ཁཱ་པོའུ་འར་○1གྱི་མི།

གཙང་ཨ་ཚེས་བསྒྱུར།

རྩོམ་པ་པོ། ཐེ་ཀོར།

ལོ་ན་ལྔར་སོན་པའི་ངའི་བུ་མོ་མེའུ་ནཱ་ཉིན་རྒྱུན་རྡབ་རྡིབ་གྱིས་ཁ་མི་ཁོམ་པར་ཅི་ཞིག་བཤད་ཀྱིན་འདུག མོ་སྐྱེས་པ་བཟུང་ལོ་གཅིག་གི་དུས་ཚོད་བེད་སྤྱད་དེ་སྐད་ཆ་བཤད་ཤེས་པར་གྱུར། དེ་ནས་བཟུང་གཉིད་ལོག་པའི་སྐབས་སུ་མ་གཏོགས་ཁོ་མོ་ཁ་རོག་གེར་སྐར་ཆ་གཅིག་ལའང་འདུག་མ་མྱོང་། ཁོ་མོའི་ཨ་མས་ཁོ་མོར་ཅི་ལྟར་བཤད་ཀྱང་ཚིག་གཅིག་བཤད་པར་ཡང་ཇེ་ཉུང་དུ་གཏོང་མ་ཐུབ། འོན་ཀྱང་།ང་དེ་ལྟར་མིན།དཔེར་ན་མེའུ་ནཱ་སུན་སྣང་གིས་སྐད་ཆ་མི་བཤད་པར་དུས་ཚོད་ཡུན་ཙམ་སོང་ན་ངས་མི་བཟོད་པར་མེའུ་ནཱ་ལ་ཁ་བརྡ་གང་མང་བྱས་པ་ཡིན་ལ་ཁོ་མོ་སྤྲོ་སྣང་ལྡན་ཞིང་ འཛུམ་མདངས་རྒྱས་པར་འགྱུར།

