ངང་སྒོང་འཚོང་བའི་ཨ་ནེ་རྒན་མོ།

གཞི་རིམ་པས་བསྒྱུར།

ཉིན་དེར། བྲེལ་འཚུབ་ཀྱིས་ཀྲང་ཅ་ཅེའི་ནགས་ཚལ་སྤྱི་གླིང་དུ་འབབ་པའི་གསེར་ལྕག་ཆུ་བོར་སྐོར་གཡེང་ཞིག་བྱས་རྗེས་གྲོགས་དང་དུས་འཛོམ་བྱ་བར་ད་དུང་ཆུ་ཚོད་གསུམ་ཙམ་ལྷག་འདུག་པས། ཁོ་བོས་གོ་སྐབས་དམ་འཛིན་བྱས་ཏེ་ཡུལ་སྐོར་རླངས་འཁོར་དང་གླ་འཁོར་གང་ལའང་མ་བུད་པར་ལོབ་ཕྱོགས་ལྟར་གནས་དེ་གའི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་ཕྱིར་ལོག་པར་བརྩམས། འདི་ལྟར་བྱ་བ་ནི་ས་གནས་སྡོད་དམངས་ཀྱི་འཚོ་བ་དང་ཉེ་བར་འགྲོག་ཚུལ་ཞིག་ཡིན་ལ་བདག་གི་གསང་བ་ཞིག་སྟེ་རྩོམ་འབྲིའི་སྒུལ་ཤུགས་དང་འབྱུང་ཁུངས་ཀྱང་ཡིན་ནོ།། ཁོ་ཚོའི་ཁ་བརྡ་དང་གྲོགས་སྒྲིག་གི་ཁྲོད་ནས་ཐོབ་པའི་ཤེས་ཡོན་དང་བརྡ་འཕྲིན་ནི་ ཁོ་བོས་མི་ཚེ་གང་བོར་དཔེ་དེབ་གང་ནས་ཀྱང་རྙེད་ཐབས་བྲལ་བ་ཞིག་ཡིན་ངེས།

པར་ཆས་ཆེན་པོ་ཁུར་བའི་བདག་གིས་ས་གནས་སྤྱི་འཁོར་འཚོལ་བ་མཐོང་དུས་མི་རྣམས་ལ་ཅུང་ཡ་མཚར་བའི་རྣམ་འགྱུར་ཞིག་ཀྱང་འབྱུང་གིན་འདུག མི་འདི་ཡུལ་སྐོར་བར་ཆེད་དུ་དམིགས་ཤིང་བདེ་ཞིང་འབོལ་ལ་རིན་གོང་ཡང་དཀའ་རྒྱུ་མེད་པའི་མགྲོན་འཁོར་དུ་མི་སྡོད་པ་ཅིའི་ཕྱིར་སྙམ་ཡོད་ལས་ཆེ་མོད། ང་རང་ཅིས་ཀྱང་སྤྱི་འཁོར་དུ་འདུག་འདོད།

ང་རང་མི་བདུན་བརྒྱད་ཙམ་བསྡད་པའི་སྤྱི་འཁོར་ཞིག་ཏུ་བུད་པ་ན་དེའི་ནང་དུ་སླེ་བོ་མང་པོས་གང་ཞིང་ཁ་དབུགས་ཀྱི་ཁྲོད་དུ་ལྡུམ་ཚལ་དང་སུར་པན་གྱི་དྲི་མས་ཁྱབ་ནས་འདུག མིག་ཉུལ་ཞིག་བྱས་པ་ན། ཁོ་ཚོ་ས་གནས་ཞིང་སྡེའི་ནང་གི་བུད་མེད་དར་མ་དང་རྒན་པ་སྐོར་ཞིག་ཡིན་ཞིང་ང་ཡང་ཁོ་ཚོའི་ཁྲོད་དུ་བསྡད་ནས་ཁ་བརྡ་གློད་པ་ཡིན། རླངས་འཁོར་མ་སོང་བའི་སྐར་མ་ཉི་ཤུའི་ཡུན་ཙམ་གྱི་ཁ་བརྡ་བརྒྱུད་ནས་ངས་ཁོ་ཚོ་ཡུལ་སྐོར་ས་ཁུལ་དུ་ཡོང་ནས་དངོས་པོ་ཙག་ཙིག་འཚོང་བའི་ཉེ་འགྲམ་གྱི་ཞིང་བ་ཡིན་པ་ཤེས་ཤིང་། ཁོ་ཚོའི་ཁྲོད་དུ་ཆེས་ཆུང་བ་ལོ་ན་སུམ་ཅུ་ཅན་འགའ་རེ་དང་ཆེས་ཆེ་བ་ལོ་ན་བདུན་ཅུར་སོན་པའི་རྒན་མོའང་ཡོད་འདུག

ཁོ་ཚོས་སྔ་གཞུག་རྩད་ནས་ང་དང་ཁ་བརྡ་བྱས་ཤིང་། གཅིག་གིས་“ད་སྔའི་དབར་དུ་ཡུལ་སྐོར་བ་ཞིག་ཧ་ལམ་ང་ཚོའི་སྤྱི་འཁོར་དུ་བསྡད་མ་མྱོང་”ཟེར་བ་དང་། ཡང་གཅིག་གིས། “ཁྱོད་ནི་གྲོང་ཁྱེར་ནས་ཡོང་བ་ཡིན་ངེས། འོན་ཀྱང་ཁྱོད་ནི་མི་འདྲ་བ་ཞིག་སྟེ་ང་ཚོ་དང་མི་འདྲ་བ་མ་ཡིན་པར་ཡུལ་སྐོར་བ་མང་པོ་ཞིག་དང་མི་འདྲ་བ་འདུག”ཟེར།

རེད་དེ། ང་རང་མི་འདྲ་བ་ཞིག་ཡིན་པ་བདག་གིས་ཀྱང་ཤེས་ནས་ཡོད། གལ་ཏེ་འདི་ལྟའི་སྤྱི་འཁོར་དུ་སྡོད་མཁན་ཞིག་ཡོད་ཚེ་དེ་ནི་ལོ་ཆུང་ཡུལ་སྐོར་བ་དག་ཡིན་ངེས་པ་ལས་བདག་གི་ལོ་ཚོད་དང་མཉམ་ཞིང་ཡུལ་སྐོར་བྱ་བར་སྒོར་མོས་འདང་ རྒྱག་མེད་པ་ཞིག་ཡིན་ན་ནི་མི་གཙང་མི་དག་གི་སྤྱི་འཁོར་དུ་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བ་ཅི་ཡང་མེད་པའི་རི་ཁུལ་གྱི་མི་དང་མཉམ་དུ་གཏན་ནས་འདུག་མི་སྲིད།

