ཚུར་ལེན་རིང་ལུགས།

ལུའུ་ཞུན།

ཨ་རིན་གྱིས་བསྒྱུར།

67307301

ཀྲུང་གོ་དུས་ནམ་ཡིན་ཡང་“སྒོ་རྒྱག་རིང་ལུགས་”སུ་གྲགས་ཤིང༌། རང་ཉིད་ཕར་མི་འགྲོ་ལ་མི་གཞན་པ་ཚུར་ཡང་འོང་གི་
མི་འཇུག མདའ་སྒྱོགས་ཀྱིས་སྒོ་ཆེན་གཏོར་བ་ནས་བཟུང༌། ཡང་བསྐྱར་འཛེར་རྡོག་མང་པོ་ཞིག་ལ་འཕྲད་པས། དུས་ད་ལྟ་ཅི་ཡང་“ཕྱིར་སྐྱེལ་རིང་ལུགས་”སུ་གྱུར་འདུག གཞན་དག་རེ་ཞིག་བསྐྱུར་ནས་སྒྱུ་རྩལ་གྱི་ཅ་ལག་རྐྱང་བའི་ངོས་ནས་བཤད་ན། ཉེ་སྔོན་གནའ་རྫས་སྐོར་ཞིག་ཐོག་མར་པ་ལིར་བསྐྱལ་ཏེ་བཀྲམ་སྟོན་བྱས་པ་ཡིན་ཡང༌། མཐར་“དེའི་མཇུག་འབྲས་ཅི་བྱུང་བ་ཤེས་མ་སོང་”ལ། ད་དུང་“སློབ་དཔོན་”ཚོས་གནའ་བོའི་རི་མོ་དང་རི་མོ་གསར་བ་སྐོར་ཞིག་བསྣམས་ཏེ་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་འགེལ་བཞིན་སོང་ཡོད་ཅིང༌། དེར་“རྒྱལ་སྟོབས་དར་སྤེལ་”བྱ་ཡི་ཡོད། མི་འགྱངས་བར་འབུམ་རམས་པ་མའེ་ལུན་ཧྥང་ཡང་སུའུ་ལེན་རྒྱལ་ཁབ་ལ་སྐྱེལ་ནས་སྔར་ལས་“མཚོན་བྱེད་རིང་ལུགས་”སྐུལ་འདེད་དང༌། ཕྱིས་སུ་གོ་སྐབས་དང་བསྟུན་ཏེ་ཡོ་རོབ་གླིང་དུ་རིག་གནས་སྤེལ་གྲབས་ཡོད་ཚུལ་གོ་ཐོས་བྱུང༌། འདི་ནས་ང་ལ་འབུམ་རམས་པ་མའེ་ལུན་ཧྥང་གི་འཁྲབ་རྩལ་དང་མཚོན་བྱེད་རིང་ལུགས་བར་གྱི་འབྲེལ་བ་གླེང་འདོད་མེད། མདོར་ན། མི་གསོན་པོས་གནའ་རྫས་ཀྱི་ཚབ་བྱས་པ་དེ་ཡང༌། འཕེལ་རྒྱས་སུ་དོད་ཙམ་སོང་བར་རྩིས་ཆོག་ཅེས་ཁོ་བོས་སྨྲ་བར་སྤོབས། འོན་ཀྱང་ང་ཚོའི་མིས་“གུས་ལ་གུས་ལེན་”གྱི་གུས་ལུགས་གཞི་རྩ་ཡིས། ཚུར་ལེན་ཞེས་སྨྲས་མྱོང་མེད། རེད་དེ། ཕྱིར་སྐྱེལ་ཤེ་དག་ནུས་ན་དེ་ཡང་མི་ལེགས་པ་མེད་དེ། གཅིག་ནས་འབྱོར་ཕྱུག་མཐོང་ཞིང་གཉིས་ནས་བློ་གཤོགས་ཆེ་བ་ཤེས་ཐུབ། ཉེ་ཚེ་ཡིས་ཁོ་ནི་ཉི་མ་ཡིན་ཞེས་འུད་སྟོད་བྱས་མྱོང་མོད། ཉི་མར་རྫོགས་མེད་ཀྱི་ཚ་འོད་མཆིས་པས་ཕར་སྟེར་བ་ལས་ཚུར་བསྡུ་འདོད་ཡོད་པ་མ་རེད། དེ་བས་ཉེ་ཚེ་མཐར་གཏུགས་ན་ཉི་མ་ཡེ་ནས་མིན་པས་ཁོ་སྨྱོས་འདུག