ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་སློབ་མ་རྣམས་ལ་གནང་བའི་གཏམ་བཤད།

བླ་མ་བཀྲ་ཤིས་ཀྱིས་བསྒྱུར།

༄༅། །བདག་གི་ཚ་བོ་ཚ་མོ་གཉིས་ཀྱིས་གཏམ་བཤད་འདི་འགོ་ནས་མཇུག་བར་དུ་ཞིབ་ཀློག་ཅིག་བྱེད་རྒྱུ་ངའི་རེ་བ་ཡིན།

༧ ཚང་མ་སྐུ་ཁམས་བཟང་།
ང་རང་ད་ལྟ་ཧྥུ་ཅི་ཉི་ཡ་ཁུལ་ཨ་ལིན་ཏོན་ཁྱུང་ཝེ་ཁི་ཧྥེ་ཨར་དྷིའི་མཐོ་འབྲིང་གི་སློབ་མ་རྣམས་དང་མཉམ་དུ་ཡོད་ལ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནའང་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་སློབ་མ་མང་བོ་ཞིག་གིས་བརྙན་འཕྲིན་བརྒྱུད་ནས་གནས་འདིར་དོ་སྣང་བྱེད་ཀྱི་ཡོད་ངེས། ཁྱེད་ཚོས་གནས་སྐབས་འདི་མཉམ་རོལ་བྱ་ཐུབ་པར་བདག་སྤྲོ་སེམས་རབ་ཏུ་བརྟས་ཡོད། བདག་གིས་ད་དུང་ཝེ་ཁི་ཧྥེ་ཨར་དྷིའི་མཐོ་འབྲིང་གི་རྩ་འཛུགས་ཀྱི་བཀོད་སྒྲིག་ཁྱད་དུ་འཕགས་པ་འདི་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཚོས་རང་ཉིད་ལ་དགའ་སྤྲོའི་ཐལ་མོ་རྡེབ་རོགས།