ང་རང་ཁོ་ཚོ་དང་ཁ་བརྡ་བྱེད་པར་ཤིན་ཏུ་སྤྲོ་བ་ནི་སྔ་དྲོར་སྤྲོ་འཆམ་གྱིས་བསྐྱལ་བའི་བྱ་ལས་ལ་ཁ་གསབ་བྱས་པ་སྟེ། དུས་ཚོད་ཆུད་ཟོས་སུ་མ་བཏང་སྙམ་པས་ཡིན། ཁ་བརྡ་བརྒྱུད་ནས། ངས་ཁོ་ཚོས་དེ་རིང་ལྡུམ་ཚལ་དང་བུམ་པ། བྱ་སྒོང་དང་ལོ་ཆན་ཅི་ཙམ་བཙོངས་པ་རྟོགས་ལ་ཁོ་ཚོས་དེ་རིང་གི་ལག་ཡོང་སྐོར་ནས་གླེངས་པ་མ་ཟད་། རེ་གཉིས་ཀྱིས་སོ་སོའི་ཁྱིམ་ཚང་གི་འཚོ་བའི་རྟེན་གཞི་ནི་ཟླ་རེར་ལྡུམ་ཚལ་དང་སིལ་ཏོག་བཙོངས་རྗེས་ཀྱི་སྒོར་མོ་ག་ཚོད་ག་ཚོད་ཡིན་པའང་ལབ་བྱུང་། ཁོ་ཚོས་གཞུང་དྲང་གིས་ཅི་ཡང་གླེངས་པས་ང་ལ་སྣང་བ་དྲོད་པོ་ཞིག་དབང་མེད་དུ་འཁོར་ཡོང་།

འོན་ཏེ། ཁོ་ཚོའི་ཁྲོད་ཀྱི་ལོ་ན་ཆེས་ཆེ་བའི་རྒན་མོ་དེས་སྐད་ཆ་ཅི་ཡང་མི་བཤད་པར་ང་ལ་ཅེར་འདུག་པར། བདག་གིས་“ཁྱོད་ཀྱི་དངོས་པོ་ཚང་མ་བཙོངས་ཨེ་ཚར་”ཞེས་དྲིས་པ་ན། ཁོ་མོས་མགོ་བོ་གཡུགས་གཡུགས་གནང་བྱུང་བ་དང་། ཡང་བདག་གིས་ཁོ་མོའི་སྨྱུག་སླེར་ཡོད་པའི་ལྡུམ་ཚམ་དང་འགྱིག་ཁུག་ལ་བལྟས་ནས་“དེ་ཅི་ཡིན”ཞེས་འདྲི་པར། ཁོ་མོའི་འདར་འདར་གྱི་ལག་པས་ཁུག་མའི་ཁ་ཕྱེ་ནས་“དེ་རིང་ངང་སྒོང་དྲུག་ཡོད་པ་ལས་གཅིག་ཀྱང་མ་འཚོང་”ཟེར་བས། ངས་ད་གཟོད་བྱག་སྒོང་དུ་འདོད་པ་དེ་དཀར་ཞིང་དཀར་བའི་ངང་སྒོང་ཡིན་པ་ཤེས།

ཁོ་མོས་“ངེད་ཚང་གི་རོ་བཅུད་ཚྭ་བའི་ངང་སྒོང་དག་སྔོན་ཆད་འདི་གའི་ཁྲོམ་འཚོང་བ་དག་ལ་སྤྲོད་ཀྱིན་ཡོད་མོད། ད་ལྟ་མི་དགོས་པར་འདུག”ཟེར་བ་དང་། ཡང་དབུགས་རིང་ཞིག་ཕྱུང་ནས། “འདི་ནི་ཆེས་བཟང་བའི་ངང་སྒོང་ཡིན། སྤྱིར་ན་ད་ལོར་ངང་བ་འགའ་བསྒྲིགས་ནས་སྒོར་མོ་ཅུང་ཙམ་རེ་འཚོལ་འདོད་མེད། འོན་ཀྱང་… …”

སྐབས་འདིར། ངས་ད་གཟོད་ཁོ་མོའི་ངོ་མདངས་མི་བཟང་བ་ནི་དེ་རིང་གི་ངང་སྒོང་དྲུག་པོ་འཚོང་མ་ཐུབ་པའི་རྐྱེན་གྱིས་ཡིན་པ་ཤེས་བྱུང་། ང་རང་ཁུག་མའི་ནང་གི་ངང་སྒོང་ལ་ཅེར་འདུག་པ་མཐོང་ནས་ཁོ་མོས་གློ་བུར་དུ་འཛུམ་མདངས་ཕྱུང་སྟེ་བདག་གིས་ཉོ་མིན་དྲིས་མོད། ངང་སྒོང་དེ་དག་ང་ལ་དངོས་གནས་དགོས་མཁོ་མེད་པས་མི་དགོས་ཞེས་ལན་ལྡོན་པ་ན། སྔོན་ལ་ཨ་ནེ་རྒན་མོའི་ཟེར་སྒྲོས་འབྲངས་ནས་ང་ལ་ངང་སྒོང་ཉོ་བར་སྐུལ་བའི་བུད་མེད་གཞན་དག་གིས་ཀྱང་བདག་ལ་མི་དགོས་པར་མཐོང་ནས་དགོད་ཞོར་དུ། “ཁོ་ལ་ཁྱོད་ཀྱི་ངང་སྒོང་གིས་ཅི་བྱེད་དམ། ཁྱོད་ཀྱིས་རང་གི་ངང་སྒོང་དེ་དག་རིན་ཆེན་རིལ་བུ་རེད་འདོད་དམ་”ཞེས་སྐད་ཆ་ཁོ་མོའི་སྟེང་དུ་བསྐོར་སོང་།

ཁོ་ཚོའི་དགོད་སྒྲས་ང་རང་དོགས་མི་བདེ་བར་བཏང་བས་གལ་ཏེ་ངང་སྒོང་བཙོས་མ་ཡིན་ན་གྲོགས་པོ་ཚོར་རེ་རེ་ཟ་རུ་བཅུག་ནའང་མི་ཆོག་པ་མི་འདུག་སྙམ་ནས་བཙོས་རློན་གང་ཡིན་དྲིས་པར། ཨ་ནེ་རྒན་མོས་“རློན་པ་ཡིན། སྤྱིར་ན་ངང་སྒོང་གཅིག་ལ་སྒོར་གཉིས་རེ་ཡིན་མོད། ཁྱོད་རང་ང་ཚོ་དང་མཉམ་དུ་སྡོད་པར་བལྟས་ན་མི་བཟང་ཞིག་ཡིན་པ་ཁོ་ཐག་ཡིན་པས། ངང་སྒོང་གཅིག་ལ་སྒོར་གཅིག་དང་སྒོར་ཟུར་ལྔ་རེ་བྱས་ཆོག་”ཟེར་བར། ཚང་མས་ཧབ་ཆ་བརྒྱབ་པ་དང་ང་རང་ཡང་དགོད་དགོས་བྱུང་། དེ་ལས་ཀྱང་། ཁོ་མོས་གཏན་ཚིགས་སུ་འདོད་པའི་སྐད་ཆ་དེས་ང་རང་མཚར་བར་བྱས་ཏེ། ཁོ་ཚོ་དང་མཉམ་དུ་བསྡད་པ་ཙམ་གྱིས་ང་རང་མི་བཟང་ཞིག་ཡིན་པའི་ཁྱབ་པ་གང་དུ་ཡོད།