ཉིན་ཞིག་གི་ཞོགས་པར། ངས་སྒྲུང་རྩོམ་ཞིག་གི་ལེའུ་བཅུ་བདུན་པ་འབྲི་བཞིན་པའི་སྐབས་སུ་མེའུ་ནཱ་སླེབས་བྱུང་།“ཨ་ཕ། “སྒོ་སྲུང་བ་ལོ་མོ་ཏོ་ཡ་འར་གྱིས་“སྐྱ་ཀའི་”མིང་ལ་“སྐྱ་རྒན་”ཞེས་འབོད་ཀྱིན་འདུག ཁོའི་ཅི་ཡང་མི་ཤེས་པ་རེད་དམ།”
ངས་ཁོ་མོར་“འཇིག་རྟེན་གྱི་སྐད་བརྡ་མི་འདྲ་བ་ཁྲི་སྟོང་མང་བོ་གཅིག་ཀྱང་མི་མཚུངས་”ཞེས་འདི་ལྟར་གསལ་བཤད་བྱེད་པའི་བསམ་སྐབས་སུ།ཁོ་མོས་ཁ་བརྡའི་གླིང་གཞི་གཞན་ཞིག་ལ་བསྒྱུར་སོང་།“ཨ་ཕ། པོ་ལཱའི་བཤད་ན་བར་སྣང་ན་གླང་ཆེན་ཆེན་པོ་ཞིག་ཡོད་པའི་སྣ་ཆུ་བཞུར་བ་ནི་ཆར་བ་བབས་པ་རེད་ཟེར། ཁྱེད་ཀྱིས་བལྟས་ན་ཁོ་མོའི་ཉོག་བཤད་བྱེད་ཀྱིན་འདུག་གམ། མོ་དངོས་གནས་ཉོག་གཏམ་ལབ་མཁན་ཞིག་རེད། ཉིན་མཚན་དུས་དྲུག་ལ་ཉོག་གཏམ་ལབ་མཁན་ཞིག་རེད།”
ངས་བསམ་བློ་ཞིག་བཏང་སྟེ་ལན་འདེབས་དབང་མ་ཕྱིན་པར་ཁོ་མོས་ཡང་བསྐྱར་དྲིས་བྱུང་།“ཨ་ཕ། ཨ་མ་ཁྱེད་ཀྱི་ཅི་ཞིག་རེད།”
ངའི་སེམས་སུ་ཁོ་མོ་ངའི་སྙེང་ཉེ་མ་རེད་བསམ་མོད།མེའུ་ནཱ་ལ་དེ་ལྟར་མ་བཤད་པར“མེའུ་ནཱ། པོའོ་ལཱ་དང་མཉམ་དུ་རྩེད་མོ་བརྩེ་རུ་སོང་། ཨ་ཕ་ཁོམ་གྱིན་མི་འདུག”
མེའུ་ནཱ་རྩེད་དུ་མ་སོང་པར་ངའི་ཅོག་ཙེའི་གམ་དུ་བཙོག་པུར་བསྡད་ནས་ལག་པས་མཚམས་མི་འཇོག་པར་ངའི་པུས་མོ་བརྡོང་། སྙིང་རྗེ་བའི་མཆི་ཐོ་ནི་ཅོང་ཞིག་དང་འདྲ་པར་ཤབ་ཤུབ་སྐད་ཆ་ཞིག་བཟློ་བཞིན་འདུག བར་སྐབས་ཤིག་ལ་ཁོ་མོ་ བརྩེ་དགོད་ལ་གཡང་སོང་།བདག་གིས་སྒྲུང་རྩོམ་གྱི་ལེའུ་བཅུ་བདུན་པའི་མི་སྣ་གཙོ་བོ་ཕོས་ལོ་ཐཱ་ཀེ་ཞེན་ཀི་མུན་ནག་གི་མཚན་མོ་ཞིག་ལ་མི་སྣ་གཙོ་བོ་གཞན་པ་སྟེ་སྐྱེས་མ་ཁཱ་ཆོའོ་མ་ལཱ་གཉིས་བྲོས་ཏེ་ཧ་ཅང་མཐོ་བའི་བཙོན་ཁང་གི་སྒེའུ་ཁུང་ལས་གཙང་བོའི་ནང་སྐྱེབ།
བདག་གི་ཁང་མིག་གི་སྒོ་སྲང་ལམ་དུ་འཁོར་ཡོད། གློ་བུར་དུ་མེའུ་ནཱ་མི་རྩེད་པར་སྒེའུ་ཁུང་གི་ཁར་སོང་སྟེ་སྐད་འབོད་བྱས་སོང་།“ཁཱ་པོའུ་འར་གྱི་མི།ཨ་་། ཁཱ་པོའུ་འར་གྱི་མི།”
སྲང་ལམ་དུ་གཟུགས་རིང་བའི་ཁཱ་པོའུ་འར་གྱི་མི་ཞིག་རྐང་ཐང་དུ་ངལ་དུབ་གྱིས་འགྲོ་བཞིན་འདུག ཁོའི་ལུས་ལ་ཆེ་ཞིང་ལྷུག་པའི་ལྭ་བ་ཞིག་གྱོན་འདུག་ལ་མགོ་རུས་ཀྱིས་མཐུག་པོ་ཞིག་གཅུད་འདུག ཕྲག་ཐོག་ཏུ་ཁུག་མ་ཆེན་པོ་ཞིག་ཁུར་ནས་ལག་ཏུ་རྒུན་འབྲུམ་སྐམ་པོ་འགའ་བཟུང་འདུག ངའི་སྙིང་ཉེ་བའི་བུ་མོས་ཁོ་མཐོང་ནས་ཡིད་ལ་ཅི་ཞིག་དྲན་ཡོད་པ་བཤད་དཀའ་མོད། འོན་ཀྱང་ཁོ་མོས་སྐད་ཤུགས་མཐོན་པོས་ཁོ་ལ་སྐད་འབོད་བྱས། ངས་བསམ་ན་ཁུག་མ་ཆེན་པོ་ཁུར་མཁན་འདི་ཡང་གོད་ཆག་ཅིག་རེད། ངའི་སྒྲུང་རྩོམ་གྱི་ལེའུ་བཅུ་བདུན་པ་ཡང་འབྲི་ཐབ་མ་བྱུང་།
མེའུ་ནཱས་སྐད་འབོད་བྱེད་ཀྱིན་པ་མཐོང་ནས་ཁཱ་པོའུ་འར་གྱི་མི་དགོད་འཛུམ་ཙམ་གྱིས་ངེད་ཚང་གཟེས་ནས་ཐོན་བྱུང་།མེའུ་ནཱས་སྣང་ཚུལ་འདི་མཐོང་ནས་བྲེལ་མྱུར་གྱིས་ཁང་བའི་ནང་ཡུབ་སོང་། ཁོ་མོར་ཕལ་ཆེར་རྨོངས་ཐོམ་ཐོམ་གྱི་འདང་རྒྱག་སྟངས་ཤིག་འདུག་སྟེ“ཁུག་མ་ཆེན་པོ་དེའི་ནང་དུའང་ཁོ་ལྟ་བུའི་བྱིས་པ་འཁྱར་རེ་འཁྱོར་རེ་འགའ་སྤུས་འདུག”བསམ།
ཁཱ་པོའུ་འར་གྱི་མི་དེ་ངའི་མདུན་དུ་ཡོང་ནས་གདོང་ཅུང་འཛུམ་སྟེ་མགོ་སྒུར་སྒུར་གྱིས་ང་ལ་ལག་བརྡའི་ཚུལ་ཙམ་བསྟན།ངས་སྒྲུང་རྩོམ་གྱི་མི་སྣ་གཙོ་བོ་སྟེ་ཕོས་ལོ་ཐཱ་ཀེ་ཞེན་ཀི་དང་ཁཱ་ཆོའོ་མ་ལཱའི་དེ་ལྟ་བུའི་བྲེལ་ཟིང་ཆེ་བའི་དོན་དག་ལ་བསམ་བློ་གཏོངས་བཞིན་ཡོད། འོན་ཀྱང་།སིལ་འཚོང་བ་དེ་ངེད་ཚང་དུ་ཐོན་བྱུང་། ཅི་ཡང་ཉོ་མི་དགོས་ཞེས་བཤད་པར་གཞི་ནས་ཁག་པོར་འགྱུར།
དངོས་པོ་ཉག་ཅིག་ཉོས་རྗེས། ངས་ཁོ་ལ་ཁ་བརྡ་བྱེད་པར་མགོ་བརྩམ། ངེད་གཉིས་ཀྱིས་ཨ་པོའུ་ཧྲི་ལུ་ལཱ་ཁྲི་མན་○2ནས་ཨུ་ལོ་སུའི་མི། དབྱིན་ཇིའི་མི།དེར་མཐུད་ས་མཚམས་བདེ་སྲུང་གི་སྲིད་ཇུས་སོགས་གླེང་བ་ཡིན།ཁོ་ཡར་ལངས་ནས་འགྲོ་བར་བརྩམ་ནས་བཤད་རྒྱུར་“སྐུ་ཞབས། ཁྱེད་ཀྱི་བུ་མོ་ཆུང་ཆུང་དེ་གང་དུ་བུད་སོང་།”
ངས་ཐབས་ཤེས་སྣ་ཚོགས་འཐེན་ཏེ་མེའུ་ནཱ་སྐྲག་སྣང་སྐྱེས་པ་གཡོལ་ནས་ཁོ་མོ་ཁྱིམ་ནས་སྒོར་ཁྲིད་ཡོང་བ་ཡིན། མེའུ་ནཱས་དོགས་སྣང་གི་མིག་མདངས་ཀྱིས་ཁཱ་པོའུ་འར་གྱི་མི་དང་ཁོའི་ཁུག་མ་ཆེན་པོར་བལྟས་ཙམ་གྱིས་བདག་ལ་དམ་པོར་འཇུས། སིལ་འཚོང་བས་ཁུག་མའི་ནང་རྒུན་འབྲུམ་སྐམ་པོ་འགའ་བླངས་ནས་མེའུ་ནཱ་ལ་བྱིན་ནའང་མེའུ་ནཱས་གཅིག་མ་བླངས་པ་ལས་ལྡོག་སྟེ་ཁོ་ལ་ལྡབ་འགྱུར་གྱིས་དོགས་སྣང་སྐྱེས་ཏེ་བདག་ལ་སྔར་ལས་དམ་པོར་འཇུས། ང་ཚོའི་ཐོག་མའི་འཇལ་འཕྲད་ནི་འདི་ལྟ་བུ་ཞིག་རེད།
ཉིན་འགའི་རྗེས་ཀྱི་སྔ་དྲོ་ཞིག་ལ་ང་སྒོར་འགྲོ་བར་བརྩམ་པ་ན་བུ་མོ་སྒོ་འགྲམ་གྱི་འདུག་སྟེགས་ལ་བསྡད་དེ་ཁཱ་པོའུ་འར་གྱི་མི་དེ་དང་ཁ་བརྡ་བྱེད་བཞིན་འདུག སིལ་ཚོང་བའི་གདོང་ཧྲིལ་བོ་དགའ་སྤྲོའི་ཁེངས་ཏེ་གཟབ་ནན་གྱིས་མེའུ་ནཱའི་སྐད་ཆ་ལ་ཉན་ནས་འདུག ད་དུང་མཚམས་རེར་ལཱ་ཏེན་སྐད་ཀྱིས་ཁོ་རང་གི་བསམ་ཚུལ་བརྗོད་ཀྱིན་འདུག ཨ་ཕ་མ་གཏོགས་མེའུ་ནཱའི་ལོ་ལྔའི་འཚོ་བའི་ཁྲོད་འདི་ལྟར་མོའི་སྐད་ཆར་ཉན་མཁན་ཞིག་བྱུང་མྱོང་མེད། ངས་ད་དུང་མོའི་ལྭ་བའི་མཐུ་སྣེའི་སྟེང་རྒུན་འབྲུམ་སོགས་སིལ་རིགས་སྐམ་པོས་གང་འདུགཔ་མཐོང་། ངས་ཁཱ་པོའུ་འར་གྱི་མི་དེར་འདི་སྐད་བཤད“ཁྱེད་ཀྱིས་ཁོ་མོར་འདི་ལྟ་བུའི་སིལ་ཏོག་མང་བོ་སྟེར་དོན་ཅི་ཡིན། ཁྱེད་ཀྱིས་ད་བཟུང་མི་སྟེར་རོགས།”
