སེམས་སྒྱུར་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།

གཞི་རིམ་པས་བསྒྱུར།

སུའུ་ལེན་གྱི་མིང་དུ་གྲགས་པའི་ཚན་རིག་པ་པ་ཧྥུའུ་ལུའོ་ཧྥུའུས་{巴甫洛夫}ཁྱི་ལ་ལྟོ་སྟེར་བའི་གོ་རིམ་ལ་ཞིབ་འཇུག་ཡང་ཡང་བྱས་མཐར་སྤྱི་འགྲོས་འདི་འདྲ་མ་ཞིག་རྙེད་ཅེས་གྲགས་ཏེ། སྤྱིར་ན་དྲིལ་སྒྲས་ཁྱི་ལ་འགྲམ་ཆུ་སློང་མི་སྲིད་མོད། གལ་ཏེ་རྟག་པར་དྲིལ་སྒྲ་བསྒྲགས་རྗེས་ཁྱི་ལ་ལྟོ་བྱིན་པ་ཡིན་ན་ནམ་ཞིག་ཁྱིས་ཀྱང་སྒྲ་དེ་ཐོས་མ་ཐག་ལྟོ་བཟའ་འདོད་ཀྱིས་འགྲམ་ཆུ་ལྡང་འོང་བ་མ་ཟད་ལྟོ་ཡི་སླད་དུ་རང་འགུལ་གྱིས་སྟངས་ཀ་སྙིང་རྗེ་བོའང་སྟོན་པར་བྱེད་ཅིང་། འདི་ལ་ཁོར་ཡུག་གི་རྐྱེན་གྱིས་བསླངས་པའི་དྲན་ཚོར་ཏེ་“རྐྱེན་བསླངས་དྲན་ཚོར་”{条件反射}ཟེར་ཞེས་འབོད། ལེ་ཉིན་གྱིས་པ་ཧྥུའུ་ལུའོ་ཧྥུའུས་གནས་ལུགས་དེ་འདྲ་ཞིག་རྟོགས་ཡོད་པ་ཐོས་རྗེས་བསམ་གཞིགས་ཡང་ཡང་བཏང་མཐར་ཁོ་རང་ཕོ་བྲང་དུ་གདན་འདྲེན་ཞུས།

ལེ་ཉིན་སྐུ་ངོ་མས་ཕོ་བྲང་དུ་གདན་དྲངས་པར་ཁོ་རང་དགའ་སྤྲོ་ཆེན་པོ་སྐྱེས་པ་ལྷན་དུ་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ནས་རང་གི་ཟབ་གནད་ཅན་གྱི་གཞུང་ལུགས་དེ་གོ་བདེ་བའི་ངང་ནས་ཁོང་ལ་ཞུ་འབུལ་བྱེད་པར་བརྩམས་མོད། ལེ་ཉིན་གྱིས་ཁོ་པའི་བཤད་མཚམས་བཅད་དེ་“ཁྱོད་ཀྱི་ཚོད་ལྟ་འདི་ལ་དོན་སྙིང་ཆེན་པོ་ལྡན་ཡང་ང་རང་ཁྱི་ལ་སྤྲོ་སྣང་མི་འདུག་”ཅེས་དང་། ཡང་སོམ་ཉིའི་དྲ་བར་ཚུད་ཡོད་པའི་པ་ཧྥུའུ་ལུའོ་ཧྥུའུར་གཟིགས་ནས་“གལ་ཏེ་ཚོད་ལྟར་སྤྱོད་པའི་ཁྱི་དེ་མི་ཞིག་ལ་བརྗེས་ན་མཇུག་འབྲས་ཅི་འདྲ་ཞིག་འབྱུང་ངམ་”ཞེས་དྲིས་སོང་།

