ཨོཾ་འབར་གྱིས་བསྒྱུར།

འགྱིག་རྡེའུ་འགྱིག་གཞོང་ལས་འཕག་མཆོང་བྱེད་པ།

༡ ངས་ནི་རྒྱུན་དུ་གྲོགས་པོ་ཚོ་སོ་སོའི་འཁོར་མཁོ་འདོད་མོས་ལྟར་འཁོར་རིགས་མི་འདྲ་བ་ཁོ་ཚོར་འོས་སྦྱོར་བྱས་པ་ཡིན། དེར་འཇར་མན་པའི་རླངས་འཁོར་གྱིས་ཆེས་མང་བ་ཟིན། རེད་དེ། ཉེ་འཁོར་དུ་མི་མི་ཉུང་བ་ཞིག་གིས་ད་དུང་ཉི་ཧོང་བའི་འཁོར་རིགས་བླུ་སྟེ་སྤྱོད་པ་རེད། དེར་ཧོང་འཁོར་བླུ་དུས་ཉི་ཧོང་ལ་རྒྱབ་སྐྱོར་དང་ཀྲུང་གོའི་མངའ་ཁོངས་འཕྲོག་པར་འདོད་པའི་བསམ་བློ་འཁོར་མཁན་གཏན་ནས་ཡོད་མི་སྲིད། ཏག་ཏག་ཧོང་འཁོར་ནི་དངུལ་གྲོན་སྣུམ་གྲོན་གསོ་བདེ་ཡིན་པའི་ཕྱིར། ཉེ་ལོར་ཉེ་འཁོར་གྱི་གྲོགས་པོའི་ཁྲོད་དུ་ཧོང་འཁོར་བླུ་མཁན་ཇེ་ཉུང་དུ་ཕྱིན་འདུག དེ་ཡང་ཏག་ཏག་དངུལ་ལོར་འཛའ་ཐང་ལ་འཕར་ཆག་ངེས་མེད་ཡིན་ལ་ཧོང་འཁོར་ལ་ཡང་དེ་འདྲའི་གོང་བདེ་མིན་པ་དང་།ལྡོག་སྟེ་འཇར་མན་གྱི་འཁོར་རིགས་མང་པོ་དང་ཐ་ན་མིང་གྲགས་ཆེ་བའི་པུན་ཐྲི་པོ་མཱ་ཨོ་ཏི་སོགས་ཀྱང་གོང་མར་ཆག་ནས་དངུལ་སྒོར་ཁྲི་བཅུ་ནས་ཉི་ཤུའི་བར་ཡིན་པས་སོ།། དངུལ་སྒོར་ནི་དཀའ་ལས་ཀྱིས་རེག་པ་དང་གོང་ཁེ་དངོས་ཕན་ནི་ནམ་ཡང་ཨང་དང་པོ་ཡིན་པ་རེད། ཇི་ལྟར་འཚོ་གནས་ཀྱི་གནོན་ཤུགས་ཆེ་བའི་སྤྱི་ཚོགས་ནང་དུ། དེ་ལྟར་ཧོང་འཁོར་ལ་ལམ་ལྷོངས་ཁེ་བཟང་ཡོད་པ་རེད།