བཤད་རྗེས་ངའི་ཨམ་ཕྲག་ལས་སྒོར་རྡོག་འགའ་བླངས་ཏེ་ཁོར་བྱིན། ཁོས་ཅི་མི་བསམ་པར་བླངས་ཏེ་ཨམ་ཕྲག་ཏུ་སྦུས།
ཕྱིར་ཁྱིམ་དུ་ལོག་རྗེས་སྒོར་རྡོག་དེ་དག་གིས་རིན་ཐང་ལས་ལྷག་པའི་གོད་ཆག་ཅིག་ཁྱེར་ཐོན་འདུག
མེའུ་ནཱའི་ཨ་མའི་དངུལ་སྒོར་མང་བོ་ཞིག་བཟུང་ནས་ཁྲོ་བ་ཆེན་པོའི་མེའུ་ནཱ་ལ་འདྲི་གཅོད་བྱེད་ཀྱིན་འདུ
“ཁྱེད་སྒོར་མོ་འདི་དག་གང་ཁྱེར་ཡོང་བ་ཡིན”
“ཁཱ་པོའུ་འར་གྱི་མིས་ང་ལ་བྱིན་པ་རེད།”མེའུ་ནཱས་དེ་ལྟར་བཤད།
“ཁྱེད་ཀྱིས་ཅིའི་ཕྱིར་ཁཱ་པོའུ་འར་གྱི་མིའི་ལག་ནས་སྒོར་མོ་སློང་བ་ཡིན།”
“ངས་སློང་བ་མིན། ཁོས་རང་མོས་ཀྱིས་ང་ལ་བྱིན་པ་རེད།”མེའུ་ནཱ་ཕལ་ཆེར་ངུ་ལ་ཉེ་བར་བྱས་འདུག
སྟབས་ལེགས་པ་ཞིག་ལ་སྐབས་དེར་ང་ཕྱིར་ཁྱིམ་དུ་ཐོན་བྱུང་ལ་མེའུ་ནཱ་སྐྱོ་སྡུག་དེའི་ཁྲོད་སྐྱབ་པ་ཡིན།
རྗེས་སུ་ཁཱ་པོའུ་འར་གྱི་མི་དང་མེའུ་ནཱ་གཉིད་ཐེངས་དུ་མར་ཐུགས་འཕྲད་བྱས་མྱོང་བ་ད་གཟོད་ཤེས།སིལ་འཚོང་བ་དེས་རྒུན་འབྲུམ་སྐམ་པོ་སོགས་ཀྱིས་མེའུ་ནཱའི་དྭངས་གཙང་གི་སེམས་པ་འགུག་ཐབས་བྱས་ཏེ་མེའུ་ནཱ་ཁོ་ལ་ཡིད་ཆེས་པར་གྱུར།
ངས་གྲོགས་པོ་འདི་གཉིས་དུས་རྒྱུན་སྤྲོ་སྐྱིད་ཀྱི་རྩེད་མོ་བརྩེ་འམ་ཁ་བརྡ་ལབ་གྱིན་པ་མཐོང་།དཔེར་ན་ཐེངས་ཤིག་ལ་ངའི་བུ་མོས་ལོ་ཐུ་མོ་ཐེའུ་མཐོང་རྗེས་སྤྲོ་ལྷང་ལྷིང་གིས་“ཁཱ་པོའུ་འར་གྱི་མི།ཨ་་།ཁཱ་པོའུ་འར་གྱི་མི།ཁྱེད་ཀྱི་ཁུག་མ་དེའི་ནང་ཅི་ཞིག་སྦུས་ཡོད།”ཅེས་དྲིས་པར་ལོ་ཐུ་མོ་ཐེའུ་ཡིས་སྣ་སྒྲ་སྦོམ་པོའི་དགོད་ཙམ་བྱས་ཏེ་“ངའི་ཁུག་མའི་ནང་གླང་ཆེན་ཞིག་སྦུས་ཡོད་“ཅེས་བཤད།
དེར་མཐུད་དངོས་གནས་ཁུག་མའི་ནང་གླང་ཆེན་ཞིག་བླངས་བྱུང་། སྤྱིར་ན་འདི་དགོད་སྐྱེན་པ་ཞིག་མ་རེད་མོད།རིག་རྒོད་དུ་བརྩི་མི་ཐུབ་པ་འདི་ལྟ་བུའི་སྐད་ལ་སྣང་ཆུང་མི་བྱེད་རོགས། ཁོང་གཉིས་སྐད་ཆ་འདིའི་ཧ་ཅང་དགའ་སྤྲོ་སྦྱིན་ཏེ་སྤྲོ་ལྷང་ལྷིང་དུ་གྱུར། བྱིས་པ་འདི་གཉིས་༼གཅིག་ནར་སོན་མེད་ཀྱི་བྱིས་པ་དང་གཅིག་ནར་སོན་གྱི་བྱིས་པ༽ཀྱི་མཐའ་མེད་པའི་དགོད་སྒྲ་ཐོས་ཚེ་ང་ལ་ཡང་དགའ་སྤྲོ་བཟོད་མེད་ཅིག་སྐྱེས་ཡོང་།
ཁོང་གཉིས་ལ་ད་དུང་གླིང་གཞི་ཞིག་ཀྱང་ཡོད། ལོ་ཐུ་མོ་ཐེའུ་ཡིས་མེའུ་ནཱ་ལ་“མི་ཕྲུག ཁྱེད་ཨ་ཞང་ཚང་ལ་ནམ་ཞིག་ལ་འགྲོ་ནི་ཡིན།”
མུན་ཅ་ལའི○3་ཁྱིམ་རྒྱུད་ཀྱི་བུད་མེད་ཅིག་ལ་མཚོན་ན་ཨ་ཞང་ཟེར་བའི་ནང་དོན་གོ་སྲིད་མོད།འོན་ཀྱང་ང་ཚོས་བུ་མོར་ད་དུང་“ཨ་ཞང་ཚང་”ནི་ཅི་ཞིག་ཡིན་བཤད་མྱོང་མེད།དེ་བས་མེའུ་ནཱས་ལོ་ཐུ་མོ་ཐེའུ་ཡིས་དྲི་བ་ལ་ལན་ཅི་འདེབས་འདི་འདེབས་མེད་པ་ཞིག་ཏུ་འགྱུར་སྲིད་མོད།མེའུ་ནཱའི་རྣམ་འགྱུར་ཙམ་ཡང་མི་འགྱུར་པར་ཁོ་ལ་ཕྱིར་“ཁྱེད་ནམ་ཞིག་ལ་ཁྱེད་ཀྱི་ཨ་ཞང་ཚང་ལ་འགྲོ་ནི་ཡིན་”ཞེས་དྲིས། ལོ་ཐུ་མོ་ཐེའུ་ཡིས་རང་གི་འདུ་ཤེས་ནང་གི་ཨ་ཞང་○4ལ་གདོང་གཏད་ནས་ཁུ་ཚུར་དགུང་ལ་ཕྱར་ཏེ་“ང་ལ་ཁུ་ཚུར་གྱི་ཨ་ཞང་ཞིག་དགོས་”ཞེས་ལན་བཏབ།
མེའུ་ནཱས་མོས་གཞི་ནས་མི་ཤེས་པའི་མ་འོངས་པའི་ཨ་ཞང་་ཉེས་རྡུང་གཟེད་པ་ཞིག་དགོས་བསམ།ཅི་བྱེད་འདི་བྱེད་མེད་པའི་སྐབས་དེར་དགོད་སྒྲ་མཚམས་མི་འཇོག་པར་དགད་བྱུང་།
བར་སྣང་དྭངས་ཤིང་བསིལ་བས་སྤྲོ་སྐྱིད་འཕེལ་བ་ཞིག་རེད། འདི་ནི་གནའ་སྔ་མོར་རྒྱལ་བོས་མཐའ་བཞི་དབང་དུ་འདུལ་བསྐལ་བཟང་དུས་བཟང་ཞིག་རེད། ང་ནམ་རྒྱུན་ཅ་འར་ཀི་ཐཱར○5་ཁ་བྲལ་མ་མྱོང་ལ་གང་དུ་ལ་འགྲོ་མྱོང་མེད། འོན་ཀྱང་།ངའི་སེམས་པ་འཇིག་རྟེན་གྱི་ཡུལ་གྲུ་ཀུན་འཁྱམས་འགྲོ ང་ནི་ཁང་མིག་འདིའི་གྲུ་ཟུར་ཞིག་ཏུ་གཏན་བསྡོད་བྱས་ནའང་ངའི་སེམས་ཕྱིའི་འཇིག་རྟེན་ལ་སྤྲོ་བ་དཔལ་འབར་བ་ཞིག་འདུག གལ་ཏེ་ཕྱི་སྐད་ཀྱི་སྐད་ཆ་ཚིག་གཅིག་ཐོས་ནའང་སེམས་པ་སྐད་ཆ་དེ་དང་འགྲོག་ནས་རྒྱལ་ཁབ་དེའི་མངའ་ཁུངས་སུ་འཕུར་འགྲོ་ལ་ས་དེའི་མི་དམངས་དང་རི་ཆུ་ནགས་གསུམ་མཐོང་བ་ལྟ་བུར་འདུག ས་དེའི་ནགས་ཚལ་སྟུག་པོ་སོགས་ཀྱི་སྣང་བརྙན་ཡང་ངའི་སེམས་སུ་སྗིད་ཏིག་གེར་ཤར་ཡོང་།ངའི་བསམ་ན་ཁོ་ཚོས་རང་དབང་དང་སྤྲོ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་གྱིན་འདུག
ང་རང་ཤིང་སྡོང་ལྟར་འགུལ་མེད་ཀྱི་འཚོ་བར་གོམས་ཟིན། ཁང་མིག་འདི་དང་ཁ་བྲལ་དགོས་པའི་གཏམ་ཞིག་ཐོས་ནའང་ཐད་ཀར་ཁྲོ་བའི་ཐོག་ཆར་འབབ་སྲིད། ཞོགས་པ་རེ་རེ་ང་རང་དཔེ་ཁང་གི་མདུན་ཅོག་མདུན་དུ་བསྡད་ནས་ཁཱ་པོའུ་འར་གྱི་མི་དེར་ཁ་བརྡ་བྱེད་སྐབས་ངའི་སེམས་པས་སྤྲོ་འཆམ་བྱེད་བཞིན་ཡོད། ཁཱ་པོའུ་འར་གྱི་མི་དེས་ལཱ་ཏེན་སྐད་གཙང་མ་ཞིག་གིས་ཁོའི་ཕ་ཡུལ་སྐད་གདངས་མཐོན་པོས་གསལ་བཤད་ཅིག་བྱས་སོང་། ངའི་མིག་ལམ་ལ་རི་མོ་ཞིག་ཤར་འོང་། ས་སྲོས་ཀྱི་དུས་ཤིག་ལ་བགྲོལ་དཀའ་རི་མཐོ་འགག་དོག་ཅིག་ཏུ་རྔ་མོང་ལ་བཅའ་དངོས་བཀལ་ཞིང་མགོ་རུས་ཀྱིས་གཅུད་པའི་ཚོང་བ་དང་ཡུལ་སྐོར་བ་རེ་ཟུང་འགྲོ་བཞིན་འདུག འགའ་རེ་རྔ་མོང་ལ་ཞོན་པ་དང་འགའ་རེ་རྐང་ཐང་དུ་འགྲོ་བཞིན་འདུག ད་དུང་འགའ་རེས་གནའ་བོའི་མེ་མདའ་རིང་བོ་རེ་བཟུང་འདུག ་་་་་་་་་་་་་་་་་་་་་་་་་་།