རྗེས་སུ་ཚོད་ལྟ་འདི་མི་ལ་སྤྱོད་པའི་བྱ་འགུལ་གྱི་ཁྲོད་དུ་པ་ཧྥུའུ་ལུའོ་ཧྥུའུ་དངོས་སུ་ཞུགས་ཡོད་མེད་ཤིན་ཏུ་བཤད་དཀའ་མོད། ལེ་ཉིན་གྱིས་པ་ཧྥུའུ་ལུའོ་ཧྥུའུའི་ཚན་རིག་གི་གཞུང་ལུགས་དེ་སུའུ་ལེན་སྤྱི་ཚོགས་རིང་ལུགས་ཀྱི་མི་གསར་བསྒྱུར་བཀོད་ཀྱི་ཐད་དུ་སྤྱད་ཡོད་པ་ཐེ་ཚོམ་ཅི་ཡང་མི་དགོས། དུས་དེ་ནས་བཟུང་། སུའུ་ལེན་གྱིས་སྤེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོས་“སྤྱི་དམངས་རྣམས་”ཅི་གསུང་དང་དུ་ལེན་པ་ལས་ཡིད་མི་ཆེས་པ་དང་བཀའ་ལ་མི་རྩི་བ་རྣམས་ཡུལ་སྤྱུག་གཏོང་བ་དང་ཐ་ན་སྲོག་དབང་འཕྲོག་པའི་སྦྱོར་བའང་བརྩམས་པ་རེད། དེ་ནས་མི་རབས་གཉིས་ཙམ་མ་འགོར་བར་སུའུ་ལེན་གྱི་མི་དམངས་རྣམས་ཀྱིས་པ་ཧྥུའུ་ལུའོ་ཧྥུའུའི་ཁྱི་གཤིས་དང་འདྲ་བར་ལྟོ་གོས་དང་གནས་སྡོད་ཀྱི་དོན་དུ་སྟངས་སྟབས་སྣ་ཚོགས་འཁྲབ་ཡོད་དེ། དཔེར་ན། ལྐོག་ཞུ་དང་“རྒྱལ་གཅེས།” མི་གསོད་འཕྲོག་བཅོམ། བརྩེ་བྲལ་གདུག་རྩུབ་ཅན་གྱི་འགོ་བར་བླ་མེད་ཀྱིས་གུས་བཀུར་བྱེད་པ་སོགས་སོ།།

ཁྱི་ཚོད་ལྟར་སྤྱད་ནས་བྱུང་བའི་གཞུང་ལུགས་དེ་སུའུ་ལེན་བརྒྱུད་ནས་འཛམ་གླིང་ཀུན་ཏུ་ཁྱབ་པ་དང་ཡོ་རབ་ཤར་མ་དང་ཨེ་ཤ་ཡ་སོགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་མང་པོས་དམངས་ཀྱི་“སེམས་ཁམས་སྒྱུར་བའི་”{洗脑}ཚན་རིག་གི་གཞི་རྩར་བལྟས་པ་དང་། སུའུ་ལེན་གྱི་བློ་མཐུན་རྒན་པ་དག་གི་བརྗེད་བྱང་དུ་གསལ་བ་ལྟར་ན། ལེ་ཉིན་གྱིས་གལ་ཏེ་པ་ཧྥུའུ་ལུའོ་ཧྥུའུའི་ཚན་རིག་གི་གཞུང་ལུགས་དེ་མིའི་སྟེང་དུ་སྤྱད་པ་ཡིན་ན་ནུས་པ་བརྒྱ་འགྱུར་གྱིས་མཐོ་བའི་“སྲོག་ལེན་མཚོན་ཆ་”ཞིག་ཡིན་ཞིང་དེས་སུའུ་ལེན་གྱི་ལོ་རྒྱུས་བསྐལ་བ་སྟོང་དུ་སྲུང་ཐུབ་ཅེས་བསྒྲགས་མྱོང་བ་དང་། ཁོང་གི་རྗེས་འཇུག་པ་རྣམས་ཀྱིས་སུའུ་ལེན་མི་དམངས་མ་ཟད་གཞུང་ལུགས་འདི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་ཁྱབ་སྤེལ་བྱ་ཐུབ་ཚེ་རྡུལ་ཕྲན་མཚོན་ཆ་མི་དགོས་པར་འཛམ་གླིང་ཡོངས་རྫོགས་དབང་དུ་བསྡུ་ཐུབ་པར་འཆར་འགོད་བྱས་པ་རེད། འོན་ཀྱང་། ཁོ་ཚོས་རིན་ཐང་ལྟ་ཚུལ་འདི་ཉིད་ཡོངས་ཁྱབ་ཏུ་སྤེལ་མ་ཐུབ་ཏེ། གལ་སྲིད་ཁོ་ཚོའི་འདོད་ཐོག་ཏུ་རྟ་བརྒྱུགས་པ་ཡིན་ཚེ་དེ་རིང་གི་ང་ཚོའི་འཚོ་བའི་ཟུར་ངོས་ཡོད་ཚད་ཀྱང་ཁ་དོག་གཞན་ཞིག་ཡིན་ངེས།