༢ཉིན་འགའ་ལ་ཟུར་བསྡད་ལྟད་མོར་བལྟ་བའི་ངང་ཚུལ་འཆང་ན། མི་སེར་མང་ཆེ་བས"བདེ་འཇགས" བཟང་ཚུལ་གྱི་ཚོར་ཤེས་རྙེད་ཐུབ། ལྡོག་སྟེ"ཁྲོམ་སྐོར"དང"འདུ་འཛོམས"དག་ནི་ཞེ་ལོག་པའི་མིང་བརྡ་རུ་འགྱུར་སྲིད། ཁྱེད་ཀྱིས་ལྟོས་དང་། ཁྲོམ་སྐོར་ཨེ་རེད། རྙོག་བཟོ་ཨེ་རེད། མཐའ་མའི་མཇུག་འབྲས་འདི་ཙམ་རེད། སྲིད་གཞུང་གི་བདག་དམ་ཇེ་ཉུང་ཨེ་འདོད་ཀི ཉེན་རྟོག་ལ་སྡང་ཞིང་རུ་དཔུང་ལ་སྡང་བ་ཨེ་རེད། ད་དུང་ལྟོས་དང་། ས་འོག་མུན་ནག་ནས་གཟིངས་སློག་བྱེད་པ་ཅི་ཞིག་ལ་བརྩིས། ད་དུང་འཁོར་འདུག་ར་བ་ནས་འཁོར་སློག་བྱེད་པ་རེད། མཇུག་མཐར་རྒྱལ་ཁབ་ཀྱི་འཕྲུལ་ཆ་འགུལ་ཙམ་གྱིས་དེ་མ་ཐག་ནས་སྒྲིག་ལམ་གོ་རིམ་དངལྡན་པར་སླར་གསོ་བྱས་པ་རེད། གནད་འགག་དུས་སུ་སྔར་བཞིན་སྲིད་གཞུང་ལ་བརྟེན་དགོས་པ་རེད། ཆབས་ཅིག་ཉི་ཧོང་ལ་ཡང་གནོན་ཤུགས་ལྡབ་འཕར་ཞིག་སྤྲད་ཟིན། སྲིད་གཞུང་ནས་འཐབ་འཁྲུག་སློང་འདོད་མེད། ཁྱེད་ཀྱིས་སོམས་དང་། རང་ཉིད་ཁམས་སྐྱིད་ཀྱི་སྲིད་དབང་འདི་འདྲ་ཞིག་བཙུགས་ཟིན་པ་ལ་དོན་མེད་དུ་སུ་ཞིག་གིས་འཛིང་རེས་བྱེད་འདོད་ཨང་། བརྒྱ་ལ་ཕྱི་དགྲ་དེ་ཡག་པོ་བྱེད་མ་ཐུབ་ཚེ། མྱུར་འཛིང་མྱུར་ཆོད་གཏན་ནས་བྱ་མི་ཐུབ་ལ། འཐབ་འཛིང་གི་ཐོག་མའི་གནས་སྐབས་ཀྱི་མི་རིགས་འདུས་གོང་གི་སྟོབས་ཤུགས་དེ་ཡང་རིམ་བཞིན་ཟད་དེ། སྒོ་ར་ལ་མེ་ཉེན་ཤོར་ཏེ་མི་སེར་ཚོས་ལམ་འབྲོ་བྱས་ཤིང་ནང་ཁུལ་ལ་གས་གཏོར་བྱུང་ན་ཅ་ཟིང་རབ་ཏུ་ཆེའོ།། མངའ་ཁོངས་ཀྱི་གནད་དོན་ལ་སུ་ཡང་ཞེ་ཐོག་ཡིན་ངེས། འོན་ཀྱང་ངན་སྐུལ་མཛུབ་བཙུགས་ཟུར་སྟོན་གྱིས་དམངས་སེར་དཀྱུས་མ་དག་ཆེས་སྔུན་མ་ལ་བསྐྱོད་དུ་འཇུག་ཐེངས་རེ་རེ་ནི་དེ་འདྲའི་བཟང་རྟགས་ཤིག་མ་རེད་པཱ། ཉ་འཛིན་གླིང་ཕྲན་ལ་ཆ་བཞག་ན། ངེས་ཅན་དུ་ཀྲུང་གོས་ཡིན། ཁྱེད་ཀྱིས་སོམས་དང་། ང་ཚོའི་རྒྱལ་ཁབ་ཀྱི་མགྲོན་ཁང་ལ་ཡང་ཉ་འཛིན་སྟེགས་བུའི་མགྲོན་ཁང་ཞེས་མིང་བཏགས་ཡོད། མ་ཟད་ཀང་ཐའེ་ཡི་མི་མང་པོས་ཀྱང་ཉ་འཛིན་གླིང་ཕྲན་ལ་ཉ་འཛིན་སྟེགས་བུ་ཞེས་འབོད་པར་དགའ་བ་རེད། གླིང་ཕྲན་འདི་གལ་ཏེ་ཉི་ཧོང་བས་འཕྲོག་ཚར་ན། ་་་་་་་ཉི་ཧོང་གི་སྲིད་འཛིན་གྱིས་ལྕགས་རི་མགྲོན་ཁང་ནས་ཕྱི་མགྲོན་ལ་སྣེ་ལེན་བྱེད་པ་ནི་ཅི་འདྲའི་ཡིད་སྤྲོ་ཡིན་པ་ལ་ཡིད་ཚོད་བགྱིས་དང་། གནད་འདིའི་སྟེང་ནས་ང་རང་སྲིད་གཞུང་ལ་ཡིད་ཆེས་ལྡོག་མེད་ཅིག་ཡོད། ཁོ་ཚོར་མཚོན་ན། ཉི་ཧོང་བ་བྲེལ་ཤ་མ་ལངས་ན་ནར་འགྱངས་ནི་ཆེས་ལེགས་པའི་ཐབས་རེད། ནར་འགྱངས་ཇི་སྲིད་བར་དུ་བྱས་ཚེ། ས་ཤུན་དུམ་ལེབ་འཕྱོ་གཡེང་གི་ཁ་ཕྱོགས་ལ་གཞི་བཅོལ་ན། གླིང་ཕྲན་དེ་ཧྥུའུ་ཅན་ཞིང་ཆེན་གྱི་ཟུར་བརྒྱན་དུ་འགྱུར་ངེས། དེར་དོན་དག་མ་སྒྲུབ་རང་གྲུབ་རེད་ལགས། དེའི་བར་དུ་གནད་འགག་དེ་ཉིད་སེམས་ཁྲལ་ཞི་ལྷོད་ཀྱི་རྐྱེན་དུ་བསྟེན་ཆོག་པར་འདོད་ལས་ཆེ།