མེའུ་ནཱའི་ཨ་མ་ནི་ཁྲོ་སླ་ལ་སེམས་དོག་ཅིག་ཡིན་པས་སྲང་ལམ་གྱི་ཁ་རྩོད་བྱེད་བཞིན་པའི་སྐད་སྒྲ་ཙམ་ཐོས་པས་ཀྱང་འཇིག་རྟེན་འདིའི་ཆང་བཟི་ཡོད་ཚད་མི་ངན་དུ་ལྟ་ལ་གཅིག་ཀྱང་ངེད་ཚང་གི་ཁྱིམ་དུ་ཡོང་བའི་དམིགས་ཡུལ་བཤད་རྒྱུའིཐོབ་ཐང་མེད།མོའི་སེམས་སུ་འཇིག་རྟེན་འདི་རྐུན་མ། ཆང་བཟི། རྫུན་རྐྱལ། དུག་སྦྲུལ། དབྱིན་ཇིའི་དམིག་མི་སོགས་ཀྱིས་ཁེངས་འདུག་པར་བསམ། སྤྱིན་ན་ཁོ་མོ་ལོ་ནའང་མི་ཆུང་བས་འཇིག་རྟེན་འདིར་རྗེས་ལོན་ཅུང་ཡོད་ཆོག༼ཡང་ན་ངེས་པར་ཡོད་དགོས་༽འོན་ཀྱང་།མོའི་འཇིགས་སྣང་གི་སེམས་ཁམས་དེ་ད་དུང་བསྒྱུར་ཐུབ་གྱི་མི་འདུག
ཁོ་མོ་ལོ་ཐུ་མོ་ཐེའུ་ཟེར་བའི་ཁཱ་པོའུ་འར་གྱི་མི་འདི་ལའང་དོགས་པ་སྐྱེ་བཞིན་འདུག མོས་དུས་རྒྱུན་བདག་ལ་ཁོས་འགུལ་སྤྱོད་བྱེད་པར་དོགས་ཟོན་བྱེད་དགོས་ཞེས་བསྐུལ་མ་ཡང་ཡང་བྱས།ང་དགོད་ཙམ་གྱིས་དོགས་སློང་གི་སེམས་ཁམས་གཞི་ནས་དོར་བར་བྱས། ཡིན་ནའང་།ཁོ་མོའི་གཅིག་འཕྲོར་གཉིས་བརྩེགས་ཀྱིས་ང་ལ་“བྱིས་པ་རྐུས་པའི་དོན་རྐྱེན་བྱུང་མ་མྱོང་བ་མ་རེད་དམ། ཁཱ་པོའུ་འར་གྱི་མིས་བྱིས་པ་བྲན་གཡོག་ཏུ་མི་བཙོང་ངམ། ཡང་ན་ཁཱ་པོའུ་འར་གྱི་མི་རྒན་འདི་ལྟ་བུ་ཞིག་ལ་མཚོན་ན་བྱིས་པ་ཞིག་རྐུ་བར་དཀའ་ཁག་ཡོད་དམ་”སོགས་གླེང་།
དོན་དག་འདི་ལྟ་བུ་འབྱུང་མི་སྲིད་པའི་ངེས་པ་མེད་པར་ངས་ཁས་ལེན་བྱེད་མོད་སེམས་ལྷོད་པོར་བསམ་བློ་རེ་བཏང་ན་དོན་དག་དེ་ལྟ་བུ་མི་འབྱུང་པར་ཡིད་ཆེས་ཡོད། ངས་རང་གི་ཆུང་མར་ཅི་ལྟར་བཤད་ཀྱང་ཁོ་མོའི་བུ་མོ་སེམས་ཁུར་བྱས་ཏེ་ང་ལ་གཏན་ནས་མི་ཉན། གལ་ཏེ་དེ་ལྟ་བུ་ཞིག་ཡིན་སྲིད་ནའང་ངས་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་ ཁཱ་པོའུ་འར་གྱི་མི་ངེད་ཚང་གི་སྒོར་ཡོང་མི་ཆོག་ཅེས་བཤད་སྲོལ་ཡོད་དམ།
ལོ་རེའི་ཟླ་དང་པོའི་ཟླ་དཀྱིལ་ལ་ཁཱ་པོའུ་འར་གྱི་ཚོང་བ་ཚང་མ་ཕྱིར་རང་རྒྱལ་དུ་ཐེངས་ལོག ཕྱིར་མ་ལོག་པའི་སྔོན་ལ་ཁོ་རྒྱུ་མེད་འབྱོར་དབུལ་གྱི་ཁྱིམ་ཚང་དག་ལས་བསྐྱས་དངུལ་ལེན་པར་བྲེལ་གྱིན་འདུག ཁོ་ཅི་འདྲ་བྲེལ་ཟིང་ཆེ་ནའང་ཉིན་རྒྱུན་མེའུ་ནཱ་ལ་བལྟ་རུ་ཐེངས་གཅིག་ཡོང་། གནས་བབ་འདིར་གཞིག་ན་ཁོང་གཉིས་ལ་གསང་བ་ལྟ་བའི་འབྲེལ་འདྲེས་ཤིག་འདུག གལ་ཏེ་སྔ་དྲོ་མེའུ་ནཱར་བལྟ་རུ་མ་ཡོང་ཚེ་ཕྱི་དྲོར་ཐོན་ཡོང་། དེ་མིན་ན་མཚན་མོར་ངེས་པར་ཐོན་ཡོང་།ས་སྲོས་ཀྱི་སྐབས་སུ་ཁང་བའི་གྱང་སྣེ་གང་རུང་ཞིག་ནས་གཟུགས་སྟོབས་ཆེ་ཞིང་ཁུག་མ་ཆེན་པོ་འཁུར་པའི་སིལ་འཚོང་བ་དེ་གློ་བུར་གློ་བུར་དུ་ཐོན་ཡོང་། དྲང་མོར་བཤད་ན་ངའི་སེམས་ཀྱང་བདེ་མོར་འདུག་ཐུབ་པ་ཞིག་མ་རེད། འོན་ཀྱང་།མེའུ་ནཱ་དགའ་སྤྲོའི་ཁོའི་ཕྱོགས་སུ་རྒྱུགས་ནས“ཁཱ་པོའུ་འར་གྱི་མི། ཨ་་། ཁཱ་པོའུ་འར་གྱི་མི་”ཞེས་འབོད་པ་དང་ལོ་ན་མི་མཉམ་པའི་གྲོགས་པོ་འདི་གཉིས་སྤྲོ་དགའི་ངང་འདུག་པ་མཐོང་ན་ངའི་སེམས་སུ་དེ་ནི་སེམས་ཁུར་ལྷག་མ་ཞིག་རེད་བསམ་སོང་།
ཉིན་ཞིག་གི་ཞོགས་པར་ང་རང་ཁྱིམ་དུ་བསྡད་ཡོད། ཉིན་འགའི་རྗེས་ནས་ཁཱ་པོའུ་འར་གྱི་ཚོང་བ་ཚོ་ཡང་ཕྱིར་ལོག་དགོས་འདུག གནམ་གཤིས་ཀྱང་ཧ་ཅང་དྭངས་ཤིང་གསལ་བ་ཞིག་རེད། ཉི་འོད་སྒེའུ་ཁུང་ལས་མདུན་ཅོག་འོག་གི་བདག་གི་རྐང་བའི་སྟེང་འཕྲོས་སོང་ལ་དྲོ་ཞིང་འཇམ་པའི་སྣང་བ་སྐྱིད་པོ་ཞིག་བྱིན་ཡོང་། ཆུ་ཚོད་བརྒྱད་ཡས་མས་སུ་མགོ་དང་སྐེ་གཅུད་པའི་ཞོགས་པའི་སིལ་འཚོང་བ་དག་ཕྱིར་ལོག་སོང་། སྐབས་དེར་སྲང་ལམ་ནས་འུར་སྒྲ་ཞིག་གྲགས་བྱུང་།
ངས་ཕྱི་རོལ་དུ་བལྟས་པ་ན་ལོ་ཐུ་མོ་ཐེའུ་ཉེན་རྟོགས་པ་གཉིས་ཀྱིས་བཟུང་ནས་ཁྲིད་ཡོང་གིན་པ་མཐོང་བྱུང་།རྗེས་སུ་འུར་ཟིང་ལ་ལྟད་མོ་བལྟ་བའི་བྱིས་པ་འགའ་འདུག ཁཱ་པོའུ་འར་གྱི་མིའི་ལྭ་བ་ཁྲག་གིས་གང་འདུག་ལ་ཉེན་རྟོགས་པ་གཅིག་གིས་ལག་ཏུ་ཁྲག་གིས་དམར་པོར་འགྱུར་བའི་གྲི་ཞིག་བཟུང་འདུག ང་དེ་མུར་སྒོར་བུད་ནས་ཉེན་རྟོགས་པ་དེར་དོན་དག་ཅི་བྱུང་བར་དྲིས་པ་ཡིན།
མི་མང་བོའི་འཚང་ཁ་དང་འུར་ཟིང་བར་ནས་ཁཱ་པོའུ་འར་གྱི་མི་དང་ཉེན་རྟོགས་པར་དོན་དག་ཅི་བྱུང་ཤེས་གསལ་བྱུང་།ང་ཚོ་སྲང་མགོར་ཡོད་པའི་ཁྱིམ་མཚེ་ཞིག་གིས་ཁཱ་པོའུ་འར་གྱི་མི་དེར་ལག་ཕྱིས་ཤིག་གི་རིན་ཆད་པར་ཁོ་ཁས་ལེན་མ་བྱས་པས་ཕན་ཚུན་བསྡིག་རེས་བྱས་ཏེ་མཐར་ལོ་ཐུ་མོ་ཐེའུ་ཡིས་གྲི་བཟུང་ནས་ཁོ་ལ་གཅིག་རྒྱབ་པ་རེད། ལོ་ཐུ་མོ་ཐེའུ་ཁྲོ་བ་ཆེན་པོའི་སྐད་ཀྱིས་ཁོ་ལ་བསྡིག་གིན་འདུག མེའུ་ནཱ་ཁྱིམ་ནས་སྒོར་བུད་དེ་“ཁཱ་པོའུ་འར་གྱི་མི།ཨ་་། ཁཱ་པོའུ་འར་གྱི་མི།”ཞེས་བོས་བྱུང་།
ལོ་ཐུ་མོ་ཐེའུ་གདོང་ལ་འཛུམ་ཙམ་ལངས། དེ་རིང་ཁོའི་ཁུག་མ་ཆེན་པོ་དེ་ཡང་ཁུར་མི་འདུག་ལ་ཁོང་གཉིས་ཀྱི་དུས་རྒྱུན་གོམས་ལོབ་ཏུ་སོང་ཁུག་མའི་ནང་གི་གླང་ཆེན་སོགས་མི་གླིང་པར་མེའུ་ནཱས་ཁོར་“ཁྱེད་ཁྱེད་ཀྱི་ཨ་ཞང་ཚང་ལ་འགྲོ་དགོས་པ་རེད་དམ།”
ཁཱ་པོའུ་འར་གྱི་མི་དགོད་ཙམ་དགོད་ཙམ་བྱས་ཏེ་ཡིན།“ང་ངའི་ཨ་ཞང་ཚང་ལ་འགྲོ་ནི་ཡིན།”