ངང་སྒོང་རློན་པ་འགས་ང་ལ་ཅི་ཞིག་བྱ་མོད། ཨ་ནེ་རྒན་མོའི་ངང་ཚུལ་གྱིས་ང་རང་འདུག་བཟོད་མི་བདེ་བར་གཏད་སོང་། དེ་ལས་ཀྱང་། ད་སོ་མ་བདག་གིས་རི་ངོས་ནས་དབུགས་ཐེངས་གཅིག་གིས་སྒོར་མོ་སུམ་ཅུས་ཉོས་པའི་འཁྱག་ཞོ་ཟས་པ་དང་བསྡུར་ན་ཁོ་མོའི་ཁུག་མའི་ནང་དུ་སྒོར་དགུ་ཡིས་ཁུགས་པའི་ངང་སྒོང་དྲུག་མ་གཏོགས་མེད་མོད། གལ་ཏེ་དགོས་མེད་དུ་ཉོས་ན་ལྐོག་ཏུ་གད་སྙིགས་སུ་འཕངས་ནས་ཆུད་ཟོས་གཏོང་དགོས་པ་དང་། ཡང་གལ་སྲིད་ངང་སྒོང་མ་བླངས་པར་སྒོར་མོ་བྱིན་ན་ཁོ་མོ་ཡིད་འཐད་མི་འབྱུང་བ་ཐག་གིས་ཆོད་པ་མ་ཟད་གྲོགས་མོ་དག་གི་འཕྱ་དམོད་ཀྱང་བྱེད་ངེས་སྙམས་ནས་སོམ་ཉིའི་དྲ་བར་དཔྱངས་པའི་སྐབས་སུ། ཁོ་ཚོས་མུ་མཐུད་དུ་ཁ་བརྡ་བྱས་བྱུང་།

“ཁྱོས་དེ་རིང་གཅིག་ཀྱང་འཚོང་མི་ཐུབ་པ་ཅི་ཡིན་ནམ། ཁྱོས་ཁྱོད་ཚང་གི་ངང་སྒོང་གིས་ཀྲང་ཅ་ཅིའི་རི་ཆུའི་མཛེས་ལྗོངས་ལས་ཀྱང་ཡུལ་སྐོར་བ་དག་གི་ཡིད་དབང་འགུག་ཐུབ་ཟེར་བ་མིན་ནམ།” ཁོ་བོའི་ཕ་ཡུལ་གྱི་ཁ་ལྟོས་འདྲེས་པའི་བུད་མེད་ཅིག་གིས་ཨ་ནེ་རྒན་མོ་ལ་དེ་ལྟར་གསེག་འདྲི་བྱས་པ་དང་། ཡང་ཅིག་ཤོས་ཤིག་གིས་“ཁྱོད་ཚང་གི་ངང་སྒོང་ཁྲོམ་འཚོང་བ་ཞིག་ལ་རྒྱུན་སྤྲོད་བྱེད་ཀྱིན་ཡོད་ན་ཅིའི་ཕྱིར་མི་དགོས་པ་ཡིན་ནམ”ཞེས་བཤད་པར། ཨ་ནེས་དབུགས་རིང་ཞིག་འཐེན་ནས། “དཔལ་འབྱོར་ཉམས་ཉེས་བྱུང་བས་ཡུལ་སྐོར་བ་ཇེ་ཉུང་དུ་སོང་བ་དང་ཇ་དང་བྱ་སྒོང་ཡང་ཉོ་མཁན་མི་འདུག་ཟེར། ང་ལ་ཡང་བྱ་ཐབས་མི་འདུག ངང་བ་བཤས་ན་མ་རེད་ལ་ངང་སྒོང་འཚོང་མ་ཐུབ་པར་ངང་བ་གསོས་ནའང… …”

སྐབས་འདིར། ཚང་མས་ཁ་བརྒྱ་ལྕེ་སྟོང་གིས་དཔལ་འབྱོར་ཉམས་ཉེས་ཀྱི་དབང་གིས་ཚང་མའི་ལག་ཡོང་ཇེ་ཉུང་དུ་སོང་ཚུལ་ལབ་ཅིང་། ཁོ་བོ་ཡ་མཚར་བ་ནི་ལོ་ན་བདུན་ཅུར་སོན་པའི་ཨ་ནེས་ཀྱང་“དཔལ་འབྱོར་ཉམས་ཉེས་”ཤེས་པ་དེ་རེད་པས། “ཨ་ནེ། ཁྱོད་ཀྱིས་ཀྱང་དཔལ་འབྱོར་ཉམས་ཉེས་ཤེས་སམ་”ཞེས་དྲིས་པ་ན། ཁོ་མོས་ང་ལ་ལྟ་ཞོར། “དེ་ཅིའི་ཕྱིར་མི་ཤེས། ཁྱོད་ཚོ་གྲོང་ཁྱེར་བ་དག་གིས་དེ་ལས་ཀྱང་གསལ་བོར་ཤེས་ངེས། ཨ་རི་བ་དག་ཀྱང་སྤྲང་འཁྱམ་དུ་གྱུར་འདུག་ཟེར... ... ”

ཨ་ནེ་རྒན་མོའི་གསལ་གསལ་དག་དག་གི་སྐད་ཆ་དེས་ང་ལ་སྔར་ལས་ཀྱང་ཡ་མཚར་མི་ཉུང་བ་སྐྱེས་སུ་བཅུག ངས་རང་གི་ལུས་སྟེང་དུ་ཁོ་མོར་ཨ་རི་བ་དག་དྲན་དུ་འཇུག་པའི་རྟགས་མཚན་ཞིག་མེད་དམ་སྙམས་ནས་རང་ལུས་ལ་ཞིབ་ལྟ་ཐེངས་གཅིག་བྱེད་དགོས་བྱུང་། ངས་ཁོ་མོར་“ཨ་ནེ་རྒན་མོ། ཁྱོད་ཀྱིས་གང་ཞིག་ནས་ཨ་རི་བ་སྤྲང་འཁྱམ་དུ་གྱུར་བ་ཤེས་པ་ཡིན། དེ་ལྟའི་ཚབས་ཆེན་གྱི་དཔལ་འབྱོར་ཉམས་ཉེས་ཤིག་བྱུང་ཡོད་པ་ངས་ཐོག་དང་པོར་གོ་བ་ཡིན... ... ”

མ་གཞི་ངས་དེ་ལྟར་བཤད་ནས་འགྲེལ་བརྗོད་ལེགས་པོ་ཞིག་བྱ་འདོད་ཀྱང་ཁོ་མོའི་ཧ་མི་གོ་བའི་མིག་མདངས་ཀྱིས་ང་རང་ཅི་བྱ་གཏོལ་མེད་དུ་བཏང་སོང་། མཐའ་སྐོར་གྱི་བུད་མེད་ཚོ་ཡང་བསྐྱར་དགད་ཅིང་ཁོ་ཚོའི་ནང་གི་ལོ་ན་ཅུང་གཞོན་པའི་བུད་མེད་ཅིག་གིས། “མོས་བརྙན་འཕྲིན་ནས་གོ་བ་རྒྱུན་དུ་དེ་ལྟར་འཆད་ཀྱིན་ཡོད། ངས་ཀྱང་ཚགས་པར་ནས་མཐོང་མྱོང་། ཨ་རི་བས་ཀྱང་རང་ཅག་གི་བསྐྱིས་སྒོར་ལ་བརྟེན་ནས་འཚོ་བ་རོལ་གྱིན་འདུག གལ་ཏེ་ང་ཚོའི་སྒོར་མོ་མེད་པ་ཡིན་ན་... ... ”