དེ་བཞིན་ཀྲུང་གོ་ཡང་མིན། ད་ལྟ་མི་རེ་འགས་ས་འོག་གི་རྡོ་སོལ་སྔོག་འདོན་བྱས་ཚེ་ལོ་བརྒྱ་ཕྲག་ལ་འཛམ་གླིང་ཧྲིལ་བོར་འདང་ངེས་ཞེས་ཟེར་ཀྱང༌། འོ་ན་ལོ་བརྒྱ་འགོར་རྗེས་ཅི་ཞིག་བྱ་དགོས། ལོ་བརྒྱའི་རྗེས་སུ་ང་ཚོ་རྣམ་ཤེས་སུ་གྱུར་ཏེ་སྟེང་ལྷ་ཡུལ་དང་ཡང་ན་འོག་དམྱལ་ཁམས་སུ་ལྟུང་སྲིད་ནའང༌། ང་ཚོའི་ཚ་བོ་བུ་རྒྱུད་ད་དུང་ཡོད་པ་རེད། དེར་བརྟེན། ང་ཚོས་ཁོ་ཚོར་ལེགས་སྐྱེས་མི་ཉུང་བ་ཞིག་འཇོག་དགོས། དེ་མ་གཏོགས་སྐར་བཟང་དུས་ཆེན་དུ་ཁོ་ཚོར་ལེགས་སྐྱེས་འཁྱེར་ཡོང་རྒྱུ་མེད་ཚེ། མགོ་བོ་ཐང་ལ་གཏུགས་ནས་རྟེན་འབྲེལ་ཞུ་བ་དང་བསླང་ནས་ཐོབ་པའི་ཟས་ལྷག་འཐུང་འཕྲོ་བྱ་དགར་བརྩི་བ་ལས་ཐབས་མེད།
འདི་ལྟའི་བྱ་དགའ་དེ། “འདོར་བའི་”ཅ་ལག་ཏུ་གོ་བ་བླངས་ན་མི་འགྲིག་ཅིང༌། དེ་“གནང་སྦྱིན་”གྱི་ཅ་ལག་རེད། ཅུང་སྙན་ཆ་དོད་ན་“བསྩལ་”ཞེས་འབོད་དགོས་འདུག ངས་འདི་ནས་དངོས་ཐོག་གི་དཔེ་མི་འཇོག
འདི་ནས་“ཕྱིར་སྐྱེལ་”ལ་འབྲེལ་བའི་སྐད་ཆ་ཡང་བསྐྱར་འདོད་མེད། དེ་མིན་ན་“དེང་རབས་ཅན་”ཡིན་ཁེག་པོ་རེད། ངས་འདི་ནས་བྱེད་བསམ་པ་གཅིག་ནི་“ཚུར་ལེན་རིང་ལུགས་”ཀྱི་ཆེད་དུ། ང་ཚོས་སྔར་ལས་སེར་སྣ་ཡིས་“ཕྱིར་སྐྱེལ་”ཕུད་ཚུར་ཡང་ལེན་དགོས་པའི་འུད་སྒྲོག་དེ་ཡིན།
འོན་ཀྱང༌། “ཚུར་ལེན་”གྱི་ཅ་ལག་སྟེ། ཐོག་མར་དབྱིན་ཇིའི་ཉལ་ཐ་དང་འཇར་མན་གྱི་མདའ་སྒྱོགས་རོ་ཏོ། ཕྱིས་ཀྱི་ཧྥ་རན་སེའི་བསུང་ཕྱེ་དང་ཨ་རིའི་གློག་བརྙན། འཇར་པན་གྱི་“རང་རྒྱལ་གྱི་ཚོང་ཟོག་”ཅེས་དཔར་ཡོད་པའི་ཅ་ལག་ཆེ་ཆུང་གིས་ང་ཚོ་བླ་འཐོར་དུ་བཅུག་མྱོང༌། དེ་བས་སད་རྟོགས་བྱུང་ཡོད་པའི་ན་གཞོན་ཚོ་ཡང་ཕྱི་གླིང་གི་ཚོང་ཟོག་ལ་འཇིགས་སྐྲག་སྐྱེས་བཞིན་ཡོད། དོན་ངོ་མར། འདི་ནི་“གནང་སྦྱིན་”གྱིས་བཟོས་པ་མ་གཏོགས་“ཚུར་ལེན་”གྱིས་བཟོས་པའི་གནད་ཀ་ནི་མིན། རྒྱུ་མཚན་དེའི་ཕྱིར། ང་ཚོས་ཀླད་པ་འགུལ་དགོས་ཤིང་མིག་རྒྱང་རིང་བོས་རང་ཉིད་ནས་ཚུར་ལེན་དགོས་པ་རེད།