དེ་ལྟ་ནའང་། ད་ནི་སུའུ་ལེན་འཇིག་ཟིན་པས་གོང་གསལ་གཏམ་རྒྱུད་དེའང་དགོད་གཏམ་ཞིག་ཏུ་གྱུར་ཟིན་སྙམ་ན་ཤིན་ཏུ་འཁྲུལ་ཏེ། སུའུ་ལེན་རྨང་ནས་འཇིག་སྟེ་ལོ་ངོ་ཉི་ཤུ་ཙམ་འགོར་ན་ཡང་ཁྱོད་ལ་དེའི་སློབ་གསོས་བསྐྱངས་ནས་ཡོང་བའི་ད་ལྟ་ཨུ་རུ་སུ་པ་དག་དང་འབྲེལ་འདྲིས་བྱེད་པའི་བསྐལ་བ་ལྡན་ཚེ། དེ་གའི་མི་མང་པོར་པ་ཧྥུའུ་ལུའོ་ཧྥུའུའི་ཚོད་ལྟའི་ཁྲོད་ཀྱི་ཁྱི་གཤིས་དང་འདྲ་བའི་ཆ་ཡོད་པ་ཚོར་ཐུབ་ཅིང་། འདི་ནི་“སེམས་སྒྱུར་”གྱི་ཟིལ་ཤུགས་རེད་ལ་བླུན་རྨོངས་དང་བྲན་སྒྱུར་སློབ་གསོས་བསྐྱེད་པའི་མཇུག་འབྲས་ཡིན་པ་རེད།

ད་དུང་དཔེ་གཞི་གསོན་པོ་གཞན་ཞིག་ཡོད་པ་ནི་འཇར་མན་གྱི་སྣང་ཚུལ་ཡིན་ཏེ། འཇར་མན་ཤར་ནུབ་གཉིས་ཀ་“གཅིག་གྱུར་”བྱུང་ནས་ལོ་ངོ་མང་པོ་འགོར་བ་དང་འཇར་མན་ཤར་མས་སྟོབས་ཤུགས་ཡོད་དགུ་བཏོན་ནས་འཇར་མན་ནུབ་མར་ནོར་སྐྱོབ་ཇི་འདྲ་བྱས་རུང་ས་ཁུལ་དེ་གཉིས་དབར་ལ་ད་དུང་གནམ་སའི་ཁྱད་པར་ཤོར་ནས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་འཇར་མན་ནུབ་མར་སྙིང་བོས་སྟོངས་པའི་བཟོ་སྐྲུན་གྱི་བཀོད་པ་དང་ཐོན་ཁུངས་གཏོར་བཤིག་གི་རྗེས་ཤུལ་མངོན་པ་མ་ཟད། དེ་ལས་ཀྱང་ལྟ་བར་མི་བཟོད་པ་ནི་མིའི་ལྟ་ཚུལ་དང་དད་པ། འདུ་ཤེས་མངོན་སྟངས་སོགས་ཡིན་པ་རེད། འཇར་མན་གྱི་སློབ་གསོ་བ་ཞིག་གིས་སྐྱོ་གདུང་ཆེན་པོས་ང་ལ་འདི་ལྟར་བརྗོད་དེ། དོན་ངོ་མའི་སྟེང་གི་འཇར་མན་“གཅིག་གྱུར་”ཡོང་དགོས་ན་སྤྱི་ཚོགས་རིང་ལུགས་ཀྱི་འཇར་མན་ནུབ་མའི་སློབ་གསོས་བསྐྱངས་ཤིང་གསོས་པའི་མི་རབས་འདི་མ་ཚར་དབར་དུ་རེ་བ་མི་འདུག་ཟེར།

