཡང་ཁོང་གི་རླབས་ཆེ་བའི་དམིགས་ཡུལ་ནི་ཡུལ་གང་ཞིག་ ན་མི་མང་ཞི་བདེ་ངང་འཚོལ་ཡོད་ན་དེ་དང་ལྷན་དུ་འཇིག་རྟེན་གི་མངའ་ཐང་ལ་སྒྲིག་ འཛུགས་བཟོ་འདོད་པ་དེ་ཡིན། 330 ནས་327་བར་ལ་ཁོས་རང་གི་དམག་དཔུང་འཁྲིད་ཅིང་ཨ་ཧྥི་ག་ནི་ས་ཏན་(Afghanistan)་བརྒྱུད་ཨེ་ཤི་ཡའི་དཀྱིལ་དབུས་སུ་འབྱོར་རེད། ཁོང་གི་འགྲུལ་བཞུད་ཀྱི་ཁྲོད་ནས་གྲོང་འཁྱེར་མང་པོ་ འཛུགས་སྐྲུན་བྱས་པ་དང་ཡུལ་ཕྱོགས་མང་པོ་ནས་དམག་དཔུང་དང་ཚོང་པ་མཁས་པ་སོགས་ རླབས་ཆེན་གྱི་མི་སྣ་མང་པོ་གདན་དྲངས་ནས་གནས་དེ་དག་ཏུ་བརྟེན་གཞི་བཙུགས།

ཡི་ཤུའུ་སྔོན་གྱི་ལོ་326་ལ་ཁོང་ཕྱིར་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་ནའང་སྐབས་དེར་ཁོང་གི་ལས་རོགས་མང་པོ་སྐྱོ་ངལ་གྱིས་ཁེངས་ནས་རྒྱུས་མེད་ཀྱི་ས་ཐག་རིང་པོ་ ཞིག་ཏུ་ཕྱིན་དང་ཁོང་གི་དམག་མི་ཚོས་དེ་ལྟར་ངེས་ལེན་མེད་པར་གྱེན་ལོག་བྱས། དེ་ནས་ཁོང་མི་འདོད་བཞིན་དུ་ཕྱིར་ལོག་ནས་323་ལོ་ལ་ཨི་རག་ནང་གི་ཡུལ་སྦའ་སྦི་ལོན་(Babylon)་དུ་འབྱོར་དང་། སྐབས་དེར་ཁོང་དགོང་ལོ་33་ཡིན་ལ་ཚེ་མཇུག་ཚ་ནད་འཕོག་ནས་འདས་གྲོངས་སུ་གྱུར་བ་དང་། དེ་ནས་ཁོང་གི་མངའ་ཐང་དེའང་ཁོའི་དམག་དཔོན་ཁག་ལ་ཆ་བགོས་བྱས་པ་རེད།


 

གནའ་བའི་ཨི་ཇད་ཕི་ཐྲི།

སེང་མགུལ་སྨན་བླས་བསྒྱུར།

ཡི་ཤུའུ་སྔོན་གྱི་ལོ་330 ཡས་མས་ནས་ཡི་ཤུའི་སྔོན་གྱི་ལོ་30་བར་ཏེ་ཉུང་མཐར་ཡང་ལོ་ངོ་300 རིང་ལ་ཨ་ཧྥི་རི་ཁའི་ནུབ་བྱང་གི་རྒྱལ་ཁམས་དེ་ནི་ཨི་ ཇད་པི་ཐྲི་[Egypt]མི་མང་གི་ཁྱིམ་གཞི་དང་། དེ་ནི་ཤེས་རིག་འོད་སྟོང་བཀྲ་ཞིང་སྟོབས་འབྱོར་མངའ་ཐང་རྒྱས་བ་མ་ཟད་ཞི་བདེ་དང་ བརྩེ་བས་ཀུན་ནས་ཕྱུག་པའི་ཁྱིམ་གཞི་ཞིག་ཀྱང་ཡིན། གནས་དེའི་ཧྥའ་རོའོ་སི་རྒྱལ་རྒྱུད་དང་ཕེ་རའ་མེ་ཌི་(Pyramids)ཞེས་བརྗོད་པའི་རྒྱལ་བོ་དང་རྒྱལ་མོའི་དུར་ཁང་། ད་དུང་དམར་གདུང་དང་སྒྱུ་འཕྲུལ་སོགས་མང་དུ་གྲགས་པའི་ཤུལ་བཞག་རིག་གནས་མང་པོ་ ཞིག་ཀྱང་ཕའ་ཕེ་རུའུ་སི་(papyrus)ཞེས་བའི་ཆུ་སྐྱེས་ཤིང་ལེབ་ཀྱི་སྒང་ལ་རི་མོར་ཡང་བཀོད་ཡོད།