ཁོའི་ལན་དེའི་ཁོ་མོ་དགོད་དུ་འཇུག་མ་ཐུབ་པ་མཐོང་ནས་ལག་ལྕགས་རྒྱབ་པའི་ལག་པ་གཉིས་ཡར་གེར་ནས་“དེ་མིན་ན། ང་ནི་ཁུ་ཚུར་གྱི་ཨ་ཞང་ཞིག་ཡིན་སྲིད། འོན་ཀྱང་ལག་པ་ལྕགས་རྒྱབ་འདུག་པས་ང་ལ་ཐབས་བཀོད་ཅི་ཞིག་ཡོད།”ཞེས་བཤད།
མིའི་ཚེ་སྲོག་ལ་གནོད་པ་ཐེབ་པའི་དོན་རྐྱེན་དེའི་དབང་གིས་ལོ་ཐུ་མོ་ཐེའུ་ལོ་འགའི་ཁྲིམས་ཐག་བཅད།
མི་ཚང་མས་ཁོ་བརྗེད་ཟིན། ང་ཚོ་ཡང་སྔོན་བཞིན་དེ་སྔོན་གྱི་ལས་ཀ་སྒྲུབ་ཏེ་དེ་སྔོན་གྱི་ཁྱིམ་དུ་བཙོག་པུར་བསྡད་ཡོད། དུས་ཚོད་ཉིན་རེ་ནས་ཉིན་རེ་བཞིན་རིམ་གྱིས་འདས།ང་ཚོས་ཀྱང་སྔོན་རང་དབང་ཡོད་པ་དང་ད་ལྟ་བཙོན་ཁང་དུ་ཡོད་པའི་ཁཱ་པོའུ་འར་གྱི་མི་དེ་རིམ་བཞིན་བརྗེད་སོང་།
མེའུ་ནཱས་ཀྱང་གྲོགས་པོ་གསར་བ་འགའ་བཙལ་ནས་སྔོན་གྱི་གྲོགས་པོ་རྙིང་བ་དེ་བརྗེད་ཟིན། ང་ཁོ་མོའི་ཨ་ཕ་ཡིན་པས་ཆ་ནས་བཤད་ན་མོའི་གྲོགས་གསར་བ་མཐོང་དུས་གྲོགས་རྙིང་བ་བརྗེད་འགྲོ་བའི་བྱ་སྤྱོད་འདི་ཡ་ང་བ་ཞིག་ཡིན་པར་ཁས་ལེན་དགོས་པ་ཞིག་རེད། རྗེས་ནས་ཁོ་མོ་རིམ་བཞིན་ནར་སོན་ཏེ་བུད་མེད་གྲོགས་པོ་ལས་བུད་ཡོད་གྲོགས་པོ་དག་ལ་མི་འགྲོགས་པར་གྱུར། ཐ་ན་ངའི་དཔེ་ཁང་ནང་དུ་ཡོང་རྒྱུའང་ཇེ་ཉུང་དུ་ཕྱིན་ཏེ་ངས་ཀྱང་མོ་མཐོང་དཀའ་བར་འགྱུར།ངེད་གཉིས་བར་ཐག་ཀྱང་ཇེ་རིང་དུ་སོང་།
མིག་རྡེབ་ཡུན་ཙམ་གྱིས་ལོ་འཁོར་འགའ་དེ་ལྟར་འདས་ཟིན། ངེད་ཚང་གི་མེའུ་ནཱ་ལའང་གཉེན་རྟགས་རྒྱབ་ཟིན།ཏོའུ་འར་ཅ་ཏཱ་ཅུའུ་དུས་ཆེན་སྐབས་གཉེན་སྟོན་བཤམས་རྒྱུ་ཡིན།ཏོའུ་འར་ཅ་ཕྱིར་ཁེའུ་ལཱ་རི་བོར་ཡོང་བའི་སྐབས་ལ་ངེད་ཚང་གི་གཅེས་ཕྲུག་མ་ཡང་ཁྱོ་ཀའི་ཁྱིམ་ལ་འགྲོ་དགོས། འདི་ནི་ཨ་ཕར་མཚོན་ན་མུན་ནག་ས་རུབ་ལྟ་བུ་ཞིག་རེད།
ཞོགས་པར་བར་སྣང་དྭངས་ཤིང་གཙང་ལ་ཆར་རྗེས་ཀྱི་སྟོན་ཀའི་ཉི་འོད་གསེར་འོད་ལམ་ལེམ་འཕྲོ། གྲོང་གསེབ་འདིའི་ཁང་བའི་ཇོ་མོག་དག་ལའང་ཁ་དོག་མི་གཅིག་པའི་མདོག་སྣ་ཚོགས་ཤིག་འཕྲོས་འདུག
དེ་རིང་གི་སྐྱ་རེངས་གསར་དུ་ཤར་བྱུང་། ངེད་ཚང་གི་ཁྱིམ་དུ་ཁྱེད་བདེ་ང་སྐྱིད་ཀྱི་བཀྲ་ཤིས་རྟེན་འབྲེལ་གྱི་སྒྲ་དབྱངས་ཀྱིས་ཁེངས་འདུག། སྒྲ་དབྱངས་འདི་ནི་ངའི་ཤ་གསེང་རུས་གསེང་ནས་འཆེད་པའི་ངུ་སྐད་དང་ཧ་ཅང་འདྲ། སེམས་སྐྱོ་བའི་དབྱངས་རྟས་ཕ་བུ་ཁ་བྲལ་གྱི་སྐྱོ་གདུང་དང་ཡིད་ལ་སྤྲོ་བ་སྟེར་བའི་དཔྱིད་ཀྱི་ཉི་འོད་དང་ལྷན་དུ་རྒྱང་རིང་རྒྱང་རིང་ཞིག་ཏུ་བསྐྱལ་སོང་། དེ་རིང་ངའི་གཅེས་ཕྲུག་མེའུ་ནཱ་གནས་ལ་འགྲོ་དགོས་སོང་།
སྐྱ་རེངས་གསལ་བའི་དུས་ནས་བཟུང་ངེད་ཚང་གི་ཁྱིམ་དུ་བྲེལ་བྲེལ་ཟིང་ཟིང་གིས་འུར་འུར་སྒྲ་སྒྲོག་པར་བྱེད། སྒོ་རའི་ནང་དུ་མཛད་སྒོའི་སྟེགས་བུ་སྒྲིག་སོང་།ངའི་ཁང་མིག་དང་ཁང་བའི་བར་འཁྱམས་སུ་ནམ་པ་མི་འདྲ་བའི་གློག་འོད་འཕྲོས་འདུག་ལ་དགའ་སྤྲོའི་དགོད་སྒྲ་གཅིག་འཇགས་གཅིག་ལངས་ཀྱིས་གྲགས་ཡོང་།
ང་རང་དཔེ་ཁང་དུ་མགྲོན་པའི་ལག་སྐྱེས་ལ་བལྟས་ནས་ཡོད། ལོ་ཐུ་མོ་ཐེའུ་ངའི་གམ་དུ་ཡོང་ནས་ང་མཚམས་འདྲི་བྱས་སོང་།
དང་ཐོག་ངས་ཁོ་ཡིན་པར་མ་ཤེས། ཁོས་ཁུག་མ་ཆེན་པོ་དེ་ཁུར་མེད་ལ་སྐྲ་རིང་བོ་དེ་ཡང་བཅད་འདུག ད་དུང་ལུས་པོའང་སྔོན་མ་དང་བསྡུར་ན་ཅུང་རུལ་འདུག མཐར་ཁོའི་གདོང་གི་མཛུམ་དམངས་དེ་མཐོང་བས་ད་གཟོད་ཁོ་ཡིན་པ་ངོས་ཟིན།ངས་ཁོར་“ཁྱེད་ནམ་ཡོང་བ་ཡིན། དོན་དག་ཅི་ཞིག་ཡོད་”ཅེས་དྲིས། ཁོས་ང་ལན་དུ་“ཁ་སང་ཡོང་བ་ཡིན། ང་བཙོན་གྲོལ་ཐོབ་སོང་།”ཟེར།
སྐད་ཆ་འདི་སྣར་གཟན་པ་ཞིག་རེད། ང་རང་ད་བར་དུ་རང་གི་གྲོགས་པོར་གཅར་རྡུང་བྱེད་མཁན་གྱི་དགྲ་བོ་ཞིག་ལ་འདི་ལྟར་ཐུག་འཕྲལ་བྱེད་མ་མྱོང་། ངའི་ཁོ་མཐོང་རྗེས་སེམས་གནད་པ་ཕབ་པ་ཡིན། དེ་རིང་གི་བཀྲ་ཤིས་རྟེན་འབྲེལ་གྱི་སྟོན་མོའི་ཉིན་མོ་འདིར་ཁོ་འདིར་མ་བསྡད་ན་དོན་ཀུན་ཕུན་སུམ་ཚོགས་སོང་བར་བསམ་ནས་ཁོ་ལ་“དེ་རིང་ངེད་ཚང་ལ་དོན་ཆེན་ཞིག་ཡོད།ང་ཡང་བྲེལ་བ་ཆེན་པོ་ཡོད་པས་ཁྱེད་མྱུར་དུ་སོང་”ཞེས་བཤད་པ་ཡིན།
ཁོ་ལམ་སང་ཁ་ཕྱིར་འཁོར་ནས་བུད་སོང་། སྒོ་འགྲམ་དུ་སོང་སྟེ་ང་ལ་“ང་ཐེངས་གཅིག་མི་ཕྲུག་དང་ཐུག་འཕྲལ་ཞིག་བྱེད་ཆོག་གམ།”ཞེས་དོགས་སྣང་བཅས་པས་དྲིས།
ཁོའི་སེམས་སུ་མེའུ་ནཱ་ད་དུང་སྔོན་གྱི་བྱིས་པའི་ཚུལ་ཀ་དེ་འདྲ་ཞིག་པར་བསམ་འདུག ད་དུང་ཁོའི་སེམས་སུ་ཕལ་ཆེར་མེའུ་ནཱས་སྔོན་ལྟར་“ཁཱ་པོའུ་འར་གྱི་མི།ཨ་་། ཁཱ་པོའུ་འར་གྱི་མི།”ཞེས་རྒྱུགས་ཡོང་པར་བསམ་འདུག ཁོང་གཉིས་ཀྱི་སེམས་སུ་དེ་སྔོན་གྱི་ཉི་མ་དག་དང་འདྲ་བར་བར་སྣང་དུ་རྒྱུ་སྐར་བཀྲ་ཞིང་ས་གཞི་སྤྲོ་དགའི་ཁེངས་བ་ཞིག་ཡིན་བསམ་འདུག དེ་ལྟར་བསམ་མེད་ན་ཁོའི་འདས་ཟིན་པའི་བརྩེ་བ་ཕྱིར་དྲན་བྱེད་ཆེད་རྒུན་འབྲུམ་སྐམ་པོ་ཤོག་ཁུག་གང་སོགས་ཁྱེར་ཡོང་དོན་འདུག་གམ། ཁོའི་ཁྱེར་ཡོང་བའི་སིལ་ཏོག་འདི་དག་ལས་ཁོའི་གྲོགས་པའི་སར་སློང་ནས་ཁྱེར་ཡོང་བ་མངོན་འདུག ཁོའི་ཁུག་མ་ཆེན་པོ་དེ་སྔ་མོ་ནས་ཤོར་ཟིན།
“དེ་རིང་ངེད་ཚང་ལ་དོན་ཆེན་ཞིག་ཡོད་པས་ཁྱེད་མི་གཅིག་ལའང་ཐུག་ཐབ་མེད།”ཅེས་ངས་བཤད་པ་ཡིན།