ཁྱོད་ཚོའི་གྲས་ཀྱི་མི་མང་བོ་ཞིག་ལ་མཚོན་ན་དེ་རིང་ནི་སློབ་མགོ་ཚུགས་པའི་ཉིན་དང་བོ་ཡིན་པ་བདག་གིས་ཤེས་ཡོད་ཅིང་། ད་སོ་མ་བྱིས་གཉོར་ཁང་དུ་འགྲོ་བའམ་དམའ་འབྲིང་དང་མཐོ་འབྲིང་དུ་འཕར་བའི་སློབ་མ་ཞིག་ལ་མཚོན་ན། དེ་རིང་ནི་ཁྱོད་ཚོ་སློབ་གྲྭ་གསར་བར་སླེབས་པའི་ཉིན་དང་བོ་རེད། དེར་བརྟེན། གལ་ཏེ་ཁྱེད་ཅག་བློ་འཚབ་ཅུང་སྐྱེས་ཀྱིན་ཡོད་ཚེ་དེའང་ཧ་ཅང་རྒྱུན་ལྡན་ཞིག་རེད། ངས་བསམ་ན་མཐར་ཕྱིན་འཛིན་གྲྭའི་སློབ་མ་མང་བོ་ཞིག་ཀྱང་ལོ་གཅིག་གི་རྗེས་སུ་སློབ་མཐར་ཕྱིན་རྒྱུ་ཡིན་པས་རང་རློམ་ཆེན་པོ་སྐྱེས་བཞིན་པའི་སྒང་ཡིན་ངེས། གང་ལྟར་ལོ་རིམ་གང་གི་ཡིན་ཡང་། མི་མང་བོ་ཞིག་གི་སེམས་སུ་ད་ལྟ་ད་དུང་གུང་གསེང་ཡིན་ན་སྙམ་གྱི་ཡོད་ངེས་རེད་ལ། ད་ནངས་ཞོགས་པར་ད་དུང་མང་ཙམ་ཉལ་ཐུབ་ན་ཅི་མ་རུང་བསམ་གྱི་ཡོད་ངེས་རེད། ཁྱོད་ཚོའི་སེམས་ཁམས་འདིར་ཁོ་བོས་བསམ་ཤེས་བྱ་ཐུབ་སྟེ། ང་རང་ཆུང་དུས་སུ། ངེད་ཚང་གིས་ཕྱི་རྒྱལ་དུ་འཚོ་བ་རོལ་བ་ཡིན་ལ་། ང་རང་ཧིན་རྡུ་ཉི་ཞི་ཡ་ནས་ལོ་འགར་བསྡད་པ་ཡིན། ངའི་ཨ་མ་ལགས་ལ་ང་རང་ཨ་མེ་རི་ཁའི་བྱིས་པ་གཞན་དག་འགྲོ་སའི་སློབ་གྲྭར་མངགས་རྒྱུའི་སྒོར་མོ་མེད་ཀྱང་། མོའི་སེམས་ལ་ང་ལ་ངེས་པར་དུ་ཨ་མེ་རི་ཁའི་སློབ་གསོ་མྱོང་དུ་འཇུག་དགོས་བསམ་ནས། གཟའ་ཟླ་བ་ནས་གཟའ་པ་སངས་བར་མོ་རང་ཉིད་ཀྱིས་ང་ལ་གསབ་ཁྲིད་བྱ་རྒྱུའི་ཐག་བཅད། འོན་ཀྱང་མོ་རང་ད་དུང་ལས་ཀར་འགྲོ་དགོས་པས། ཞོགས་པ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་ང་ལ་སློབ་ཁྲིད་མི་བྱེད་ཐབས་མེད་རེད། ང་རང་ཡང་དེ་འདྲའི་སྔ་མོ་ཞིག་ལ་མལ་ལས་ལངས་འདོད་མེད་པ་ཁྱོད་ཚོས་ཀྱང་བསམ་ན་ཤེས་ཐུབ། ཐེངས་མང་བོ་ཞིག་ལ་ང་རང་ཅོག་ཙེའི་ཐོག་ལ་མགོ་བཞག་ནས་གཉིད་ལ་ཤོར་མྱོང་། ནམ་རྒྱུན་བདག་གིས་འཁང་ར་བྱེད་ཐེངས་རེར། ཨ་མས་དུས་རྒྱུན། འདྲེ་ཕྲུག ཁྱོད་ཀྱིས་བལྟས་ན་ངས་ཁྱོད་ལ་ཁྲིད་རྒྱུ་དེ་ཧ་ཅང་ལས་སླ་མོ་ཞིག་རེད་འདོད་པ་ཨེ་ཡིན་ཞེས་བརྗོད་པ་དང་འདྲ་བར་ང་ལ་ཅེར་ནས་འདུག དེར་བརྟེན། ཁྱོད་ཚོའི་མི་ཁ་ཤས་ད་དུང་སློབ་མགོ་མ་ཚུགས་པའི་སྔོན་གྱི་འཚོ་བ་ལ་གོམས་ཡོད་པར་བདག་གིས་རྒྱུས་ལོན་བྱ་ཐུབ།
འོན་ཀྱང་། དེ་རིང་ང་འདི་ནས་འགྲེངས་དགོས་དོན་ནི་ཁྱོད་ཚོར་དོན་དག་འགངས་ཆེན་ཁ་ཤས་གླེང་རྒྱུའི་ཆེད་དུ་ཡིན་སྟེ། ངས་ཁྱོད་ཚོ་དང་མཉམ་དུ་ཁྱོད་ཚོ་མི་རེ་རེའི་སློབ་གསོ་དང་། སློབ་ལོ་འདིར་ཁྱོད་ཚོ་ཚང་མར་བཅངས་པའི་རེ་བ་གླེང་རྒྱུ་ཡིན། ངས་སློབ་གསོ་དང་འབྲེལ་བའི་གཏམ་བཤད་མང་བོ་ཞིག་ཏུ་ནམ་ཡང་འགན་འཁྲི་ཞེས་པའི་ཐ་སྙད་འདི་སྤྱད་མྱོང་ཞིང་། བདག་གིས་དགེ་རྒན་ཞིག་ཡིན་ཕྱིར་ཁྱོད་ཚོར་སྐུལ་ལྕག་དང་། སློབ་སྦྱོང་བྱེད་པར་སྐུལ་འདེད་བྱ་རྒྱུའི་འགན་འཁྲི་འདུག་ཅེས་བརྗོད་མྱོང་ལ། ཁྱིམ་བདག་ཅིག་ཡིན་ཚེ་ཁྱོད་ཚོ་ལེགས་ལམ་དུ་འགྲོ་རུ་འཇུག་རྒྱུ་དང་། ཁྱིམ་གྱི་ལས་བྱ་འགྲུབ་ཏུ་འཇུག་རྒྱུ། རྟག་པར་བརྙན་འཕྲིན་ལ་བལྟ་བའམ་རོལ་རྩེད་ལ་གཡེང་དུ་མི་འཇུག་རྒྱུའི་འགན་འཁྲི་འདུག་ཅེས་བཤད་མྱོང་། བདག་གིས་ད་དུང་། སྲིད་གཞུང་གིས་ཚད་མཐོན་པོའི་སྒོ་ནས་དགེ་རྒན་དང་སློབ་གཙོ་རྣམས་ཀྱི་ལས་ཀར་རམ་འདེགས་བྱས་ཏེ། སློབ་གྲྭ་ཁ་ཤས་སུ་སློབ་མར་ཐོབ་འོས་པའི་སློབ་སྦྱོང་གི་གོ་སྐབས་ཐོབ་མེད་པའི་གནས་བབ་བསྒྱུར་བཅོས་གཏན་འབེབས་བྱ་རྒྱུའི་འགན་འཁྲི་འདུག་ཅེས་ཐེངས་མང་བོར་བཤད་མྱོང་། ཡིན་ཡང་། འདི་དག་ཚང་མ་ཆེས་ལེགས་པའི་ཚད་གཞིར་སླེབས་པའམ། ང་ཚོར་ལས་ཀར་ཆེས་བཟང་བའི་དགེ་རྒན་ཡོད་པ། ནུས་པ་ཡོད་ཚད་འདོན་པའི་ཁྱིམ་བདག་དང་འཛམ་གླིང་གི་ཆེས་ལེགས་པའི་སློབ་གྲྭ་ཡོད་ནའང་། གལ་ཏེ་ཁྱོད་ཚོས་རང་ཉིད་ཀྱི་འགན་འཁྲི་བརྩི་སྲུང་མ་བྱས་ཚེ། འབད་པ་བྱས་བྱས་པ་འདི་དག་ཚང་མ་འཕྲོ་བརླག་ཏུ་ཕྱིན་འགྲོ། ཁྱོད་ཉིན་རྒྱུན་དུས་ལྟར་སློབ་གྲྭར་འགྲོ་བ་དང་། ནན་ཏན་གྱིས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ། ཁྱོད་ཀྱིས་རང་གི་ཕ་མ་དང་མེས་པོ། གཞན་མི་རྒན་གྲས་དག་གི་སྐད་ཆ་སེམས་ལ་འཛིན་པ། ཁྱོད་ཀྱིས་ལེགས་འགྲུབ་བྱ་བར་ངེས་མཁོའི་འབད་པ་བྱེད་པ་བཅས་བྱས་ན་མ་གཏོགས་འདི་དག་ཚང་མར་དོན་སྙིང་གིས་དབུལ་འགྲོ། འདི་ནི་དེ་རིང་བདག་གིས་འཆད་རྒྱུའི་གཙོ་གནད་དེ། ཁྱོད་ཚོ་མི་རེ་རེས་རང་ཉིད་ཀྱི་སློབ་གསོར་འཁུར་དགོས་པའི་འགན་འཁྲིའོ།