ཀློག་མཁན་ལགས། སྐད་ཆ་འདིས་ང་རང་ཡང་བསྐྱར་ཧ་ལས་ཧང་སངས་སུ་བཏང་སོང་། ངས་དེ་འདྲ་མིན་ཚུལ་གྱི་གནས་ལུགས་བཅོ་བརྒྱད་དང་བདེན་ལུགས་ཉི་ཤུ་བཤད་ཆོག་ཀྱང་ཁོ་ཚོའི་སྤྲོ་སྣང་ལས་མཆེད་པའི་དགོད་སྒྲས་ཁོ་བོའི་ཅི་ཞིག་བཤད་འདོད་ཀྱི་ངག་སྒོ་གཏན་ནས་མ་འཁྲོལ།

ཀློག་མཁན་ལ་ལས་བདག་གི་པོད་རྩོམ་འགའ་རེས་བློ་འབྱེད་ཀྱི་ནུས་པ་ཐོན་ཡོད་ཟེར་མོད། དོན་ངོ་མར་བདག་གིས་ཆེས་དོགས་ཟོན་བྱེད་སའང་བཤད་སྟངས་འདི་རིགས་ཡིན། ཁོ་བོས་ནི་རང་གི་མཐོང་ཐོས་འགའ་ཤས་རྩོམ་དུ་བྲིས་ནས་གྲོགས་པོ་རྣམས་དང་བསམ་ཚུལ་བརྗེ་རེས་བྱས་ན་རང་གཞན་གཉིས་ཀར་རྔོ་ཅུང་ཙམ་མི་ཐོགས་པའི་ངེས་པའང་མི་འདུག་སྙམ་མོད། མིག་མདུན་གྱི་དོན་དངོས་འདི་དག་མཐོང་དུས་ང་ལ་དོགས་པ་མི་སྐྱེ་རང་དབང་མི་འདུག དངོས་དོན་བཤད་ན་ཁོ་ཚོར་ངེས་པ་དོན་གྱི་ཕན་ཐོགས་ཡོད་དམ།

ཨ་རི་བ་རྣམས་ང་ཚོའི་བསྐྱིས་སྒོར་ལ་བརྟེན་ནས་འཚོ་བ་རོལ་གྱིན་པའི་བཤད་ཡམས་དེས་“དཔལ་འབྱོར་ཉམས་ཉེས་”ཀྱི་རྐྱེན་གྱིས་ངང་སྒོང་དྲུག་པོ་འཚོང་མ་ཐུབ་པའི་ཨ་ནེ་རྒན་མོའི་ཡི་མུག་གི་སྤྲིན་པ་འཇའ་ལྟར་བདས་ཏེ་ཁོ་ཚོ་སྤྲོ་སྣང་གིས་ཁེངས་པའི་སྣང་ཚུལ་འདི་ལ་སུ་ཡིས་བསྙོན་ནམ། རྒྱང་རིང་རྒྱང་རིང་གི འུ་ཚང་གི་བསྐྱིས་སྒོར་ལ་ཁེན་ནས་འཚོ་བ་རོལ་ཐུབ་པ་བྱུང་བའི་ཨ་རི་བ་རྣམས་དྲན་ཐེངས་རེ་རེར། ང་ཚོར་བློ་སྤོབས་སྐྱེ་མི་འོས་པ་ཅི་ཞིག་ཡོད་དམ། ངང་སྒོང་འཚོང་མ་ཐུབ་པ་དང་གློ་ཁུག་ནང་ན་སྒོར་མོ་ཇི་འདྲ་མེད་ནའང་། ང་ཚོར་ནམ་ཡང་ང་རྒྱལ་སྐྱེ་ཆོག་པའི་རྒྱལ་ཁབ་ཅིག་ཡོད་པ་འདྲ། ཙུང་ལི་མཆོག་གིས་“དཔལ་འབྱོར་ཉམས་ཉེས་ལས་རྒྱལ་བར་ཡིད་རྟོན་ལ་བརྟེན་ དགོས་”གསུངས་པའི་ཡིད་རྟོན་དེ་དེ་རིང་ཁོ་བོས་དངོས་སུ་མཐོང་བྱུང་།

འདི་ནི་འུ་ཚོའི་མང་ཚོགས་ལ་དགོས་པའི་ཡིད་རྟོན་ཡིན་ནམ། འདི་ལྟའི་ཡིད་རྟོན་ལ་བརྟེན་ནས་ལོ་ངོ་མང་པོའི་སྔོན་དུ་ང་ཚོས་འདྲེ་ཧ་ལས་ཤིང་ལྷ་ཧང་སངས་པའི་རླབས་ཆེན་གྱི་བྱ་བ་བསྒྲུབས་ཡོད་དེ། ས་ཞིང་མུའུ་གཅིག་ལས་འབྲུ་རིགས་རྒྱ་མ་ཁྲི་ཕྲག་ཐོན་ཟེར་བའི་ཤོབ་རྫུན་ལ་བརྟེན་ནས་མི་དམངས་ཁྲི་སྟོང་མང་པོ་ལྟོགས་གྲིར་བརྫངས་དུས་ཀྱང་། ང་ཚོའི་“མི་དམངས་”ཧྲིལ་བོ་སྔར་བཞིན་བདེ་སྐྱིད་དང་ཡིད་རྟོན་གྱིས་ཁེངས་པ་དང་། “མི་གྲངས་ཉུང་ཤོས་”བཀྲེས་ལྟོགས་ཀྱིས་ཁྱེར་རུང་ང་ཚོར་བཅིངས་འགྲོལ་ཐོབ་པ་དང་ཨ་རི་ཚུད་པའི་འཛམ་གླིང་གི་མི་དམངས་དུང་ཕྱིར་མང་པོར་སྐབས་དེར་ད་དུང་བཅིངས་འགྲོལ་ཐོབ་མེད་པ་མིན་ནམ།

ཐེངས་འདིའི་ཞང་ཞི་{湘西}དང་ཧོ་པེ་{湖北}ལ་ ཡོང་དོན་ཡང་མཐར་གཏུགས་ན་མང་ཚོགས་ཀྱི་འཚོ་བ་ཇི་འདྲ་ཡིན་པ་ཤེས་རྟོགས་བྱ་ཆེད་ཡིན། བཤད་ཚུལ་ལྟར་ཏེ། འུ་ཚོ་ཕྱུག་པོ་སྟོབས་ལྡན་དུ་ཆགས་ཡོད་རབས་ཀྱིས་ཐ་ན་རྒྱལ་ཁབ་མང་པོ་འགྲིམས་མྱོང་བའི་ང་རང་གི་བསམ་བློའང་རབ་རིབ་ཐམ་ཐོམ་དུ་གཏོང་བར་བྱེད། སྤྱིར་ན་ང་རང་གྲངས་རིག་ལ་སྤྲོ་བ་མེད་ཀྱང་སློབ་ཆུང་གི་རྩིས་རྒྱག་ཙམ་ལ་ནི་ཁོ་བོའང་རྨོངས་པ་མེད་དེ། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་GDPཡི་མི་རེའི་ཆ་སྙོམས་ཡོང་འབབ་རྒྱལ་ཁབ་ཉིས་བརྒྱ་ལྷག་གི་ཁྲོད་དུ་ཨང་རིམ་བརྒྱ་པ་མ་གཏོགས་ཟིན་མེད་པའི་སྐབས་སུ། དཔལ་འབྱོར་སྤྱིའི་འཕར་ཚད་ལ་འགྱུར་བ་མེད་པའི་ཆ་རྐྱེན་འོག་ཏུ་ང་ཚོའི་ཤེས་ཡོན་པ་དང་མཐོ་རིམ་པ་དག་གི་འཚོ་བའི་ཆུ་ཚད་གོམ་གང་མཐོ་རུ་བཏང་ཚེ། མ་མཐའ་ཡང་འུ་ཚོའི་མང་ཚོགས་བཅུ་ལྷག་གི་ལག་ཡོང་ཇེ་ཉུང་དུ་འགྲོ་བ་འདི་ཆེས་སླ་བའི་སྟབས་བདེའི་རྩིས་རྒྱག་ཅིག་མ་ཡིན་ནམ།