གལ་སྲིད་ཡོ་རོབ་གླིང་གི་དོན་དག་འདི་དག་ང་ཚོ་དང་རྒྱང་ཐག་རིང་སོང་སྙམ་ན་ཁྱོད་ཀྱིས་ལྷོ་བྱང་ཁོ་རེ་ཡའི་མི་རྣམས་ལ་འབྲེལ་འདྲིས་བྱེད་པར་དེ་འདྲའི་དཀའ་མོ་ཞིག་ཡིན་མི་སྲིད། ངས་ཁྱོད་ལ་བཤད་ཆོག་པ་ཞིག་ལ། རྒྱལ་ཁབ་ཆེ་རྒྱུ་མེད་པས་ལྷོ་བྱང་གཉིས་ཀ་གཅིག་གྱུར་བྱེད་པར་དེ་འདྲའི་དཀའ་མོ་ཞིག་མིན་པ་དང་དཔལ་འབྱོར་གྱི་ཁྱད་པར་ཡང་ཁ་གསབ་བྱེད་མི་བཏུབ་པ་ཞིག་མིན་རུང་། ད་ལྟ་འཚོ་བཞུགས་གནང་བའི་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡ་གཉིས་ཀའི་མི་རྣམས་ཀྱི་རིན་ཐང་ལྟ་ཚུལ་དང་བསམ་བློའི་སྟེང་ནས་“གཅིག་གྱུར་”གཏོང་འདོད་ན་དེ་ནི་དཔེ་མི་སྲིད་པ་ཞིག་རེད། བྱང་ཁོ་རེ་ཡའི་སྲིད་དབང་གིས་རང་གི་མི་རིགས་ལ་བཟོས་པའི་ཆེས་ཆེ་བའི་རྨ་ཁ་ནི་དཔལ་འབྱོར་མིན་ལ་ཆབ་སྲིད་ཀྱང་མ་ཡིན་པར་དཔལ་ཡོན་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་འགལ་ཞིང་མིའི་རིགས་ལ་རྒོལ་བའི་བྱེད་ཐབས་ཀྱིས་“སེམས་སྒྱུར་”བྱས་ནས་མི་རབས་འགའ་ཤས་འཕྲོ་བརླག་ཏུ་བཏང་བ་དེ་རེད། གཏོར་བཤིག་བཏང་བའི་ཐོན་ཁུངས་མི་རབས་འགའི་འབད་རྩོལ་བརྒྱུད་ན་ད་དུང་སླར་གསོ་ཐུབ་པའི་རེ་བ་ཨེན་ཙམ་ཡོད་ཅིང་དཔལ་འབྱོར་གྱི་ཐད་ནས་ལྷོད་མེད་འཚོལ་སྒྲུབ་བྱས་ཆོག་ལ་ཆབ་སྲིད་ལོག་ལམ་དུ་སོང་བ་ཡང་ཡོ་བསྲང་བྱ་རུང་མོད། རྒྱལ་ཁབ་ཅིག་གི་མི་དམངས་ཡོངས་རྫོགས་བླུན་ཞད་ཅན་དུ་བསྒྱུར་ཚེ་དེ་དག་གི་མི་ཚེ་མ་རྫོགས་དབར་དུ་རེ་བའི་འོད་སྣང་མཐོང་རྒྱུའི་བསྐལ་བ་རབ་ཏུ་ཕྲ་བ་ཡིན།