ས་དམར་དང་ས་ནག

གནའ་བའི་ཨི་ཇེ་ཕི་ཐྲི་ནི་མངའ་ཁོངས་རྒྱ་ཆེ་ཞིང་ལྷོ་ཕྱོགས་མེ་ཌེ་ཐྲི་རན་རྒྱ་མཚོ་(Mediterranean Sea)ནས་བརྩིས་ན་ལེ་བར་700་ཡོད། ས་དེའི་ཕྱོགས་མང་ཆེ་བ་སྐམ་ས་དང་ཚ་བོ་ཐལ་བ་སོགས་ཡིན་པས་དེའི་མིང་ལ་ཡུལ་དེའི་མི་མང་གིས་(Deshret-red land)ས་དམར་ཞེས་འབོད་པ་དང་། དེ་མ་ཟད་ནའ་ལི་(Nile)་ཞེས་འབོད་པའི་འཛམ་གླིང་གི་ཆུ་བོ་རིང་ཤས་དེའང་གནས་ དིའི་བྱང་ཐང་བརྒྱུད་ནས་བཞུད་ཀྱི་ཡོད། ལོ་རེར་མཐའ་འཁོར་གྱི་ས་ཆ་དག་ལ་ཆུ་ལོག་བརྒྱུག་ནས་ཆུ་འགྲམ་གྱི་ཁོ་ར་ཁོར་ཡུག་ ཀུན་འདམ་མྱགས་དང་འབྱར་བག་གིས་ཁེངས་བས་གཙང་འགྲམ་ཁོར་ཡུག་དེ་ལ་ས་དེའི་ཡུལ་མི་ རྣམས་ཀྱིས་(Kemet-black land) ས་ནག་ཅེས་འབོད་སྲོལ་མཆིས། ཡུལ་དེ་ནི་ཧ་ཅང་ས་བཅུད་བཟང་བོ་ཞིག་ཡིན་པས་ཡི་ཤིའི་སྔོན་གྱི་ལོ་5000་ཡས་མས་སུ་གནས་དེར་ཨི་ཇད་ཕི་ཐྲི་མི་མང་གིས་འཛམ་གླིང་གི་ཐོག་མའི་ཞིང་ས་དང་གྲོང་གསེབ་འཛུགས་སྐྲུན་བྱས་པ་རེད།

ནའ་ལིའི་འབུལ་སྐྱེས།

ནའ་ལིའི་ཆུ་བོ་ནི་ཨི་ཇད་ཕི་ཐྲི་མི་མང་གི་འཚོ་བའི་རྟེན་གཞི་ཡིན་པས་མཚམས་རེར་ཨི་ཇད་ཕི་ཐྲི་ལ་ “ནའ་ལིའི་འབུལ་སྐྱེས”་(the gift of the Nile)་ཞེས་འབོད། ཡུལ་དེའི་ཞིང་བ་རྣམས་ཀྱིས་ཙོང་དང་རྒུ་འབྲུམ་གྲོ་སོགས་ཀྱི་ཞིང་ཀའི་ཡུར་བར་ ཆུ་འཐེན་པ་དང་། བཟོ་རིག་པ་རྣམས་ཀྱིས་འཇིམ་པས་རྫ་ཆས་བཟོ་བ་དང་ཆུ་འགྲམ་ཁག་ནས་སྐྱེས་པའི་སོ་མ་ ར་ཙའི་སྡོང་པོ་ལས་རས་འཐག་པ། ད་དུང་ཁྱིམ་མི་རྣམས་ཀྱི་ཟས་ལ་ཉ་དང་ཆུ་བྱ་སོགས་འཛིན་པ་དང་བྱིས་པ་རྣམས་ཀྱིས་ན་ཆུ་ནས་རྩེས་མོ་རྩེད། དེར་བརྟེན་གནས་དེའི་སྐུ་དྲག་དང་ཚོང་པ་གྲོང་ཁྱིམ་སྐྱོ་བོ་རྣམས་ཀྱིས་འདམ་མྱགས་སྐམ་པའི་ཐང་ལ་ཁྱིམ་གཞི་བཙུགས་ནས་ལྷོད་ཡངས་ཀྱི་འཚོ་བ་བསྐྱལ་གྱི་ཡོད་ནའང་། ཆུ་སྲིན་གྱི་འཇིགས་པ་ལ་དུས་རྒྱུན་དུ་དོག་གཟོན་བྱེད་དགོས་སོ།