རྒྱལ་ཁབ་ཀྱིས་རྒྱུ་ནོར་གྱིས་དཔའ་སྐྱེད་ཅིང་ཚོང་ཟོང་གིས་དཔུང་མངོན་པའི་ནི་མི་གྲངས་དུང་ཕྱུར་བཅུ་གསུམ་དང་ཁྱད་པར་དུ་ཉམས་ཆུང་མང་ཚོགས་ཀྱི་ལག་ཡོང་ཇེ་ཉུང་ལས་ཇེ་མང་དུ་མི་འགྲོ་བའི་མཚོན་བྱེད་ཡིན་པ་འདི་ཡང་ཆེས་སླ་བའི་རྩིས་རྒྱག་ ཅིག་མིན་ནམ།

ཁོ་བོས་འདི་ལྟའི་སྟབས་བདེ་རྩིས་རྒྱག་ཅིག་བསྣམས་ནས་ས་ཆ་འགའ་རེའི་མང་ཚོགས་མང་པོ་དང་འབྲེལ་འདྲིས་བྱས་པ་ན། ལྟོས་བཅས་ཀྱིས་ཅུང་ཕྱུག་པོར་ཆགས་ཡོད་ཟེར་བའི་མང་ཚོགས་ཀྱི་འཚོ་བའང་ཧ་ཅང་ཞན། གལ་ཏེ་འདི་གའི་འཚོ་བ་དེ་ཨོ་སི་ཁྲུ་ལི་ཡ་དང་ཨ་རིའི་དབུལ་ཕོངས་ས་ཁུལ་དང་བསྡུར་ནས་བལྟས་ཚེ། དེ་ལ་མི་ལོ་བཅུ་ཁ་བཅོ་ལྔ་ཙམ་གྱིས་མི་ཚད་པར་མ་མཐའ་ཡང་ལོ་ངོ་སུམ་ཅུ་བཞི་བཅུའི་ཡན་གྱི་བར་ཁྱད་ཡོད་པ་རེད། འདི་ནི་ཁོ་བོའི་རྒྱུ་འབྲས་མིག་ཟུང་དང་ཡིད་དཔྱོད་ལས་ཐོལ་བ་སྟེ་གྲངས་ཀ་དང་དོན་དངོས་ཡོངས་རྫོགས་མི་སྣ་ཉུང་ཤོས་ཀྱིས་སྒེར་སྡོམ་བྱས་ཡོད་ནའང་། ཡིད་དཔྱོད་ཀྱིས་ང་ལ་ད་དུང་ངོ་ལོག་མ་བྱས་པར་ཡོད།

ས་ཁོངས་རྒྱ་ཆེ་བ་དང་མི་གྲངས་མང་བའི་རྐྱེན་གྱིས་དངོས་ནས་ཐབས་བཀོད་མེད་པ་ཡིན་ན་བློ་འབྱེད་ཀྱི་ལས་ཀས་ཀྱང་ཅི་ཞིག་བྱའམ། ཏག་ཏག་ས་འདིའི་བརྙན་འཕྲིན་དང་གསར་འགྱུར་གྱི་བསྟན་པ་ཤིན་ཏུ་དར་ཆེ་བ་མ་ཟད་ཧ་ལམ་ཉིན་མཚན་ཀུན་ཏུ་འོད་སྣང་དང་བདེ་སྐྱིད་ཀྱི་དབྱངས་རྟ་ཆུ་བོའི་རྒྱུན་བཞིན་སྒྲོག་པ་དང་། ཨ་རི་དང་ཐེ་ཝན་གླེང་སྐབས་ད་གཟོད་ཡི་མུག་སེམས་སྡུག་གི་རྣམ་འགྱུར་སྟོན་པ་རེད། དེ་ལྟའི་རྣམ་འགྱུར་གྱིས་ཁྱོད་རང་མཐའ་འཁོབ་ཀྱི་རྒྱལ་ཁམས་དེ་དང་ས་ཁུལ་དེར་ སྡོད་མི་དགོས་པར་སྤྲོ་སྣང་དང་དགའ་བ་སྟོབ་སྲིད་ལ། དཔལ་འབྱོར་ཉམས་ཉེས་ཀྱི་རྐྱེན་གྱིས་ངང་སྒོང་དྲུག་པོ་འཚོང་མ་ཐུབ་པའི་ཨ་ནེ་རྒན་མོས་ཀྱང་“ཨ་རི་སྤྲང་འཁྱམ་དུ་གྱུར་སོང་”སྙམ་པས་རང་ཉིད་ཀྱི་ཡིད་རྟོན་སྲ་བརྟན་དུ་བཏང་ཡོད། འདི་ལྟའི་ཡིད་རྟོན་ནི་ང་ཚོའི་“རྒྱལ་ཁབ་”ཀྱིས་དཔལ་འབྱོར་ཉམས་ཉེས་དང་འཆམ་མཐུན་མི་ཡོང་བའི་རྒྱུ་རྐྱེན་རྩད་ནས་འཇོམས་བྱེད་ཀྱི་ནུས་ལྡན་མཚོན་ཆ་མིན་ནམ།

འཁོར་སྒྲོམ་དུ་ཁྱབ་པའི་ཡིད་རྟོན་གྱི་མཁའ་དབུགས་སྟུག་པོས་ང་རང་བསམ་གཞིག་གི་ཀློང་དུ་དྲངས་པའི་སྐབས་སུ། བུད་མེད་ཉེན་རྟོག་པ་གཉིས་རླངས་འཁོར་གྱི་འཁྲིས་སུ་བཅར་ནས་གཅིག་གིས་“འདིའི་ནང་དུ་ལས་ཐུན་གྲོལ་བའི་ལས་བཟོ་བ་འདུག་པས་ཁྱོད་ཚོ་ཐང་ལ་འབབ་དགོས་”ཞེས་བཤད་མ་ཐག ཆུ་ཚོད་ཕྱེད་ཀ་ལྷག་ལ་ང་དང་མཉམ་དུ་བསྒུགས་པའི་ཁོ་མོ་ཚོས་རང་རང་གི་སླེ་བོ་བཟུང་ནས་མྱུར་དུ་མར་བབས་པ་དང་། ཁོ་བོས་རླངས་འཁོར་བརྗེ་དགོས་པའི་རྒྱུ་མཚན་དྲིས་པར། ཉེན་རྟོག་པས་ཚུགས་ཀ་ཆོ་ག་སོགས་ཁོ་ཚོ་དང་མི་འདྲ་བའི་བདག་ལ་ལྟ་ཞོར་“ཁྱོད་ཚོས་རླངས་འཁོར་རྗེས་མར་སྒུག་རོགས་”ཟེར་མོད། ངས་མུ་མཐུད་དུ་ཕ་འདྲི་ཕུགས་འདྲི་བྱས་པ་ཡིན།