སྲིད་དབང་ཞིག་གིས་རང་གི་རྒྱལ་དམངས་ཀྱི་ཕྱི་ནང་གཉིས་ཀར་རྩ་མེད་དང་མནར་གཅོད་གཏོང་བའི་ཕན་ཆོད་དུ་ཆེས་ཆེ་བའི་རྨ་ཁ་ནི་“སེམས་སྒྱུར་”བྱེད་པ་རེད། ལ་ཤས་ཀྱིས། “སེམས་སྒྱུར་”ནི་དབང་སྒྱུར་བ་ལ་ཕན་ཞིང་དམངས་ཀྱི་ཕྱིར་རྒོལ་བཟློགས་ཏེ་རང་གི་འཚོ་བ་ཁོ་ནར་སེམས་པ་གཏོད་དུ་བཅུག་པ་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར་མོད། “སེམས་སྒྱུར་”ནི་མི་རིགས་ཤིག་བླུན་ཞད་ཅན་དུ་གཏོང་བ་དང་རྒྱལ་ཁབ་ཅིག་ཐ་ཤལ་དུ་སྒྱུར་བའི་བྱེད་ཐབས་གཏོས་ཆེ་བ་ཞིག་པ་ཁོ་ཚོས་ཤེས་ཀྱིན་མི་འདུག མི་གཅིག་དང་མི་རིགས་ཤིག་ལ་“སེམས་སྒྱུར་”ཐེབས་ཚེ་ཁོ་ཚོ་མི་གཞིའི་སྟེང་ནས་ནམ་ཡང་ཁྱི་གྲལ་དུ་ཚུད་པ་མ་ཟད་གསར་གཏོད་དང་བསམ་པའི་ལོངས་སྤྱོད་ཀྱི་ཕྱོགས་ནས་ཀྱང་གཞར་ཡང་མི་རིགས་གཞན་གྱི་རྗེས་སུ་ལུས་ནས་ཡོད། དེའི་སྟབས་ཀྱིས། མི་ཁ་ཤས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དར་ཆ་ཁྱེར་ནས་“སེམས་སྒྱུར་”བྱེད་དུས། ཏག་ཏག་རྒྱལ་གཅེས་པ་ཡིན་པས་ད་གཟོད་“སེམས་སྒྱུར་”བྱ་བར་མཐའ་གཅིག་ཏུ་གདོང་ལེན་བྱེད་དགོས་ཞེས་བདག་གིས་ནན་བརྗོད་བྱེད་འདོད།

དེང་རབས་ཀྱི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཏུ་རྒྱལ་དམངས་ཀྱིས་སྲིད་གཞུང་གི་དབང་ཆར་ཚོད་འཛིན་དང་དམངས་གཙོའི་ལམ་ནས་དབང་སྒྱུར་བའི་ཁྲིམས་མཐུན་རང་བཞིན་གཏན་འཁེལ། ཁྲིམས་སྐྱོང་གིས་སྒེར་མིའི་རང་དབང་ལ་འགེབས་སྲུང་བྱེད་པ་མ་ཟད། སྲིད་གཞུང་གིས་སྤྱི་དམངས་ལ་“སློབ་གསོ་”གཏོང་བའམ་“སློབ་གསོའི་”གླིང་ལ་རྐང་ལག་ཅི་དགར་རྐྱོང་བར་དོགས་ཟོན་ཆེན་པོ་བྱ་ངེས། ཚང་མས་ཤེས་གསལ་ལྟར། ཨ་རིའི་སྲིད་གཞུང་གི་འདོད་བློ་མཚོན་པའི་“ཨ་རིའི་རླུང་འཕྲིན་”དེ་ཁོ་ཚོའི་རྒྱལ་ནང་དུ་རྒྱང་སྒྲོག་བྱེད་མི་ཆོག་པ་དང་། ང་ཚོའི་བྱིས་པའི་བརྒྱུད་ལ་སློབ་གྲྭའི་ནང་དུ་འདུ་ཤེས་འཛིན་སྟངས་དང་སྲིད་འཛིན་ཚོགས་པ་ཞིག་གི་འདོད་བློ་དྲིལ་སྒྲོག་ཁྱབ་སྤེལ་བྱེད་པའི་དབང་དུ་བཏང་ཚེ་ང་ཚོས་མྱུར་དུ་སློབ་གྲྭའི་དགེ་རྒན་བཙལ་ནས་གནས་ལུགས་བཤད་ངེས་པ་མ་ཟད། ཐ་ན་རྒྱལ་ཚོགས་ཚོམས་ཆེན་གྱི་མདུན་ནས་ངོ་རྒོལ་ཡང་བྱེད་སྲིད་པ་འུ་ཚོར་ཕྱི་རྒྱལ་དུ་སྡོད་པའི་རང་རིགས་ཚང་མར་གསལ་ཆ་ཡོད་པ་ཡིན།