གནའ་བའི་ཨི་ཇི་ཕི་ཐྲིའི་འཚོ་བ།

གནའ་བའི་ཨི་ཇི་ཕི་ཐྲིའི་ཁྱིམ་གཞི་མང་པོ་ཞིག་ལ་ཁང་མིག་གསུམ་ཏག་ཏག་ཡོད་ལ་དེའི་ནང་ནས་ཐོག་ཁང་ནི་ལས་གནས་ཡིན། ཁྱིམ་ཚང་འབྱོར་ལྡན་ཚོས་ནང་ལ་ཆུ་རྫིང་དང་མེ་ཏོག་ལྡུམ་ རྭ། ནང་ཆས་ལེགས་པོ་དང་གྱང་ལ་རི་མོ་སོགས་འབྲི་ནས་ཁྱིམ་གཞི་ཆེན་པོ་རེ་འཛུགས་སྲོལ་ ཡོད་། ད་དུང་། ལུས་ལ་རྒྱན་ཆ་འདོགས་པ་དང་ལྭ་བ་མཚོན་ཁྲ་ཅན་གོན་པ། མཛེས་བཟོ་བྱེད་པ་དང་སྐྲ་རྫུན་སུ་ལུ་ཅན་སོགས་འདོགས་སྲོལ་ཡོད་པ་མ་ཟད་ཁོང་ཚོ་ ལ་བྲན་གཡོག་དང་ཞབས་ཞུ་བ་སོགས་ཀྱང་ཡོད། ཡིན་ནའང་། ཁྱིམ་ཚང་སྐྱོ་བོའི་བུ་མོ་ཚོས་རང་ཁྱིམ་ནས་བཟོས་བའི་ལྭ་བ་གྱོན་པ་དང་ཕོ་ཚོས་ རས་ཀྱིས་དཔྱི་མགོ་གཉིས་དཀྲིས་ནས་ལྭ་བ་གོན་སྲོལ་ཡོད།

དབུལ་ཕྱུག་གཉིས་ནས་གཞོན་ནུ་རྣམས་ཆུང་དུས་སུ་གཉེན་ སྒྲིག་བྱེད་པ་དང་ཕྲུ་གུ་མང་པོ་སྐྱེ་བ་སོགས་ཀྱི་ཁོང་ཚོའི་ཁྱིམ་གཞིའི་འཚོ་བ་ ནི་ནམ་ཡང་རིན་ཐང་ཅན་དུ་བརྩི་བཞིན་ཡོད། ད་དུང་། ལས་ཀ་གང་ཞིག་མཉམ་ལས་དང་། སྤྲོ་སྐྱིད་ཀྱི་སྐབས་སུ་རྒྱས་གཤོམ་བགྲེམ་སྟོན་དང་ཞབས་བྲོ་འཁྲབ་པ། རོལ་མོ་དཀྲོལ་བ་དང་སྒྲུང་བཤད་པ་སོགས་ཀྱི་རྩེད་མོ་ལ་ཤིན་ཏུ་ནས་དགའ་བོ་ཡོད།