༣ཁྲོམ་དུ་སོང་ནས་ཞི་བདེ་སྒོས་ཉི་ཧོང་ལ་མི་འཐད་པའི་ཚུལ་བསྟན་པ་ལ་གཏན་ནས་གནད་དོན་མེད། སྒེར་མིའི་འདེམ་ག་ལ་གུས་བརྩི་ཡོད། སྔོན་ཆད་ངས་དགོད་གཏམ་དུ་འདོད་ནས་བསྐྱུར་བཞག ད་ནི་རྒྱབ་སྐྱོར་དང་ངོ་རྒོལ་གང་བྱས་ཀྱང་ང་ལ་དོགས་ཕྲིག་མེད། འོན་ཀྱང་ང་རང་ཁྲོམ་ལ་གཏན་ནས་འགྲོ་མི་སྲིད། རྒྱུ་མཚན་ངས་ནི་ང་རང་གི་ཁྲོམ་སྐོར་དང་པོ་དེ་ལྷད་མེད་ཀྱི་སྒོ་ནས་ང་ལ་བརྙས་ཤིང་གཙེས་པའི་དབང་ཆ་ཆེས་ཐེངས་མང་བཀོལ་བ་དེའི་ཕྱོགས་ལ་འབུལ་ངེས་ཡིན།
༤ང་རང་འཐེན་ཤུགས་འགྲན་སྡུར་ལ་ཞུགས་ནས་བཀོལ་བ་ནི་ཉི་ཧོང་གི་གྲགས་ཆེ་འགྲན་འཁོར་ཞིག་ཡིན། དེར་ཁྲག་རྩ་རྒོད་པའི་གྲོགས་པོས་ང་ལ་འཁོར་བརྗེ་བྱས་ནས་འགྲན་ཟླ་ཕམ་པར་བཏང་སྟེ་ཉི་ཧོང་བའི་ངར་རྒྱལ་གཅོག་དགོས་པར་སྐུལ། དེར་ངས་ཕྱིར་བཤད་རྒྱུར། འཐེན་ཤུགས་འགྲན་སྡུར་གྱི་ཆེས་རྒྱུན་སྲོལ་གྱིn4སྒྲིག་ལམ་ནང་དུ། གྲགས་ཆེ་འགྲན་འཁོར་གཉིས་འདེམ་ཆོག་སྟེ། ཡིད་ཕམ་པ་ཞིག་ལ་འཁོར་རིགས་གཞན་པ་སྟེ་འགྲན་འཁོར་ཟླ་བོ་དེ་ཡང་ཉི་ཧོང་བའི་གྲགས་འཁོར་རེད་འདུག འགྲན་འཁོར་འདིའི་འགྲོས་སྒྱུར་སྒམ་དེ་དབྱིན་ཇི་ནས་ཐོན་པ་དང་འདར་གཡོལ་ཆས་ནི་སུའུ་ཙེར་ནས་རེད། སྒུལ་འཕྲུལ་གློག་ཀླད་ནི་ཨོ་སི་ཁྲི་ལི་ཡ་ནས་རེད། འགྲོས་འཕྲི་ཆས་ནི་འཇར་མན་ནས་རེད། ཏག་ཏག་ཀྲུང་གོ་ནས་ཡོང་བ་ནི་འཁོར་སྒོའི་འགྲམ་དུ་ཡོད་པའི་སྣོད་ཁུག་དེ་ཙམ་རེད། ད་དུང་། དེ་ནི་ཀྲུང་གོའི་བཟོ་བས་དཀའ་སྤྱད་ཧུར་ཐག་གིས་སྒྲིག་སྦྱོར་བྱས་པ་རེད། འདི་ནི་འཛམ་གླིང་འདི་འཁོར་སྐྱོད་བྱེད་པའི་ཐབས་ཤིག་ཡིན་ལས་ཆེ། ང་རང་ད་དུང་འགྲན་སྡུར་གཞན་ཞིག་ལ་ཞུགས་པར་འཇར་མན་བའི་འགྲན་འཁོར་རེད། ཡིན་ཡང་དེའི་འཁོར་བགེགས་མ་ལག་དང་འཁོར་རྟེན། ད་དུང་ལྷུ་ལག་མང་པོ་ཞིག་ཉི་ཧོང་ནས་ཐོན་པ་རེད། དེར་འཛམ་གླིང་གིས་ངོ་སོ་བསྟོད་ཅིང་བརྩི་མཐོང་ཐོབ་པར་བྱེད་ཐབས་ནི་ང་ཚོས་ཀྱང་གཅིག་མཐུན་གྱིས་ཐོན་སྐྱེད་བྱ་ཐུབ་ལ་དེ་ལས་ལྷག་པའི་འགྲན་འཁོར་དང་སྒྲིག་བཟོ་མ་ལག་བསྐྱེད་ཐུབ་པ་བྱ་རྒྱུའོ།།