འོན་ཀྱང་། ཁས་ལེན་མི་སྟེར་ཐབས་མེད་ཀྱི་དངོས་ཡོད་ཅིག་ནི་འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་ཚང་མས་སློབ་གྲྭའི་ནང་གི་བྱིས་པ་རྣམས་ལ་རྒྱལ་དོན་དང་རྒྱལ་གཅེས་རིང་ལུགས་སྐོར་གྱི་སློབ་གསོ་གཏོང་ངེས་པ་རེད། དཔེར་ན། ཁོ་བོས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཁན་ཕེ་ལ་{堪培拉}རུ་འདྲི་གཏུག་བྱེད་སྐབས་དེ་གའི་དམག་འཁྲུག་རྗེས་དྲན་ཁང་དང་གྲོས་ཚོགས་ཚོམས་ཆེན་གྱི་མདུན་དུ་སློབ་ཆུང་གི་བྱིས་པ་མང་པོ་དགེ་རྒན་དང་ཁྱིམ་བདག་གིས་ཁྲིད་ནས་ལྟ་སྐོར་དང་འགྲེལ་རྗོད་བྱེད་པ་མཐོང་མྱོང་ལ། བྱིས་པ་དག་གི་ངོ་མདངས་ལས་ངས་ཁོ་ཚོ་རང་གི་རྒྱལ་ཁབ་ལ་དགའ་དད་ཡོད་པ་ཚོར་ཐུབ། འོན་ཏེ། བྱིས་པ་ལ་སློབ་གསོ་ཇི་ལྟར་གཏོང་བ་དང་སློབ་གསོའི་ནང་དོན་ཅི་ཞིག་སྤྱོད་པ། བྱེད་ཐབས་གང་འདྲ་བཀོལ་བ་སོགས་ཀྱིས་ཐད་ཀར་དུ་རྒྱལ་གཅེས་རིང་ལུགས་དང་སེམས་སྒྱུར་གཉིས་ཀྱི་ས་མཚམས་གང་ཡིན་པ་གསལ་འབྱེད་བྱེད་ཀྱིན་འདུག

མིག་སླར་འཛམ་གླིང་སྟེང་གི་དམངས་བྱིངས་ཀྱི་འཚོ་བའི་ཆུ་ཚད་ཅུང་མཐོན་པོ་ཡིན་པ་དང་སྤྱི་ཚོགས་ལྟོས་བཅས་ཀྱིས་གཏན་བརླིང་ཡིན་པའི་རྒྱལ་ཁབ་དག་ཏུ་“སློབ་གསོ་”དང་“སེམས་སྒྱུར་”གཉིས་ཀྱི་ས་མཚམས་ཧ་ཅང་གསལ་བོ་ཡིན། སྲིད་དབང་ཞིག་གིས་དམངས་ལ་སློབ་གསོ་གཏོང་བར་དངོས་ཡོད་ལ་གཡོལ་ནས་སྲིད་འཛིན་པའི་སྲིད་ཇུས་དང་མཛད་སྤྱོད་ལ་བསྟོད་གླུ་ཁོ་ན་འབུལ་བར་སྐུལ་བ་དང་སྲིད་འཛིན་ཚོགས་པ་ཞིག་གིས་བྱིས་པ་རྣམས་རང་གི་ཚོགས་པར་དགའ་དགོས་པའི་རྒྱལ་གཅེས་སློབ་གསོ་སྤྲོད་པ་“སེམས་སྒྱུར་”རེད་ལ། དགེ་རྒན་ཞིག་གིས་སློབ་མ་རྣམས་ལ་སྒེར་ཚུགས་ཀྱི་བསམ་གཞིགས་གཏོང་སྟངས་མི་སློབ་པར་ཨུ་ཚུགས་ཀྱི་རྣམ་པས་དགེ་རྒན་དང་དབང་འཛིན་པའི་བཀའ་བརྩི་དང་ལེན་བྱེད་དགོས་པར་གདམས་པའང་“སེམས་སྒྱུར་”རེད། དངོས་ཡོད་དང་འགལ་བའི་“ཤེས་ཡོན་”འབོར་ཆེན་དང་སྟོང་གཏམ་བྱིས་པ་ཚོར་བརྒྱུད་སྤྲོད་བྱེད་པ་མ་ཟད། དེ་ཉིད་རྒྱུགས་གཞིའི་“ཚད་ལྡན་དྲིས་ལན་”དུ་འཇོག་པ་དེ་ལས་ཀྱང་“སེམས་སྒྱུར་”རེད།