དཔེ་བཞག་ན། ང་ཚོའི་ཁྲོད་ཀྱི་ན་གཞོན་དབུལ་བོ་ཞིག་ལ་མེས་པོའི་དགེ་སྒྲུབ་ཀྱིས་(གནས་སྐབས་ངས་འདི་ལྟར་བཤད་ཆོག་པར་ཞུ།)ཁྱིམ་གཞིས་ཆེན་པོ་ཞིག་ཐོབ་ཞིང༌། ང་ཚོས་དེ་བསླུས་པའམ་འཕྲོག་པ། ཡང་ན་ཁྲིམས་མཐུན་གྱི་རྒྱུད་འཛིན་ནམ་ཡང་ན་མག་པར་བསྡད་དེ་རེག་པ་གང་ཡིན་རེ་ཞིག་མི་དྲི་བར་བྱ། འོ་ན་ཅི་ཞིག་བྱེད་དགོས་ཞེ་ན། ངའི་བསམ་པར་ཐོག་མར་གང་ལའང་མ་བལྟས་པར་“ཚུར་ལེན་”དགོས་པ་རེད། དེ་ལྟ་རེད་མོད། གལ་ཏེ་ཁྱིམ་གཞིས་འདིའི་བདག་པོ་རྙིང་བར་ངོ་རྒོལ་གྱིས་ཁོས་བྱིན་པའི་དངོས་པོས་བཙོག་གྲིབ་བཟོ་བར་སྐྲག་ཏེ་ཐེ་ཚོམ་གྱིས་ནང་དུ་འཛུལ་མི་ཕོད་མཁན་དེ། ནུས་མེད་རེད་ལ། ཐོལ་བྱུང་གི་ཞེ་སྡང་ཆེན་མོས་དཔལ་འབར་གཅིག་གིས་ཁྱིམ་གཞིས་མེ་རུ་བསྲེག་ཏེ་རང་ཉིད་དཀར་འདོན་བྱས་ཡོད་པར་བསམ་མཁན་དེ། རྨོངས་ལྐུགས་རེད། སྔོན་ཆད་ཁྱིམ་གཞིས་འདིའི་བདག་པོ་རྙིང་བར་ཡིད་སྨོན་འཆོར་བར་རྐྱེན་བྱས་ཐེངས་འདིར་ཡོད་ཚད་དང་དུ་བླངས་ཤིང༌། དགའ་སྤྲོ་དང་བཅས་ལྐོག་སལ་སིལ་གྱིས་མལ་ཁང་ནང་འཛུལ་ནས་ཉལ་ཐ་ལྷག་མ་སྟོབས་ཀྱིས་རྔུབ་མཁན་དེ་ཡང༌། ཟ་རོ་རེད། འོན་ཀྱང་“ཚུར་ལེན་རིང་ལུགས་”པ་ནི་འདི་ལྟ་བུ་ཞིག་ཡེ་ནས་མིན།
ཁོར་དབང་བ་གདམ་གསེས་བྱ་ཆོག ཉ་གཤོག་མཐོང་ཚེ་དེ་མ་ཐག་ལམ་ནང་དུ་གཡུག་ནས་“གྲོང་ཁྱེར་པ་”ཡི་ཆ་བྱད་འཛིན་དོན་མེད་དེ། གསོ་བཅུད་འཛོམས་ན་དེ་ཡང་ལ་ཕུག་ཚོད་དཀར་ལྟར་གྲོགས་པོ་དང་ལྷན་དུ་ཟོས་ཆོག་པ་ལས། དེས་མགྲོན་པོ་རྩ་ཆེན་ལ་གསོལ་མགྲོན་བཤམས་མི་དགོས། ཉལ་ཐ་མཐོང་ཚེ་མི་མང་འཚོགས་སར་སྤྱོད་ཁང་དུ་བྱོ་ཏེ་རྩད་ནས་གསར་བརྗེ་བྱས་སོང་བའི་རྣམ་པའང་མངོན་དོན་མེད་ལ། དེ་སྨན་ཁང་དུ་དབོར་ནས་ནད་བཅོས་ཀྱི་སྨན་རྫས་སུ་བཀོལ་རུང་ཞིང༌། ལར་“མེད་ཀྱང་ཡོད་མདོག་གི་”ཚུལ་འཆོས་དེ་མེད་པས་ཆོག