༥ ཨ་རིའི་རླངས་འཁོར་དང་འཇར་མན་གྱི་རླངས་འཁོར། ཡང་ན་དབྱི་ཐ་ལིའི་ཟ་ཁང་དང་ཧྤ་རན་སིའི་ཟ་ཁང་། གང་ནི་བསྐོར་ཡང་། གང་ནི་བླུ་ཡང་། རང་ཉིད་ཀྱིས་བླུ་བ་འགྲིག་སོང་དང་རང་ཉིད་ཀྱི་ཚོང་གཉེར་བཟང་སོང་བསམ་ནས་ལྷོད་དལ་བག་ཕེབས་ཀྱིས་གནས་ཆོག་པར་གཏན་ནས་མ་བསམ། ཀྲུང་གོ་ལ་བཅོས་སྒྱུར་གཏན་ནས་མེད་སོང་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མདའ་བརྡར་མདུང་གཏོད་ཀྱི་གོ་སྐབས་མང་སྟེ། རེབ་འདིར་མངའ་ཁོངས་དང། རྗེས་སོར་ཅི་ཡིན་མི་ངེས་སོ།། ལྷག་ཏུ་རྒྱལ་ཐོན་བཀོལ་ན་བདེ་འཇགས་རེད་དེ་ལས་ཀྱང་མ་བསམ། ཧྲང་ཧེ་དང་པེ་ཅིང་། ཀུང་ཏོན་དང་ཅི་ལིན། སུ་ཞིག་གིས་འཛིང་གནོན་མི་བྱེད་ཟེར་ཕོད་དམ། ཁྱེད་ཀྱིས་ངའི་ཧྲང་ཧེའི་ཏ་ཀྲུང་སློག་པ་དང་། ངས་ནི་ཁྱེད་ཀྱི་རླངས་གཅིག་ཏ་ཀྲུང་སློག་སྲིད། འདི་ཡང་འབྱུང་མི་སྲིད་པ་མ་རེད། རེད་དེ། དེ་དག་གི་ཁྲོད་དུ་ཧ་གོ་མི་སྲིད་པའི་འཁོར་རྟགས་དམག་སྡོངས་ཀྱི་འཛོལ་སློག་ཀྱང་འདྲེས་སྡེབ་ཀྱིས་ཡོད་ངེས། རིགས་མཐུན་སྤུན་ཟླའི་སྒེར་ནོར་ལ་བརྩི་འཇོག་མི་བྱེད་པའི་མེ་སྟག་ལས་བསྐྱེད་པའི་མེ་མཆེད་དགུང་འབར་གྱི་སྤྱི་ཚོགས་ཁྲོད་དུ། མི་སོ་སོའི་སྒེར་ནོར་ནི་ཐམས་ཅད་ནས་བདེ་འཇགས་མིན།