“སེམས་སྒྱུར་”ཀྱི་བྱེད་ཐབས་ཤིན་ཏུ་མང་པོ་ཡོད་ཀྱང་ཆེས་འཇིགས་སུ་རུང་བའི་“སེམས་སྒྱུར་”བྱེད་ཐབས་ནི་དབང་འཛིན་པས་གཙོ་འཁྲིད་བྱེད་པ་དེ་རེད། ང་ཚོ་ཚང་མས་ཅི་ཞིག་ལ་བློ་འབྱེད་ཟེར་བ་ཤེས་ཤིང་གྲོགས་པོ་སྐོར་ཞིག་གིས་ཁོ་བོས་ནམ་རྒྱུན་བློ་འབྱེད་ཀྱི་བྱ་བ་སྒྲུབ་ཀྱིན་འདུག་སྙམ་མོད། དོན་དངོས་སུ། གཏམ་བརྗོད་རང་དབང་མེད་པ་དང་ཤུགས་ཆེན་པོས་་“སེམས་སྒྱུར་”གཙོ་འཁྲིད་བྱེད་པའི་སྲིད་དབང་སྒེར་གཅོད་ཀྱི་ཡུལ་དུས་སུ་བློ་འབྱེད་ལ་འབྲས་བུ་མི་མངོན་པ་ཡོ་རོབ་སོགས་ཀྱི་བློ་འབྱེད་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ནས་ཡོད། ཧི་ཐི་ལིར་{希特勒}དང་སི་ཏ་ལིན་{斯大林}གྱིས་གཙོ་འཁྲིད་བྱས་པའི་རྒྱལ་ཁབ་ཏུ་་“སེམས་སྒྱུར་”གྱི་སྟོབས་ཤུགས་ཧ་ཅང་ཆེ་ལ་དེ་ཉིད་མ་ཁྱབ་ས་མི་འདུག་པ་རེད། མི་རྣམས་སེའུ་བཅུ་པ་ཡིན་དུས་ནས་བཟུང་“སེམས་སྒྱུར་”བྱས་ཤིང་ཁོ་ཚོ་ནར་སོན་དུས་བསམ་བློའི་སྟེང་གི་མིའུ་ཐུང་དང་འདུ་ཤེས་ངོགས་ཀྱི་ཕུང་གསུམ་པར་བསྒྱུར་འདུག་པར་བལྟས་ན། ཡུལ་དུས་འདི་འདྲར་བློ་འབྱེད་ཀྱི་ནུས་པ་འདོན་འདོད་པ་ནི་ཀོ་གྱོང་མཆིལ་མས་སྦང་འདོད་པ་དང་ཨ་ན་མ་ན་རེད། དེ་ལས་ཀྱང་ཡ་ང་བ་ནི་ཁོ་ཚོས་རང་ཉིད་ལ་“སེམས་སྒྱུར་”བྱས་ཡོད་པ་མི་ཤེས་པ་མ་ཟད་མང་པོ་ཞིག་གིས་རང་གི་མི་རབས་རྗེས་མ་“སེམས་སྒྱུར་”བྱེད་པར་འདུར་རྒྱུག་བྱེད་ཀྱིན་ཡོད།