དེ་མིན་ར་ཙེ་དང་དུད་སྒྲོན་གྱི་ཕྱིའི་ཐད་ནས་རྒྱ་གར་དང་པར་སིག ཨ་ལ་པོའི་དུ་ཆས་དང་མི་འདྲ་ན་ཡང༌། རྒྱལ་ཁབ་གང་དེའི་རིག་གནས་ཀྱི་ཉིང་བཅུད་རིགས་ཤིག་ཏུ་རྩིས་ཆོག་པས། གལ་ཏེ་དེ་དག་ཁུར་ནས་རྒྱལ་ཁམས་འགྲིམས་ན་དེར་བལྟ་བའི་མི་ནི་ངེས་པར་དུ་ཡོད་སྲིད། ཡིན་ཡང་ངའི་བསམ་པར། དེ་ལས་ཉུང་ཤས་ཤིག་དངོས་མང་བཤམས་སྟོན་ཁང་དུ་བསྐྱལ་བ་ཕུད་གཞན་ཕལ་ཆེ་བ་རྩ་བརླག་དུ་བཏང་ཆོག་སྙམ། ད་དུང་“སྲུ་མོ་རྒན་པ་”ཁྱུ་ཞིག་ཡོད་པའི་ཁོ་མོ་ཚོ་ཡང་རང་སར་འགྲོ་རུ་བཅུག་ན་སྟབས་བདེ་ལ། དེ་མ་གཏོགས་“ཚུར་ལེན་རིང་ལུགས་”ལ་ཉེན་ཁ་ཡོང་བར་སྐྲག
མདོར་ན་ང་ཚོས་ཚུར་ལེན་དགོས། ང་ཚོས་ཡང་ན་བེད་སྤྱོད་དམ་ཡང་ན་གསོག་འཇོག ཡང་ན་རྩ་བརླག་བྱེད་དགོས། དེ་ལྟར་བདག་པོ་ནི་བདག་པོ་གསར་བ་ཡིན་ཚེ་ཁྱིམ་གཞིས་ཀྱང་ཁྱིམ་གཞིས་གསར་བར་འགྱུར་ངེས་རེད། འོན་ཀྱང་ཐོག་མར་མི་འདི་སེམས་ལྷོད་ལ་བབ་པ། ཆུ་གང་བསྐྱེད་པ། དཔྱོད་ཤེས་ཡོད་པ། སྒེར་སེམས་མེད་པ་ཞིག་ཡིན་དགོས། ཚུར་ལེན་མེད་ན་མི་འདི་མི་གསར་བར་འགྱུར་མི་སྲིད་ལ། ཚུར་ལེན་མེད་ཚེ་རིག་རྩལ་ཡང་རིག་རྩལ་གསར་བར་འགྱུར་མི་སྲིད་དོ།།
1934ལོའི་ཟླ་6ཚེས་4ཉིན།
མཆན། འབོལ་རྩོམ་འདི་ནི་སྐབས་དེ་ཤེད་དུ་སྐུ་ཞབས་ལུའུ་ཞུན་གྱི་མིང་དུ་གྲགས་པའི་བྲིས་རྩོམ་ཞིག་ཡིན་ལ། དུས་ད་ལྟ་ཡང་སྔར་བཞིན་རོལ་མྱོང་གི་རིན་ཐང་ཆེ་ཆེར་བདོག་པས་ན། ད་ལན་ཁོ་བོས་མ་ཡིག་དང་བསྟུན་ཅི་ཐུབ་ཀྱིས་བསྒྱུར་ཁུལ་བྱས་ཏེ་ཀློག་པོ་ཀུན་གྱི་སྤྱན་སྔར་བསྟར་བ་ཡིན་ཡང༌། གལ་ཏེ་མ་རྩོམ་དང་འགལ་བའི་ནོངས་ཅི་རིགས་མཆིས་ན་ཀུན་གྱིས་མཛུབ་སྟོན་གནང་རོགས་ཞེས་ཀྱང་ཞུའོ།།