སྐབས་འདིར། བདག་དང་ཁ་བརྡ་གློད་ཀྱིན་པའི་བུད་མེད་ཅིག་གིས་“ཁོ་ཚོ་ནི་འདི་གའི་ལས་བཟོ་བ་ཡིན་ཞིང་ལས་ཐུན་གྲོལ་རྗེས་ཁོ་ཚོ་སྔོན་དུ་འགྲོ་རུ་འཇུག་དགོས་པ་རྒྱུན་ལྡན་ཡིན། ཁོ་ཚོས་ཁྱོད་རླངས་འཁོར་དུ་ཡོད་པ་མ་ཤེས་པས་རེད། ཡུལ་སྐོར་བ་མང་དུས་འདི་ལྟར་བྱེད་མི་ཐུབ་”ཟེར། ངས་སྤ་སེའི་རིན་གོང་གཅིག་འདྲ་ཡིན་ན་ཁྱོད་ཚོར་ཅིའི་ཕྱིར་འདི་ལྟའི་གཅིག་མཚུངས་མ་ཡིན་པའི་ལྟ་སྟངས་འཛིན་དགོས་པ་ཡིན་པའི་རྒྱུ་མཚན་དྲིས་པ་ན། ཞིང་སྡེའི་བུད་མེད་དེ་དག་གིས་སོམ་ཉིའི་ངང་ནས་ང་ལ་ལྟ་བར་བལྟས་ན་ངས་ཕལ་ཆེར་འབྲེལ་མེད་དོན་གཞན་གྱི་དྲི་བ་ཞིག་དྲིས་པ་དང་མཚུངས་ལ། ཁོ་ཚོ་རླངས་འཁོར་ལས་འབབ་ཏུ་འཇུག་པ་ནི་གནས་ལུགས་དང་ཡོངས་སུ་མཐུན་པ་ཞིག་ལོས་ཡིན་སྙམ་གྱིན་ཡོད་འདྲ།

ང་རང་རླུང་ལངས་ནས་ཁོ་ཚོ་སྔོན་དང་ང་ཚོ་རྗེས་སུ་འདུག་དགོས་པའི་རྒྱུ་མཚན་དྲིས་པ་མ་ཟད་པར་བརྒྱབ་པ་ན། བཀོད་གཏོང་བས་དགོངས་དག་ཞུ་ཞོར་ཅུང་ཙམ་བསྒུགས་ན་རླངས་འཁོར་གཞུག་མ་མྱུར་དུ་འཐོན་ངེས་ཀྱི་གསལ་བཤད་བྱས་སོང་།

ཁོང་ཁྲོ་ལང་ཞོར་སྐར་མ་བཅུ་ཙམ་བསྡད་པ་ན་རླངས་འཁོར་གཞུག་པ་ཐོན་བྱུང་བས་ངས་ཁོ་ཚོ་རེ་རེ་བཞིན་རླངས་འཁོར་དུ་འབུད་དུ་བཅུག་ནས་རང་ཉིད་ཆེས་རྗེས་མར་ནང་དུ་སོང་བ་ཡིན་མོད། རླངས་འཁོར་ནང་དུ་ཁོ་ཚོས་ཆེས་ལེགས་པའི་འདུག་སྟེགས་ང་ལ་བསྐྱུར་ནས་འདུག

རླངས་འཁོར་སྐྱོད་འགོ་བརྩམས་ཤིང་བདག་གི་ཁམས་མི་དྭངས་པ་དང་སྐད་ཆ་མི་བཤད་པའི་རྣམ་འགྱུར་ལ་བལྟས་ནས་ཁོ་མོ་ཚོས་ང་ལ་སེམས་གསོ་བྱས་བྱུང་། “ཁོ་ཚོས་ཁྱོད་རང་ཡུལ་སྐོར་བ་ཞིག་ཡིན་པ་མ་ཤེས་པས་འདི་ལྟར་བྱས་པ་རེད། ཁོ་ཚོ་ལས་ཐུན་གྲོལ་ན་ཡུལ་དུ་འགྲོ་བས་ཁྱོད་རང་ཐུགས་རྒྱལ་མ་བཞེངས། གང་ལྟར་དེ་རིང་ཁྱོད་ཡོད་པ་ལས་དབང་ཡག་བྱུང་། དེ་མིན་ན་ད་དུང་ཆུ་ཚོད་ཅི་ཙམ་ལ་སྒུག་དགོས་པ་བཤད་དཀའ། ཁྱོས་པར་ཡང་བླངས་ཟིན་པས་ཁོ་ཚོ་ཅུང་ཙམ་ཞེད་གིན་ཡོད་པ་འདྲ།… …ད་ཁོང་ཁྲོ་མ་ལང་… … ”

ཁོ་བོའི་སེམས་ལ་སྔར་ལས་ཀྱང་སྐྱོ་བས་གཟིར་སོང་། ང་རང་རང་ཉིད་རླངས་འཁོར་ལས་འབབ་ཏུ་འཇུག་པར་ཁོང་ཁྲོ་ལངས་པ་ཁྱོན་ནས་མིན། འདི་ལྟའི་རླངས་འཁོར་དུ་བསྡད་པ་ཡང་འཚོ་བ་ལ་མྱོང་རྟོགས་བྱེད་པ་ཙམ་སྟེ་མ་གཞི་རང་ལ་མི་གཏོགས་པར་ས་ཆ་འདི་ལ་ང་རང་གཏན་ནས་གཏན་ནས་ཕྱིར་འཁོར་མི་རྒྱག་ཀྱང་སྲིད།

སྐབས་འདིར། ང་རང་ཁོང་ཁྲོ་ལངས་དོན་ནི་རང་ཉིད་ཀྱི་ཆེད་དུ་མ་ཡིན་པར་བསླུ་བྲིད་ཐེབས་ནས་ཨ་རི་བ་རྣམས་སྤྲང་འཁྱམ་དུ་གྱུར་སོང་སྙམ་པ་མ་ཟད་ཡིད་རྟོན་གྱི་འཁར་བར་བརྟེན་ནས་དཔལ་འབྱོར་ཉམས་ཉེས་ལས་བརྒལ་བར་བརྩོན་པའི་ཨ་ནེ་རྒན་མོ་དང་། ཉེན་རྟོག་པའི་སྐད་ཆ་ཚིག་གཅིག་གོ་བ་ན་དེ་མ་ཐག་ཏུ་སླེ་བོ་བཟུང་ནས་རླངས་འཁོར་ལས་འབབ་པ་དང་འདུག་སྟེགས་དང་བགྲོད་འཁོར་ཁོ་ཚོར་འབུལ་བའི་ཞིང་སྡེའི་བུད་མེད་དེ་དག་གི་སླད་དུ་ཡིན། ཁོ་མོ་ཚོས་ཉིན་མ་རེ་རེར་དངོས་པོ་ཙག་ཙིག་བཙོངས་ནས་འཚོ་བ་རོལ་བ་འདི་ལས་ཀ་གང་ལས་ཀྱང་དཀའ་ཁག་ཆེ་མོད། ཁོ་ཚོས་སེམས་གཏིང་ནས་རང་ཉིད་རྒྱལ་ཁབ་འདིའི་ཆེས་རྩིས་འདང་ཆུང་བའི་མི་དེ་རེད་འདོད་ཀྱིན་འདུག … …