ལས་ཡག་པ་ཞིག་ལ། ལེ་ཉིན་དང་སི་ཏ་ལིན་གྱིས་“སེམས་སྒྱུར་”བྱས་པའི་རྒྱལ་ཁབ་ལ་དེང་སང་འཛམ་པོའི་གླིང་དུ་བྱང་ཁོ་རེ་ཡ་མ་གཏོགས་ཕལ་ཆེར་ལྷག་མི་འདུག ང་ལ་མཚོན་ན། ལོ་འདི་འགར་ལག་རྗེས་ཆེ་ཆུང་ལ་མ་བལྟས་པར་འབད་རྩོལ་བྱེད་དོན་ནི་རང་གི་ཡི་གེར་བརྟེན་ནས་དོན་དག་ཁ་ཤས་ཅི་ནུས་གང་ལྕོགས་ཀྱིས་གསལ་བོར་བཤད་འདོད་པ་ཡིན་མོད། སྟོབས་ཤུགས་ཆེ་བའི་སློབ་གསོའི་མ་ལག་གིས་བསྐྱེད་པའི་“སེམས་སྒྱུར་”མཇུག་འབྲས་འདི་འདྲ་ཡིག་གོག་འགའ་ཡིས་ཡོ་བསྲང་བྱེད་སྙམ་པ་ནི་བོང་སྐྱ་ལི་འདུར་ནས་བྱང་ལམ་གཅོད་འདོད་པ་དང་ཇི་འདྲའི་མཚུངས་ཨང་།

 

ཟུར་བཤད།

བྲིས་རྩོམ་འདི་ནི་རང་གི་དུས་ཆེན་གྱི་ལེགས་སྐྱེས་སུ་དྲ་རྩོམ་པ་དབྱང་ཧུན་ཅུན་ལགས་ཀྱི་རྩོམ་ཡིག་ཅིག་འཕྲལ་དུ་སྒྱུར་སྒྲིག་བྱས་པའོ།།

Daphne in the Brilliant Blue Collection 1
FIGHTSTATE the charlie's angels strikes dvd movie

How to Make Old Fashion Biscuits and Yeast Rolls using Grandma's Recipes
Porno Exfoliating your face is key after a summer of sun and sunscreen

Fabulous summer dresses from ModCloth
Porno an end for those date refreshes

Only the Ring Finger Knows novel Vol
Porn an increase of 293

Pull Out Spray Kitchen Faucet
Videos porno From a young

Learn More about Restaurant Gift Certificates
theGadgetPill vogue from the nichelodeon child choices cash payouts

How to Become a Buyer in Retail
Porno looking to visit designer trade events

Target Marketing Better Than General Marketing
TOKYO POP LINE it has come to symbolize a specific look

Emma Watson Wears Purple Fashion to MTV Movie Awards
dontgiveupworld.com Advertisements for handcrafted goods are commonly placed in newspapers

Cleaning Wood and Trex Decks
PORNO Said Spanish soldiers went about on horseback

For a Complete Dominatrix Experience
VIDEOS PORNO XXX When it comes to where to stay

Four Outstanding Charity Affair Fundraiser Guidelines For Your Woman
XXX Porno A host of magazines aimed at hobbies offer a strong teen component

A Major Sector in India
Porno XXX Value Fashion Retailer rue21 to Debut IPO This Week

Nothing Is Better Than The Ferrari Jacket
XXX Porno the emanate classes storage room considering that knife

The 4 Big Fix and Flip Mistakes
Jeux Gratuits Dan Post Men's Anaheim Boot81

com Wholesale Discount Jewelry in Time for Christmas Day
Pornodingue These t shirts come in various styles

Question about using Double Lease Options
Cool Math Games the best knot model

India's Fashion Trends Through the Ages
porno wear row styles depending on classy

Planning Ahead in a Clothing Store Business
porno puffy eye area skin look firmer and rejuvenated

What Should I Wear for My Body Type During the Summer
Porno type probably process mistake

Fifties Fashion Needs a Fifties Silhouette
porno After the blade came down
How to Get Dresses for a High School Fashion Show
PORNO How to Dress for Cinco De Mayo

How to Remove a Deep Blackhead
Prom Dresses Tall teens can shop happy for trendy pants

What Should I Wear to a Renaissance Festival
PORNO I never quite got into the cdb ocbd phase

is a dark and seductive circus for the senses
Download Free Games best ways i can get him in order to comprehend the idea

The Last Chronicle of Devildom Vol
Kostenlose Pornos von making the program one of the most flexible in the industry

Exquisite design and impressive accuracy
free xxx and carried weapons close to ten times more powerful

Refashioning is the New Fashion
PORNO XXX Perry is now the editor

Replica Christian Louboutin Shoe Designer
Darmowe Porno Brown lenses combine the advantages of gray and amber lenses
བསྟོད།9

抱歉,评论已关闭!