ཁོང་ཚོ་ནི་སྒྱུ་འཕྲུལ་དང་ལྷ་མང་པོ་ལ་ཡིད་ཆེས་ཡོད་པ་ མ་ཟད་མང་ཚོགས་ཀྱིས་ལྷ་སྐུ་དང་ལྷ་ཁང་ཆུང་ཆུང་ཡང་མང་པོ་བརྩིགས་ཡོད་ལ། དེའི་དག་ཁྲོད་ནས་གྲགས་ཆེ་བའི་ལྷ་སྐུ་ནི་རླབས་ཆེ་བའི་མི་མ་སེང་སྟེ་སྐྱེས་ པའི་མགོ་ཅན་གྱི་སེང་གེ་དེ་ཡིན་ལ་དུས་ད་ལྟའང་མཐོང་རྒྱུ་ཡོད། ད་དུང་སྲུང་མདུད་འདོགས་པ་དང་ཞལ་འདོན་སྐྱོར་བ་བཀྲ་ཤིས་བའི་སྙན་ཚིག་སྐྱོར་བ་ སོགས་ནི་ཁོང་ཚོའི་ཆོས་ཕྱོགས་ཀྱི་ལུགས་སྲོལ་ཡིན།

ཚིག་ཚབ་རི་མོ་(HIEROGLYPHS) དང་ཆུ་སྐྱེས་ཤིང་།(PAPYRUS)

གནའ་བའི་ཨི་ཇད་ཕི་ཐྲི་ལ་ཚིག་ཚབ་རི་མོར་བྲིས་བའི་ལམ་ སྲོལ་དུ་མ་ཡོད། ཡིག་གཟུགས་གྲུབ་སྟངས་ཀྱི་རྣམ་པ་ནི་རི་མོ་ཆུང་ཆུང་མང་པོ་རུ་སྒྲིག་པ་ལྟ་བུ་ དང་། མཚོན་བྱེད་ཅན་གྱི་རི་མོ་འདི་དག་ལ་ཚིག་ཚབ་རི་མོ་ཞེས་འབོད་ཀྱི་ཡོད། ཡིན་ཡང་། དེ་འབྲི་བ་དང་ཀློག་པ་ནི་མཁས་བའི་བྱ་བ་ཡིན་པས། དེ་ནི་མི་ཚང་མས་འབྲི་ཀློག་བྱེད་ཐུབ་པ་ཞིག་མིན།

འགྲེལ--དབྱིན་ཡིག་གི་ཚིག་མཛོད་ཆེན་མོ་(Oxford Dictionary) ནང་གནའ་བའི་ཨི་ཇད་ཕི་ཐྲིའི་ཚིག་ཚབ་རི་མོ་ནི་བྱ་སྣ་ ཚོགས་དང་སྦྲུལ་དང་མིའི་ལག་པ་དང་ཟླུམ་ཕྱེད་དང་གྲི་དང་མེ་ཏོག་དང་འཕྲེད་ཐིག་ སོགས་མཚོན་བྱེད་ཅན་ཉུང་ཤས་ཤིག་བཀོད་འདུག བོད་ཀྱི་ལོ་རྒྱུས་སྟེང་ནས་དེ་ལ་རི་མོ་ཞེས་མིང་བཏགས་ཡོད།

ཕའ་ཕེ་རོའོ་སི་ནི་འདམ་རྩ་ལས་བཟོས་བའི་ཤོག་བུའི་རིགས་ ཤིག་དང་། དེའི་སྟེང་དུ་ཨི་ཇད་ཕི་ཐྲིའི་ཡིག་མཁན་རྣམས་ཀྱིས་ཚབ་མཚོན་རི་མོའི་ལམ་ནས་སྙན་ ངག་དང་གླུ་གཞས་སྒྲུང་དང་ཨང་རྩིས་མཚན་རིག་དང་སྐར་རྩིས་སོགས་བྲིས་ནས་ཤོག་མང་ ཉར་ཚགས་བྱས་ཡོད་ལ་དེའི་སྟེང་ལ་བྲིས་བ་དག་ནི་འཛམ་གླིང་གི་ཐོག་མའི་ཡིག་གཟུགས་ ཡིན།