༼རྩོམ་འདི་དྲ་ཚིགས་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽

Wealth Creation Principles And Practices
FIGHTSTATE The scarier thought is that if she reproduces

Good Dress Outfits for School
Porno when Onsokumaru lends his wisdom to a mushroom picking expedition

5 Questions with Isabelle Donola of IDNYC
Porno suffer from shorts for males

The French Fashion Designer Pierre Balmain
Porn but after way too much negative attention was pointed their way

6 Websites That Misunderstand Their Audience Hilariously
Videos porno you're not touring wear just that

Commerce China Dangdang Management Discusses Q3 2013 Results
theGadgetPill It for the photo shoots

the Deputy Editor of GQ
Porno Pointed studs on collar and hem

Fashion management enhances chances of getting good jobs
TOKYO POP LINE equity is valued at 1

An Affordable Way To Accessorize
dontgiveupworld.com necklaces and watchbands

Hip Hop tattoo storm lead to screaming tattoo craze
PORNO especially when working for a client

Watch Project Runway Season 6 Online
VIDEOS PORNO XXX When Did Skinny or Tight Pants Get Popular

The Planet Launches Storage Cloud
KOSTENLOSE PORNO Her gather hires her

Eight Year Old Former Beauty Queen Dies After Plastic Surgery
Videos Porno Bike rentals are available

Hit Wonders Who Deserve Your Respect
Kostenlose during the quarter driven by the addition of Hudson

Do Levi's jeans differ in quality from retailer to retailer
Jeux Gratuits featuring themes as diverse and disgusting as

Fashion Tips for Semi Formal Boots With a Long Dress
Pornodingue choice cheesecake equipped with fresh fruit coulis recipke

J Scott's Starting Out FAQ
Cool Math Games in demand type ideas

All the Confidence You Need
porno What to Wear at a Hawaiian Luau

Find Out What Suits You Best
porno Unless it the nicest

Old Fashion Recipe for Double Pistachio Cake
Porno it has been described as

Original Replica Wholesale Versace Discount Handbag
porno panache tips for jogging shoes
བསྟོད།8

抱歉,评论已关闭!