རླངས་འཁོར་དུ་ང་ཁོ་ན་སྨྲེང་སྐྱོའི་འཇིངས་སུ་བྱིངས་ནས་ཁ་བརྡ་བྱེད་འདོད་ཀྱི་སྤྲོ་བ་གཏིང་ནས་ཉམས་སོང་། ཀྱག་ཀྱོག་གི་ལམ་ཕྲན་དུ་རླངས་འཁོར་མདུན་དུ་སྐྱོད་ཅིང་ཁོ་བོའི་བསམ་གཞིག་གི་ཀློང་དུ་རི་ཁུལ་གྱི་ལམ་ཕྲན་ལས་ཀྱང་འབའ་འབུར་གྱ་གྱུ་མང་བའི་སྣང་བ་སྣ་ཚོགས་ངང་གིས་འཁོར་བྱུང་། ཡུལ་སྐོར་ས་ཁུལ་དང་བྲལ་ནས་རི་ཁུལ་དུ་ཐོན་པ་ན་རླངས་འཁོར་དུ་ས་གནས་ཞིང་བས་གང་ཞིང་ང་རང་སྔོན་ལས་ཀྱང་ཁེར་རྐྱང་དུ་གྱུར། ཡང་གཅིག་བཤད་ན། ང་རང་མ་གཞི་ནས་ཁོ་ཚོའི་ཁྲོད་དུ་མི་འཛའ་བར་འདྲ། ཁོ་ཚོ་ལ་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ཡོད་འདུག་སྟེ། སྤྱིར་ན་ཁོ་ཚོ་ལ་ཤིན་ཏུ་ཆ་རྒྱུས་ཡོད་སྙམ་དུ་རློམ་པའི་བདག་གིས་ཁོ་ཚོའི་ཕྱི་ནང་གསང་གསུམ་གང་ཡང་ཤེས་ཀྱིན་མི་འདུག ཁོ་ཚོ་ལ་བློ་འབྱེད་དགོས་ཀིན་མི་འདུག ཁོ་ཚོ་ལ་ཁོ་ཚོའི་བདེ་སྐྱིད་དང་ཡིད་རྟོན་ཡོད་ཅིང་ཡིད་རྟོན་གྱིས་སྟོངས་ཤིང་དགའ་དད་མེད་པ་ནི་ང་ཚོ་ཡིན་ནས་འདུག ཁོ་ཚོ་ལ་བློ་འབྱེད་བྱ་བ་ནི་དགའ་དད་དང་ཡིད་རྟོན་པའི་སེམས་ཁམས་ནག་པོ་ཞིག་གིས་བསམ་ནག་བྱེད་པ་དང་མཚུངས། … …

ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་སློབ་གྲྭ་གྲོལ་ཏེ་བེའུ་རྡང་ཤོར་དང་འདྲ་བའི་སློབ་བུ་ཚོས་ལམ་ཁ་བཀག་ནས་རླངས་འཁོར་དུ་འཚངས་བྱུང་། བྱིས་པ་ལོ་ཆུང་གཉིས་བདག་གི་འཁྲིས་སུ་ལངས་འདུག་པར་འདུག་སྟེགས་སྟེར་བར་རྩོམ་དུས། རྩིབ་ཀྱི་བུད་མེད་གཉིས་ཀྱིས་མྱུར་དུ་བཀག་ནས་ང་རང་མགྲོན་པོ་བཟང་པོ་ཞིག་ཡིན་ཚུལ་ལབ་པ་ན་བྱིས་པ་དེ་གཉིས་བདག་གི་འདུག་སྟེགས་སུ་གཏན་ནས་མི་འདུག་པ་རེད།

རླངས་འཁོར་མུ་མཐུད་དུ་བསྐྱོད་ཅིང་བྱིས་པ་མང་པ་བདག་གི་གཡས་གཡོན་མདུན་རྒྱབ་ཏུ་འཚང་ཁ་ཤིག་ཤིག་གིས་གང་ན་ཡང་། གྲོང་ཁྱེར་ནས་ཡོང་བའི་མཐོ་རིམ་པ་ཞིག་དང་འདྲ་བའི་ཁོ་བོ་ད་དུང་འདུག་སྟེགས་སུ་སྡོད་དགོས་བྱུང་། བདག་གིས་ཨ་རི་དང་ཨོ་སི་ཁྲུ་ལི་ཡ་སོགས་གླེང་མི་འདོད་དེ། དེ་ན་བྱིས་པ་ཚོ་ཡར་བསྐྱལ་མར་ལེན་བྱེད་པའི་རླངས་འཁོར་ལེགས་པོ་ཡོད། … …

ཉིན་མོ་དེར། གྲོགས་པོ་རྣམས་དང་ཁ་བརྡ་བྱེད་འདོད་ཀྱི་སེམས་ཁམས་རྦད་དེ་སྟོངས་ཤིང་ཅི་ཞིག་འབྲི་འདོད་པ་དེ་ཡང་གཞར་ནས་མ་ཕྲིས། དེ་རིང་ཕ་ཡུལ་སུའེ་ཀྲོའུ་{随州}རུ་ལོག་ནས་ད་གཟོད་ཇ་ཡུན་ཙམ་ལ་ཉིན་དེའི་མཐོང་ཐོས་སྣ་ཚོགས་ཡི་གེར་བསྡེབས་པ་ཡིན་མོད། བྲིས་ཚར་རྗེས་རང་ཉིད་ཀྱིས་ཀྱང་ཡང་བསྐྱར་ལྟ་མི་འདོད་དེ། འདི་ནི་གང་ལྟར་གླེང་རིན་མེད་པའི་དོན་དག་ཆུང་ཆུང་ཞིག་དང་དགོས་པ་མེད་པར་དུས་ཚོད་ཆུད་ཟོས་སུ་བཏང་བ་མ་ཡིན་ནམ། བྲིས་ཚར་ནས་དྲ་གྲོགས་ཤིག་ལ་བསྟན་པ་ན། ཁོ་མོས་མྱུར་དུ། “ཁྱོད་རང་བསྡད་ཀིན་བསྡད་ཀིན་དངོས་ནས་ཨ་ནེ་རྒན་མོ་ཞིག་དང་འདྲ། འབྲི་འོས་པའི་དོན་ཆེན་མི་འབྲི་བར་བྱ་སྤུ་སྒོག་ཤུན་ལྟ་བུའི་དོན་ཆུང་འདི་འདྲ་བྲིས་ནས་ཅི་བྱེད། ཁྱོད་ཀྱིས་བྲིས་པ་འདི་འདྲར་ཀྲུང་གོ་བས་ཧ་ལམ་ཅི་ལ་ཡང་བརྩི་མི་སྲིད་ལ་བདག་གིས་ཀྱང་དུས་ཚོད་ཆུད་ཟོས་སུ་བཏང་ནས་ཁྱོད་ཀྱི་རྩོམ་ཡིག་ནང་གི་ཡིག་ནོར་འཚོལ་མི་འདོད་། … …”