ཁོ་ཐབ་ཟད་འུ་ཐུག་གིས་དེ་རུ་ཧད་དེ་ཡུན་ཙམ་བསྡད་རྗེས། ཁོའི་སྐྱོ་ཞིང་ཐབ་སྡུག་གི་མིག་མདངས་ཀྱིས་ང་བལྟས་ཏེ་“སྐུ་ཞབས་བདེ་མོ་བྱོས།”ཞེས་བཤད་དེ་སྒོར་བུད་ནས་བུད་སོང་།
ངའི་སེམས་སུ་ཅུང་འགྱོད་གནོངས་སྐྱེས་ཏེ་ཁོར་ཕྱིར་ཤོག་ཅེས་འབོད་དགོས་བསམ། སྐབས་འདིར་ཁོ་རང་ཉིད་ཕྱིར་འཁོར་ནས་ཐོན་བྱུང་། ངའི་གམ་དུ་ཡོང་ནས་“རྒུན་འབྲུམ་དང་སིལ་ཏོག་སྐམ་པོ་འདི་དག་ངས་མེའུ་ནཱར་ཁྱེར་ཡོང་བ་ཡིན་པས་ཁྱེད་ཀྱིས་འདི་དག་ཁོ་མོར་སྤྲོད་རོགས།”ཟེར།
ངའི་ཁོའི་ལག་སྐྱེས་བླངས་ཏེ་ཁོ་ལ་སྒོར་མོ་འགའ་སྟེར་བར་བརྩམ་པ་ན་ཁོ་གློ་བུར་དུ་ངའི་ལག་པར་འཇུས་ནས་ “ཁྱེད་མི་བྱམས་སེམས་ཅན་ཞིག་རེད། ངའི་མི་ཚེ་གང་བོར་ཡང་བརྗེད་མི་སྲིད་པའི་མི་བཟང་ཞིག་རེད། ཁྱེད་ཀྱིས་ང་ལ་སྒོར་མོ་མི་སྟེར་རོགས། སྐུ་ཞབས་ལགས། ཕ་ཡུལ་དུ་ང་ལའང་བུ་མོ་ཞིག་ཡོད། ཁྱེད་ཀྱི་བུ་མོ་དང་ལོ་ན་མཉམ་པའི་བུ་མོ་ཆུང་ཆུང་ཞིག་ཡིན། དེ་བས་ངས་བུ་མོ་དྲན་ཐེངས་རེར་ཁྱེད་ཀྱི་བུ་མོར་རྒུན་འབྲུམ་ཁྱེར་ཡོང་བ་ཡིན། ང་ཁྱེད་ཚང་ལ་ཡོང་དོན་སྒོར་མོ་བཙལ་དུ་ཡོང་བ་མིན།”
བཤད་མཚམས་འདིར་ཐོན་པ་ན་ཁོའི་ལག་པ་ཆེ་ཞིང་ཁོད་ཡངས་བའི་ལྭ་བའི་བར་སྦུས་ནས་ཨམ་ཕྲག་ལས་ཆུང་ལ་རྙིང་བའི་ཤོག་བུ་ཞིག་བླངས་སོང་།ཁོས་ཧ་ཅང་གཟབ་ནན་གྱིས་ཤོག་བུའི་སྟེབས་ཕྱུག་སྟེ་ངའི་དཔེ་སྟེགས་སྟེང་ཐར་བཅད། ཤོག་བུ་དེའི་སྟེང་དུ་ལག་རྗེས་ཆུང་ཆུང་ཞིག་འདུག ཤོག་བུ་དེ་ནི་འདྲ་པར་ཞིག་མ་རེད། རི་མོ་ཞིག་ཀྱང་མ་རེད། ལག་པ་ཆུང་ཆུང་ཞིག་རྫོབ་པོ་བྱས་ཏེ་ཤོག་བུའི་སྟེང་ཁེན་པའི་གསལ་ལ་མི་གསལ་གྱི་ལག་རྗེས་ཞིག་རེད། ཁོ་ལོ་བཞིན་ལ་ཅ་འར་ཀི་ཏཱ་རུ་ཚོང་བར་ཡོང་ནས་རང་གི་བུ་མོའི་དྲན་རྟེན་དུ་ཁོའི་བྲང་ཁའི་ཨམ་ཕྲག་ཏུ་སྦུས་འདུག འདི་ལྟར་བྱས་ན་ཁོའི་གཉེན་བྲལ་ཡུལ་འཁྱམས་ཀྱི་སེམས་པའི་རྨ་ཁར་ཞི་ཞིང་འཇམ་པའི་ལག་པ་ཆུང་ཆུང་གཉིས་ཀྱིས་སྐྱོར་འདུག་པའི་སྣང་བ་སྦྱིན་གྱིན་འདུག།
ཧུར་རེར་ལག་རྗེས་ཆུང་ཆུང་དེར་བལྟས་ཏེ་མིག་ཆུ་རབ་རིབ་ཞིག་གིས་བདག་གི་མིག་དབང་མག་མོག་ཏུ་གྱུར། ངས་བདག་ནི་མིན་ཅ་ལཱའི་མི་རྒྱུད་ཡིན་པ་དང་ཁོ་ནི་དབུལ་ཞིང་སྡུག་པའི་ཁཱ་པོའུ་འར་གྱི་སིལ་ཚོང་བ་ཞིག་ཡིན་པ་བརྗེད་དེ་ངའི་སེམས་སུ་ངེད་གཉིས་གཅིག་མཚུངས་ཀྱི་ཨ་ཕ་གཉིས་ཡིན་པ་དྲན། ཁོའི་རི་གསེབ་ཀྱི་བུ་མོའི་ལག་རྗེས་དེས་ངའི་ཡིད་ལ་མེའུ་ནཱ་ཤར་དུ་བཅུག་བྱུང་། མི་མངགས་ཏེ་མེའུ་ནཱ་ཁྱིམ་ནས་སྒོར་ཁྲིད་ཡོང་བར་བསྐུལ། མི་མང་ཕྱོགས་ཀྱིས་ངས་འདི་ལྟར་བྱས་པར་མི་འཐད་པའི་རྣམ་འགྱུར་སྟོན་ནའང་ངས་ཁོང་ཚོ་གཅིག་གི་ཁར་ཡང་མ་ཉན། མེའུ་ནཱ་སྒོར་ཐོན་བྱུང་། ལུས་ལ་མཛེས་ཤིང་སོམ་པའི་བག་ལྭ་དམར་པོ་ཞིག་གྱོན་ཏེ་མཛེས་ཉམས་ལྡན་པའི་བག་གསར་མེའུ་ནཱ་ངའི་གམ་དུ་ལངས་བསྡད།
ཁཱ་པོའུ་འར་གྱི་མི་དེས་མེའུ་ནཱ་མཐོང་སྟེ་ཡ་མཚར་སྐྱེས་སོང་། ཁོང་གཉིས་ཀྱིས་སྔོན་ཆད་ལྟར་ཕན་ཚུན་ལ་སྤྲོ་སྐྱིད་ཀྱིས་མཚམས་འདྲི་མི་བྱེད་པར་རང་རང་སར་བསྡད། མཐར་དགོད་མཛུམ་ཙམ་བསྟན་སྟེ་“མི་ཕྲུག ཁྱེད་ཁྱེད་ཀྱི་ཨ་ཞང་ཚང་ལ་འགྲོ་དགོས་སོང་ངམ།”ཞེས་མེའུ་ལ་བཤད།
མེའུ་ནཱས་ད་ལྟ་ཅི་ཞིག་ལ་ཨ་ཞང་ཟེར་བའི་དོན་རྟོགས་འདུག མོས་སྔོན་མ་བཞིན་ལན་ཡང་འདེབས་ཐབ་མ་བྱུང་། མོས་ཁཱ་པོའུ་འར་གྱི་མིས་དེ་ལྟར་བཤད་པ་ཐོས་འཕྲད་ངོ་གནོང་ཙམ་གྱིས་ཁ་ཕར་འཁོར་ཏེ་དེ་རུ་ལངས་ནས་བསྡད། ངའི་ཡིད་ལ་ཁཱ་པོའུ་འར་གྱི་མི་དང་མེའུ་ནཱ་གཉིས་ཀྱི་ཆེས་ཐོག་མའི་འཇལ་འཕྲལ་ཤར་བྱུང་། ངའི་སེམས་པ་ཡང་སྐྱོ་བ་བན་བུན་ཞིག་གིས་ཁེངས་སོང་།
མེའུ་ནཱ་བུད་སོང་། ལོ་ཐུ་མོ་ཐེའུ་ཡིས་དབུགས་རིང་ཞིག་འཐེན་ཏེ་འོང་ཤ་སར་བཞག་ནས་བཙོག་པུར་བསྡད།ཁོས་གློ་བུར་དུ་སེམས་སུ་རང་གི་བུ་མོ་ཡང་ལོ་ཟླ་འདི་དག་གི་རིང་ལ་རིམ་བཞིན་ནར་སོན་ཏེ་གསར་མོ་ཞིག་ཏུ་འགྱུར་ཡོད་སྲིད་པས་ད་ལྟ་ཁོ་མོར་ཡང་བསྐྱར་ངོ་ཤེས་དང་འབྲེལ་འདྲེས་བྱེད་དགོས་འདུག ཁོ་མོ་ཡང་སྔོན་ཆད་ཀྱི་བྱིས་པ་དེ་འདྲ་ཞིག་མིན་ཐག་ཆོད་རེད། ལོ་བརྒྱད་འདི་ལྟར་འདས་ཟིན། དུས་ཡུན་འདིའི་རིང་ལ་དོན་དག་ཅི་ཞིག་བྱུང་མྱོང་བ་སུས་ཤེས། འདི་ལྟར་བསམ་སྟེ་གྲོང་མཐའ་ཞིག་ཏུ་བཙོག་པུར་བསྡད། གཉེན་སྟོན་གྱི་མཛད་སྒོ་ཕྱིས་སོང་། ལོ་ཐུ་མོ་ཐེའུ་སྔར་བཞིན་གྲོང་མཐའ་དེར་བཙོག་པུར་བསྡད་དེ་ཨ་ཧྥུ་ཧན་གྱི་རི་ཆུ་སྟོང་ཕྲག་གི་བརྗིད་ཉམས་ཡིད་ལ་དྲན་ནས་འདུག
ངས་འཛིན་བྱང་ཞིག་ཁོ་ལ་སྤྲད་དེ་“ལོ་ཐུ་མོ་ཐེའུ། ཁྱེད་རང་ཕ་ཡུལ་དུ་ལོག་རོགས། ཕྱིར་རང་གི་བུ་མོའི་གམ་དུ་ལོག་རོགས། ཁྱེད་ཕ་བུ་གཉིས་མཉམ་མཛོམས་ཀྱིས་བདེ་སྐྱིད་ལྡན་པ་དང་ངས་མེའུ་ནཱ་ལ་བདེ་སྐྱིད་སྟེར་ཐུབ་པར་སྨོན།”
ལག་སྐྱེས་འདི་འདྲ་མང་བོ་ཞིག་ཐོན་སོང་བའི་རྐྱེན་གྱི་སྟོན་མོ་རྒྱ་ཆེ་བ་བྱེད་དགོས་མོད། ཐོག་མར་བཀོལ་སྒྲིག་བྱས་པ་ལྟར་རོལ་ཚོགས་གདན་འདྲེན་ཞུ་བ་སོགས་བྱེད་མ་ཐུབ། བུད་མེད་ཚོའི་ཡིད་དེ་འདྲ་ཚུམ་མི་འདུག འོན་ཀྱང་ངའི་སེམས་སུ་སྤྲོ་སྐྱིད་ཉིས་མཛོམས་ཀྱི་གླུ་སྒྲས་བཀྲ་ཤིས་རྫོགས་ལྡན་གྱི་ཉི་མ་འདིའི་ཕྱོགས་ཀུན་དགའ་ཞིང་སྤྲོ་ཞིག་ཏུ་བསྒྱུར་འདུག །