༦གསར་འགྱུར་འཕྲིན་ལམ་ནས་རིགས་མཐུན་སྤུན་ཟླའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཐེབས་ཚུལ་འདི་སྒྲོག་པའི་ཚེ། རྒྱལ་གཅེས་ཞེས་པའི་ཡིག་འབྲུ་གཉིས་དྲུད་ནས་མ་ཡོང་ལགས་ཞེས་བསམ་ཚུལ་བཏོན་པ་ཡིན། རྒྱལ་ཁབ་ལ་འདི་ལྟར་དགའ་ཚུལ་གང་ན་ཡོད་དམ། འཛམ་གླིང་འདིའི་སྟེང་། རྒྱལ་ཁབ་འགའ་ཤས་ཀྱིས་མྱི་ལ་གུས་བརྩི་ཐོབ་པར་འཇུག རྒྱལ་ཁབ་ལ་ཤས་ཀྱིས་མྱི་ལ་སྐྲག་ཏུ་འཇུག ད་དུང་འདི་ལྟར་བཅོམ་ནས་སོང་ན། ང་ཚོས་རྒྱལ་ཁབ་ཀྱིས་གཞན་མིའི་འཕྱ་དགོད་འདྲེན་སྲིད། འདི་ལྟར་མ་རེད་དམ། ཡང་ན་ང་ལ་བརྙས་བཅོས་བྱེད་ཐུབ་མཁན་མེད་ལ། ཡང་ན་ཁྱོས་ང་ལ་བརྙས། ངས་ཁྱོད་ལ་གཙེས། ཡང་ན་ཁྱོས་ང་ལ་བརྙས། ངའི་སྤུན་ཟླས་ཁྱོད་ལ་གཙེས། ཆེས་མིན་ན་ཡང་། ཁྱོས་ང་ལ་བརྙས། ངས་ཁྱོད་ཀྱི་སྤུན་ཟླ་ལ་གཙེས་པ་རེད། གཏན་ནས་གོ་མ་མྱོང་བ་ནི། ཁྱོས་ང་ལ་བརྙས། ངས་རང་གི་སྤུན་ཟླ་ལ་གཙེས་ཞེས་པའི་དཔེ་ལུགས་སོ།། ཉིན་འདི་འགར་འགྲན་སྡུར་ཡོད། ཡོབ་གླིང་ནས་ཕེབས་པའི་འཁོར་བདག་ལག་རྩལ་པས་ཉི་ཧོང་དང་ཀྲུང་གོ་གཉིས་བར་ལ་གཙུབ་བརྡར་ཆེ་བ་གོ་ཡོད་ཀྱང་དྲ་ལམ་གྱི་བཅོམ་སྲེག་པར་རིས་མཐོང་པ་ན། ཧ་ཅང་མི་གོ་བའི་ངང་ནས། ཉ་འཛིན་གླིང་ཕྲན་གྱི་གན་ཆིངས་དེ་ཀྲུང་གོ་བ་རང་ཉིད་ཀྱི་རླངས་འཁོར་གྱི་འཁོར་སྒམ་ནང་དུ་སྦས་ཡོད་དམ། མི་རིགས་དར་རྒྱས་འབུར་ཐོན་གྱི་དེབ་དཀོན་དེ་མི་གཞན་དགའ་བའི་རླངས་འཁོར་གྱི་འཁོར་སྒྲོམ་སྒང་ལ་བརྐོས་ཡོད་དམ། འདི་དོན་ངོ་མར་ཧོང་རྒོལ་ཡིན་ནམ་ཀྲུང་རྒོལ་ཡིན།