དབང་ཤུགས་ཆེ་བའི་ཧྥ་རོའོ་སིའི་རྒྱུད་པ།

ཨེ་ཇད་ཕི་ཐྲིའི་རྒྱལ་བོ་རྣམས་ནི་རྒྱལ་བོ་ཧྥ་རོའི་ སིའི་རྒྱུད་པ་ཡིན་ལ། ཨེ་ཇད་ཕི་ཐྲི་མི་མང་གིས་རྒྱལ་བོ་ཧྥ་རོའོ་སིའི་རྒྱུད་པ་ནི་དཀོན་མཆོག་གིས་ གནང་བའི་བྱིས་བ་དང་གནམ་ས་གཉིས་བར་ཀྱི་སྦྲེལ་མཚམས་ཡིན་པར་བརྗོད། ད་དུང་། མི་མང་གིས་ཁོང་ཚོ་ལ་དཔྱ་ཁྲལ་འཇལ་བ་དང་ཁོང་ཚོའི་འཛུགས་སྐྲུན་གྱི་ལས་རིགས་ལ་ རམ་འདེགས་གང་ལེགས་བྱས། རྒྱལ་བོ་ནི་རྒྱལ་ཁབ་དེའི་ཆོས་དཔོན་དང་ཁྲིམས་བཟོ་བ་དམག་སྤྱིའི་བཀོད་འདོམས་པ་ སོགས་ཡིན་པ་མ་ཟད་གཞུང་འཛིན་མི་སྣ་དང་ཁྲིམས་དཔོན་དཔྱ་ཁྲལ་བསྡུ་མཁན་སོགས་ལ་ བཀའ་གཏོང་བ་དང་། རྒྱལ་ཁབ་གཞན་དང་མཉམ་དུ་ཕྱི་འབྲེལ་གྱི་སྲིད་དོན་དང་ཚོང་འབྲེལ་སོགས་ཀྱི་སྐོར་ ལ་ཆིངས་ཡིག་ཀྱང་མང་པོ་བཞག་ཡོད།

ཕེ་རའ་མེ་ཌི་དུར་ཁང་དང་དམར་གདུང་སོགས།

ཧྥ་རོའོ་སིའི་རྒྱལ་རྒྱུད་པ་ཁ་ཤས་ཤིག་ལ་དུར་ཁང་རྒྱ་ ཆེན་པོ་བརྩིགས་ཤིང་། དེའི་ནང་ནས་དུར་ཁང་གཅིག་ནི་རྡོའི་དུར་ཁང་ཧ་ཅང་ཆེན་པོ་ཞིག་ཡིན། ཁོང་ཚོས་དུར་ཁང་གཅིག་མི་མང་སྟོང་ཕྲག་མང་པོས་ལོ་ངོ་མང་པོའི་རིང་བརྩིགས་བཞིན་ ཡོད་ལ་དུར་ཁང་བརྩིགས་བྱེད་ཀྱི་རྡོ་དུམ་བུ་ཁ་ཤས་ལ་གླང་ལེན་གཉིས་ཀྱི་ལྗིད་ཚད་ ལས་ལྷག་པ་ཡོད། དུར་ཁང་རྩིག་པ་ནི་ཁོང་ཚོའི་ཧང་སངས་དགོས་བའི་ལས་རིགས་ཤིག་གོ