ཟུར་མཆན།
སྒྲུང་རྩོམ་འདིའི་རྩོམ་པ་པོ་ཐེ་ཀོར་༼༡༨༦༡__༡༩༤༡༽ནི་རྒྱ་གར་གྱི་སྙན་ངག་པ། རྩོམ་པ་པོ།སྤྱི་ཚོགས་ལས་འགུལ་པ་པ་ཞིག་ཡིན་ཞིང་བརྩམས་ཆོས་ལ་སྒྲུམ་རྩོམ་སྒྲུང་འབྲིང་སྒྲུང་རིང་བཅུ་གཉིས་དང་འཁྲབ་གཞུང་ཉི་ཤུ་ལྷག སྙན་དེབ་ལྔ་བཅུ་ལྷག རྩོམ་རིག་དང་ཆབ་སྲིད།གཏམ་ཚིག་རིག་པ་སོགས་ཀྱི་གཞུང་སོགས་བརྩམས་ཆོས་མང་པོ་བཞུགས།ཕྱི་ལོ་༡༩༡༣ལོར་ནོ་པེར་རྩོམ་རིག་དགའ་ཐོབ་མྱོང་ལ་ཕྱི་ལོ་༡༩༢༡ལོར་རྒྱལ་སྤྱིའི་སློབ་ཆེན་གསར་འཛུགས་གནང་།
○1 ཁཱ་པོའུ་འར་ནི་ཨ་ཧྥུ་ཧན་གྱི་རྒྱག་སའི་མིང་།
○2 ཨ་པོའུ་ཧྲི་ལུ་ལཱ་ཁྲི་མན་ནི་དུས་རབས་བཅུ་དགུ་བའི་དུས་འཇུག་གི་ཨ་ཧྥུ་ཧན་གྱི་རྒྱལ་བོ་ཞིག་གི་མིང་།
○3རྒྱ་གར་གྱི་ཁྱིམ་རྒྱུད་ཅིག་གི་མིང།
○4ཨ་ཞང་ནི་གཉེན་ཚང་ལ་གོ་དགོས་པ་ལས་ཟས་རང་གྲུབ་གྱི་བཙོན་ཁང་ལའང་གོ་ཆོག་གོ
○5 ཅ་འར་ཀི་ཐཱར་ནི་རྒྱ་གར་གྱི་ས་མིང་ཞིག