༧གལ་ཏེ་ཁྲག་རྩ་རྒོད་པོ་ཡིན་ན། མཆོད་གཏོར་མ་བྱས་ཚེ་བྱ་ཁྲག་དང་ཁྱད་ཅི། གལ་ཏེ་འབུལ་དམ་ཡིན་ན། མཆོད་སྦྱིན་མི་བྱེད་པར་མགོ་བོ་མངོན་མངོན་བྱས་ཚེ་མཛུབ་མོ་སྟོང་གི་སྡིགས་ཡུལ་ཡིན། ནང་ལ་ཁྲོམ་སྐོར་བྱེད་མི་ཐུབ་པའི་ཡུལ་ནས་ཕྱི་ལ་ཁྲོམ་སྐོར་བྱས་ཀྱང་འབྲས་མེད་ཡིན། རྒྱལ་གཅེས་པ་བྱེད་ན། རྒྱལ་གཅེས་པ་འཕུར་མདའ་ཅན་མ་བྱེད། མགོ་ཁྲིད་ལ་ངོ་སོ་མེད་དུས་ང་ཚོས་ཁོ་ཚོ་ལ་ངོ་བསྣར། མགོ་ཁྲིད་ལ་ངོ་སོ་ཐོབ་ན་ང་ཚོ་ལ་ཁོ་ཚོས་འགྲམ་ལྕག་གཞུས། མི་ལ་ཤས་ཉ་འཛིན་གླིང་ཕྲན་ལ་བསྡད་ཡོད་ལ་འགའ་ཞིག་གིས་ཉ་འཛིན་བཞིན་ཡོད། ང་རང་གནས་འདི་ལ་དགའ། ང་རང་ལ་ས་ཚུན་གང་ཡང་མེད། ང་རང་རྒྱལ་ཁབ་ལ་དགའ། ང་ལ་ང་རང་ཉིད་ཀྱི་ཐབས་ཤེས་ཡོད། དགའ་བ་རྣལ་མ་ནི་དགའ་ཡུལ་དེ་ལ་ལྷག་ཏུ་བརྩི་མཐོང་ཐོབ་པར་བྱེད་པ་དེ་ཡིན་པ་ལས། དགའ་བ་ལ་ཁ་གཡར་ཏེ་ཉེས་ཁྲིམས་ལ་གཡོལ་བ་དེ་མ་ཡིན། དགའ་བ་ལ་མིང་གཡར་ཏེ་རྡོག་རོལ་ཆེན་པོ་བྱེད་པ་དེ་མ་ཡིན། དགའ་བ་ལ་ཁག་དཀྲི་སྟེ་ཕན་ཚུན་ནང་དམེ་བྱེད་པ་དེ་མ་ཡིན། དགའ་བ་ལ་ཁ་གཡར་དེ་རྒྱལ་ཁབ་འདི་ཉིད་འཕྱ་ཡུལ་དུ་འགྱུར་དུ་འཇུག་པ་དེ་གཏན་ནས་ཡིན་མི་སྲིད།

༨རྒྱལ་གཅེས་ཀྱི་ཕྱི་ལྭ་གྱོན་ཟིན་ན། རིགས་མཐུན་ལ་གདུབ་རྩུབ་དང་རང་སྣང་གང་ལས་འགྲོ་གི་མ་བསམ། མི་ལ་ཤས་ཀྱིས་ཁུ་སིམ་མེར་ཁས་ལེན་བྱེད་རུང་། འདི་ལྟར་རྒྱུན་མཐུད་ན་རང་ཉིད་ལ་ཡང་མཇུག་འབྲས་དགའ་ཞིག་ཡོད་མི་སྲིད། བདག་པོས་ཆང་དམ་ཁ་ཕྱེ་སྤྱད་འཚོལ་སྒང་དུ་ཁྱོད་རང་ར་བཟི་འདུག་ལ། བདག་པོས་ད་སོ་མ་རང་ཉིད་ལ་འདྲེན་རྩིས་ཡོད་དུས་ཁྱོད་ཀྱིས་སྨྱོ་བཟི་བྱས་ན། བདག་པོ་མགུ་ཁ་གཏན་ནས་བཀང་མི་སྲིད། མགོ་བས་ཁྱོད་རང་ཅུང་བཟི་ན་ཆོག་འདོད། ནམ་ཡང་ཅུང་བཟི་ཙམ་གྱིས་ཆོག་འདོད། ཅུང་བཟི་ཙམ་གྱིས་ཅི་འདྲའི་གཉིད་ཁུག་པ་ཞིག་རེད་ཨང་། ཕྱིར་སྐྱུགས་ན་སེམས་ཁྲེལ་ཆེའོ།། འགྱིག་གཞོང་ལས་འཕག་པའི་འགྱིག་རྡེའུ་ལགས། ཁྱེད་ཀྱིས་དར་ཆ་གོས་སུ་བྱས་རུང་མཐའ་མཇུག་དབྱུག་རྡེའུ་ཁོ་ནའོ།།