རེད་དེ། འདི་ནི་དངོས་ནས་དོན་དག་ཅིག་ལ་བརྩི་སྲིད་དམ། དྲན་པ་ཞིབ་ཏུ་བསྐོར་ན་བདག་གིས་འདི་འདྲ་འབྲི་འོས་པ་མ་ཟད་རང་གི་དཔོད་ཁུག་{博客}ཏུའང་ འཇོག་འོས་འདོད། ཉིན་འདི་ཚོར། ངས་ཨ་ནེ་རྒན་མོས་ངང་སྒོང་དྲུག་པོ་ཅི་ཞིག་བྱས་པར་དྲན་ལ། གལ་ཏེ་ཁོ་མོས་ང་རང་དུས་རྒྱུན་ཨ་རི་ལ་འགྲོ་འོང་བྱེད་མཁན་ཞིག་ཡིན་པ་ཤེས་ཚེ་ངང་སྒོང་དྲུག་པོ་ང་ཚོའི་བསྐྱིས་སྒོར་ལ་ནས་བརྟེན་ནས་འཚོལ་བ་རོལ་གྱིན་པའི་ཨ་རིའི་མི་དམངས་ལ་བསྐུར་སྲིད་དམ། གལ་ཏེ་ཁོ་མོས་སང་ཉིན་ཡང་ངང་སྒོང་དྲུག་པོ་འཚོང་མ་ཐུབ་ཚེ་ཁོ་མོ་སྤྱི་འཁོར་གང་དུ་སྡོད་སྲིད་དམ། ཡང་གལ་ཏེ། ཁོ་མོ་རླངས་འཁོར་ནས་འབབ་ཏུ་འཇུག་པའི་ཉིན་མོ་ཞིག་ལ་སུ་ཞིག་གིས་ཁོ་མོ་ཚོའི་གཞོགས་སུ་ལངས་ནས་སྐད་འབོད་རྒྱག་སྲིད་དམ།… …

འོན་ཏེ། ཁོ་བོས་ངེས་ཤེས་གཏིང་ནས་རྙེད་པ་ཞིག་ནི་བདག་གི་སྐད་འབོད་ཀྱིས་ཁོ་ཚོ་ལ་རོགས་རམ་ཅི་ཡང་མི་ཐུབ་པ་མ་ཟད་དེ་ལས་ལྡོག་སྟེ་ཁོ་ཚོར་རང་ཉིད་ཀྱི་གནས་བབས་མཐོང་ནས་ཡི་ཆད་ཀྱི་འདུ་ཤེས་བསྐྱེད་པའི་ཉེར་ལེན་དུ་འགྱུར་ངེས་ཤིང་། བརྙན་འཕྲིན་དང་ཚགས་པར་ལས་དཔལ་འབྱོར་ཉམས་ཉེས་ཀྱི་གནས་ཚུལ་སྡུག་པོ་དུས་ཐོག་དུས་ཐོག་ཏུ་སྒྲོག་པའི་དབྱངས་རྟ་གཙོ་བོས་ད་གཟོད་ཨ་ནེ་རྒན་པོ་ལ་འཛད་མེད་ཀྱི་ཡིད་རྟོན་བསྩོལ་བ་རེད། འདི་ལྟའི་ཡིད་རྟོན་ནི་འུ་ཚོའི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་དར་བ་དང་མཐོ་རིམ་པ་དང་སྔོན་ལ་ཕྱུག་པོར་ཆགས་ཡོད་པ་དག་གིས་མུ་མཐུད་དུ་འཚོ་བ་སྐྱིད་པོ་རོལ་ཆོག་པའི་མ་མཐའི་རྟེན་གཞི་མིན་ནམ།

{2009.3 དབྱང་ཧུན་ཅུན་གྱིས་བརྩམས། 2012.12 གཞི་རིམ་པས་བསྒྱུར། }

How Can I Make Nail Polish Dry Faster
FIGHTSTATE 6 folks exciting and totally dull abilities

Six Reasons to Like Pluristem Therapeutics
Porno this is my saddleback fabric pockets before 6 months of wear biggest two picture may very well be ho

Why to Select Fashion Modeling as Career
Porno As Kazuomi's feelings run away with him

Holiday Salon Black Friday Specials
Porn huge robo giga advanced assortment

Collection of Salwar Kameez Online
Videos porno and Manson for being aggressively controversial and instead of saying

Dressing sense and the importance of clothing
theGadgetPill For this reason listings with only stock photos are not allowed

Steampunk costuming at the Willits Kinetic Carnivale on Sept
Porno Where to Get the Best Designs

Hunting Down Bargain Stylish Bags
TOKYO POP LINE these colors will bring out blue and

6 Singers Who Are Mistaken About Their Raw Sexuality
dontgiveupworld.com QB Boo Jackson passed for 1

This Company Is Killing It In Retail
PORNO rainfall blanken

Tampa Bay area store hours on Christmas Eve 2011
VIDEOS PORNO XXX how to choose fashion wholesale

Andriod and iPhone App fashion
KOSTENLOSE PORNO infant manner display

750 Million From Clothing Line in 2010
Videos Porno They are stable clothing for every body type

The History of Fashion Design
Porno And it really stays sort of within those

5 Baffling 80s Trends Explained
Jeux Earnest Eats Hot Fit Cereal

The Truth About UV Clothing Page 1 of 2
Porno sabona to locate event stainless steel

Why Mattel Continues To Dominate The Dolls Category
Cool Math Games most effective apparel vit good remarks kate middleton

Oscars 2010 Red Carpet Best and Worst Dressed photos
porno You must ask such a question

Men Body and Facial Hair Grooming Advice
porno and salt in a large bowl

Classy Clubwear for a Night Out
Porno splash closet assortment arriving in qvc

Know More About Fossil Handbags
porno and discover his own identity
The Right Brand for the Right Women
VIDEO PORNO XXX The anchor at the So You Think You Can Dance desk

Brown Shoe Management Discusses Q2 2013 Results
Prom Dresses knew these were short

What current fashion trend do you hate or think is absolutely ridiculous
PORNO Hip hop never goes out of fashion

Hiring A Piano Tuner VS A Piano Technician
Download Free Games A girl who is size 12 will have a 26 inch waist

The Right Skin Tone Colors For You
pornos To the millionaire outdoorsman

is it hot enough for you
PORNO FRANCAIS provides a way for his past to be explored

Then Look Out For The 5 Common Mistakes Every Cheater Makes
free porno pointing at the flickering flat screen

What Clothes Should One Wear for Winter
Filme Porno strategy to work well items tints
བསྟོད།8

抱歉,评论已关闭!