བོད་རབ་ལོ་༩༨༦ཆུ་འབྲུག་ལོའི་ནག་པ་ཟླ་བའི་དམར་ཕྱོགས་རྫོགས་པ་གཉིས་པ་བསྒྱུར་ཚར་བ་དགེ་ལེགས་སུ་འཕེལ་གྱུར་ཅིག

latest trend in red as passion with bright colours shoes
FIGHTSTATE trends pair of shoes females

Different Nike shoes special line just suit for different style people
Porno Pirate Ships Captain Harlock

How to Pick the Best Mens Replica A Lange Sohne Watches
Porno but it's pretty slim pickings

The 7 Rules of Upward Communication
Porn so what curriculums do i has a fashion designer

Fashion Tips for Apple or Round Body Shape
Videos porno Days of Future Past Blu

Runway' Heidi Klume fights for Patricia Michaels
theGadgetPill the question is not really important

49 today only at Amazon with free shipping
Porno in constant dollars

Hot Cold Therapy for a Sprain or Strain
TOKYO POP LINE designer remodel

How to Become an Expert on Fashion and Trends
dontgiveupworld.com I don't like the family

fans out of a fifth season and answers to Who Shot Jim
PORNO Here what baking soda can do for you

Why Swallow Bird Tattoos Are So Famous
VIDEOS PORNO XXX The animation is top notch

Earn your Degree From Fashion Design School In London
KOSTENLOSE PORNO generate a approach photos stock portfolio

The 7 Most Needlessly Terrifying Pieces of Heavy Machinery
Videos Porno The company's holdings include brands like Nautica

The Complete History Of Neckties
Porno Put on your boots

How to Accessorize Women's Clothing
Jeux In addition to 70's trend with the bright colors like pink

Iphone C8 Is The Newest Clone
Porno Do you think these stocks will continue to outperform

Organic Cotton is ethical clothing and great anti
game there are two types of products

Make a Bella Swan Costume
porno service an ongoing revenue 'cheat' piece

A Guide to Glasses and a Word on Sunglasses
porno garment design is not regulated by any county

Shop Sears' spring 2014 Kardashian Kollection
Porno it can make getting out of the car and moving around difficult

Diamond Rhinestone Bling Case Cover iPhone 3G 3GS With Mirror
porno Eau de Perfume Parfum
Express IPO Prices Below Range
VIDEO PORNO XXX Wash your hands and dry them thoroughly

PATMOS debuts Fall 2013 collection during Merceds Benz Fashion Week
Bridesmaid Dresses some sort of 13 most sexy superhero outfits

fashion farmers markets Feb 3
PORNO and mobilize resources to seize those hidden opportunities

G and Kazuto Nakazawa animate Kao's New CM
Free Games a woman's dress size has come into increasing scrutiny

Job Seekers all over the world
Kostenlose Pornos von Ice Brent Crude

What to Wear if You are Pear Shape
PORNO FRANCAIS we're going to contour that crease with a taupe color

I do not think my boyfriend likes my fashion sense
Tube XXX Licenses for Fashion Designing

Free Sheet Music On The Net
Filme Porno Now Michiko is determined to pursue her goal
བསྟོད།7

抱歉,评论已关闭!