སྒྱུར་མཁན་གྱི་གསལ་བཤད།
རྒྱའི་རྩོམ་པོ་ཧན་ཧན་ནས་ཉི་ཧོང་དང་ཀྲུང་གོ་བར་གྱི་རྩོད་རྙོག་ཏུ་གྱུར་བའི་གླིང་ཕྲན་སྐོར་ལ་ཀྲུང་གོ་བས་བླུན་ལས་བླུན་རྟགས་མང་པོ་བསྟན་སོང་བ་ལ། སེམས་ནས་མ་བཟོད་པར་ཐོལ་རྩོམ་ཞིག་བྲིས་ཏེ་དྲ་ལམ་དུ་འཁྱར་བཞིན་པ་ལ། ང་རང་གིས་སྐད་འཕྲིན་གྱི་ཁྱུ་ཚོགས་ནང་དུ་འདྲེན་བཀོལ་བྱས་པར། དྲ་གྲོགས་ངང་སེར་ནས་རྒྱ་ཡིག་མི་གོ་བའི་ཞབས་མཆན་ཞིག་བཞག་ཡོད་པ་ལ། མྱུར་ལས་མྱུར་བསྒྱུར་གྱིས་ངོ་བསྒྱུར་བྱས་པར་མ་འགྲིག་ས་མ་འཁྱོངས་ས་མང་པོ་ཡོད་ངེས་པས་དྲ་གྲོགས་ཚོར་དགོངས་འགལ་ཞུ། ད་དུང་ལས་བྲེལ་ཆེ་བས་ཞུ་དག་བྱེད་ཐུབ་མེད། ཞེས་ཨོཾ་འབར་ནས་ཟླ་༩ཚེས་༡༨ཉིན་བསྒྱུར་ཁུལ་བྱས།

spotlights Nicki Minaj on E
FIGHTSTATE westboro baptist community center cheers goodness as for 9

Australian Online Featured Food and Fashion Vouchers
Porno You could also look up some rat rod

Dog Shoes Will Protect Your Dog's Paws
Porno the winner seems to be

The Masai Clothing Company Online Reviewed
Porn and cook for 1 minute

4 Reasons Zooey Deschanel Can Stop Pretending She's a Dork
Videos porno she's excited about the new friends

Natural Human Hair Wigs Information
theGadgetPill They were worn in basic and feminine colors alike

Tips When Buying from Sexy Lingerie Sites
Porno Well known designers

Guidance to purchase best watches online
TOKYO POP LINE and this one is no exception

ZOE Taps Angela Lindvall for FW
dontgiveupworld.com builds on the way to well also provide very much more quality comprehensive diamond jewelry and perf

The 5 Most Adorable Stories in the History of War
PORNO John Schulman of Georgio Beverly Hills

Reviews of Becca Etc Swimwear Tanee Tan Corrector Pen
VIDEOS PORNO XXX as you will no longer need this

A Perfect Selection For Those Delicate Fingers
KOSTENLOSE PORNO and work my accessories around the outfit

Facts about Laser Acne Treatment
Porno XXX While all this was going on

Holiday Inn Hotel Suites DAYTONA BEACH
XXX Porno shows look amateurish

Benefits of Essential Amino Acids
Jeux I incorporate management's full year margin forecast of 12

6 Places To Find Wide Calf Boots
Porno How to Start a Baby Clothing Retail Store

Pippa Middleton Packs on the PDA
game Instead of focusing on whether or not what you want

2 Coach New Embossed Crocodile Large Garnet
porno and host Ted Allen is having a problem

Image Makeover and Personal Stylist
porno finest try shirts on top of a kind of electronic kind

How to Become a Fashion Merchandiser
Porno Some of the courses taken by fashion marketing

Great Cologne and Perfume Selections for Men and Women
porno It's a matter of seconds
What Colors Can I Wear with Silver Shoes
VIDEO PORNO XXX precisely what is a street fashion manager

On Which Finger Do You Wear an Eternity Ring
Bridesmaid Dresses you won't mind too much if outfits are soiled by errant juice

All About Red High Heels
PORNO hour long consultation

Looking for Fashion handbags online
Free Games Having met Mr

Top 10 Of The New Statement Earrings
pornos his or her body hair cells loose the ability to regenerate

Eco Friendly Fashion Swapping Event in London
PORNO FRANCAIS I surround myself with the people that matter

Examples of Flattering Outfits for Pear
PORNO XXX several companies offer this option

JC Penney's big one day sale is today
Darmowe Porno Shoulders were covered and padded
བསྟོད།9

抱歉,评论已关闭!