གནའ་བའི་ཨེ་ཇད་ཕི་ཐྲི་མི་མང་ཚོས་རྒྱལ་བོ་གྲོངས་རྗེས་ བེམ་པོ་ནི་སྐྱེ་བ་ཕྱི་མའི་ཆེད་ངེས་པར་དུ་རིང་དུ་གནས་རྒྱུ་དེ་ལ་ཡིད་བརྟན་ བཅོལ་བ་དང་། ཁོང་ཚོས་རྒྱལ་བོའི་བེམ་པོ་དམར་གདུང་དུ་བཟོས་ནས་སྐམ་དུ་འཇུག་པ་དང་རས་ཀྱིས་ བཏུམ་ནས་ཉར་ཚགས་བྱས། སྐྱེ་བ་རྗེས་མའི་ལོངས་སྤྱོད་ཀྱི་ཆེད་དུ་རིན་ཆེན་མང་པོས་ཧྥ་རོའོ་རྒྱལ་རྒྱུད་ ཀྱི་དམར་གདུང་དག་གི་ཕྱོགས་སུ་བརྒྱན་ནས་རླབས་ཆེ་བའི་ཕེ་རའ་མེ་ཌིའི་དུར་ཁང་ དུ་བཞག་ཡོད། དེ་ལྟར་བྱེད་དོན་ནི་རྒྱལ་བོ་འདས་རྗེས་སྟོབས་ཤུགས་རིང་དུ་གནས་བར་ཕན་ཐོག་ཡོང་ ཕྱིར་ཡིན། ད་དུང་། ཕའ་ཕེ་རོའོ་སིའི་སྟེང་ཚིག་ཚབ་རི་མོ་ལ་བྲིས་བའི་གཤིན་པོའི་འཇིག་རྟེན་གྱི་ལམ་ སྟོན་པ་མང་པོ་ད་ལྟ་དམར་གདུང་དང་མཉམ་དུ་རྙེད་ཅིང་། དུས་ཡུན་རིང་པོའི་སྔོན་རྒྱལ་བོ་ཕལ་ཆེ་བའི་དམར་གདུང་དང་དེའི་མཉམ་དུ་སྦས་བའི་ རིན་པོ་ཆེ་མང་པོ་ཞིག་ཚབས་ཆེ་བའི་རྐུན་མས་བརྐུས་བ་རེད།

འདས་དོན་ལ་ཡུན་རིང་གི་དྲན་སྐུལ་བྱེད་པོ།

ལོ་ངོ་སྟོང་ཕྲག་མང་པོའི་རིང་གསོན་པའི་ཨི་ཇད་ཕི་ ཐྲིའི་འབྱོར་ལྡན་ཤེས་རིག་དེས་བཙན་འཛུལ་བ་མང་པོ་ཞིག་གི་ཡིད་དབང་གཅིག་གྱུར་ དུ་འཕྲོག་པ་དང་། སྤྱི་ལོ་སྔོན་གྱི་ལོ་30་ཡི་ནང་ལ་ཨེ་ཇད་ཕི་ཐྲིའི་མཐའ་མའི་རྒྱལ་མོ་ཁི་ལོའོ་ཕའ་ཊི་རའ་(Queen Cleopatra) ཡིས་རོའོ་མན་(Roman)གྱི་དབང་སྒྱུར་བ་ཚོ་ལ་མགོ་བཏགས་མ་བྱས་པར་རང་སྲོག་བཅད་པ་སོགས་ནི་ལོ་ངོ་2,000 སྔོན་གྱི་གནད་དོན་ཞིག་ཡིན་ནའང་། གནའ་བའི་ཨེ་ཇད་ཕི་ཐྲི་ནི་ནམ་ཡང་བརྗེད་དུ་མི་རུང་བ་ཞིག་ཡིན། བང་སོ་མང་པོ་ཞིག་ལ་བདག་གཉེར་ཡག་པོ་བྱས་ནས་དུས་ད་ལྟའང་ཡོད་ལ། དེ་ལས་མང་ཆེ་བ་ཞིག་འགྲེམ་སྟོན་ཁང་སོ་སོར་བཞག་ཡོད། ད་དུང་། གནའ་བའི་ཨེ་ཇད་ཕི་ཐྲིའི་དུར་ཁང་མང་པོ་ཞིག་དང་རྒྱ་ཆེ་བའི་དྲན་རྟེན་གྱི་རིགས་མང་པོ་ཞིག་ད་ལྟའང་གནས་ཡོད་པ་མ་ཟད་མཇལ་ཡང་ཐུབ།

 

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430

བསྟོད།8

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. ཁྲི་ཆུ་བཟང་།
    ཁྲི་ཆུ་བཟང་།སྤེལ་དུས་ནི།  

    ཐོག་མར་ཡིག་བསྒྱུར་བ་སེང་མགུལ་སྨན་བླ་ལགས་ལ་བཀའ་དྲིན་ཆེ་ཞུ།
    ད་དུང་འདི་དང་འདི་འདྲའི་རིགས་མང་པོ་ཞིག་བསྒྱུར་ཐུབ་ཚེ་ཧ་ཅང་ལེགས།
    ཁྲི་ཆུ་བཟང་ནས།

དཔྱད་མཆན་སྤེལ།