ངས་ཐོག་མར་ཁྱོད་ཚོ་མི་རེ་རེས་འཁུར་དགོས་པའི་འགན་འཁྲི་བརྗོད་རྒྱུ་ཡིན་ཏེ། ཁྱོད་ཚོ་མི་རེ་རེར་རང་ཉིད་ཀྱི་ལེགས་ཆ་ལྡན་ཞིང་། ཁྱོད་ཚོ་མི་རེ་རེ་ནི་དགོས་མཁོ་ཡོད་པ་དག་དག་གོ ཁྱོད་ཚོས་རང་ཉིད་ལ་འཁུར་འོས་པའི་འགན་འཁྲི་ནི་རང་ཉིད་ཀྱི་འཇོན་ནུས་རྟོགས་རྒྱུའི་ཐོག་དུ་འཇོག་དགོས་ལ། སློབ་གསོས་འདི་ལྟ་བུའི་གོ་སྐབས་ཤིག་འདོན་སྤྲོད་བྱ་ཐུབ། ཁྱོད་ཀྱིས་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཤེས་ཀྱང་སྲིད་ལ། ཉིན་ཞིག་རྩོམ་ཡིག་དེ་དག་དཔེ་ཆ་དང་ཚགས་པར་སོགས་སུ་འགོད་ཐུབ་ཀྱང་སྲིད། འོན་ཀྱང་། གལ་ཏེ་དབྱིན་ཡིག་གི་སློབ་ཁྲིད་སྐབས་རྒྱུན་དུ་རྩོམ་ཡིག་འབྲི་བར་སྦྱོར་བརྡར་མ་བྱས་ཚེ། ཁྱོད་ཀྱིས་རང་ཉིད་ལ་འདི་ལྟ་བུའི་འཇོན་ནུས་ཤིག་ཡོད་པ་རྟོགས་མི་ཐུབ། ཡང་ཁྱོད་རང་གསར་གཏོད་པ་དང་གསར་རྟོགས་མཁན་ཞིག་ཏུ་འགྱུར་ཡང་སྲིད་ལ། ཐ་ན་iphoneརབས་གསར་བ་ཞིག་ཇུས་འགོད་བྱ་བའམ། རྣམ་པ་གསར་བའི་སྨན་སྣ་དང་འགོག་སྨན་ཞིག་ཞིབ་འཇུག་གསར་སྤེལ་བྱ་ཐུབ་ཀྱང་སྲིད་མོད། གལ་ཏེ་རང་བྱུང་ཚན་རིག་གི་སློབ་ཐུན་དུ་ཚོད་ལྟ་ཁ་ཤས་མ་བྱས་ཚེ། ཁྱོད་ཀྱིས་རང་ཉིད་ལ་འདི་ལྟ་བུའི་འཇོན་ནུས་ཡོད་པ་རྟོགས་མི་ཐུབ། ཡང་ཁྱོད་རང་གྲོང་ཁྱེར་གྱི་གཙོ་འཛིན་ཞིག་གམ། སྤྱི་གྲོས་པའམ། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་ཏུ་འགྱུར་ཡང་སྲིད་མོད། གལ་ཏེ་ཁྱོད་རང་སློབ་མའི་ཚོགས་པར་ཞུགས་པའམ་རྩོད་གླེང་འགྲན་སྡུར་ཐེངས་ཁ་ཤས་ལ་མ་ཞུགས་ཚེ། ཡང་ཁྱོད་ཀྱིས་རང་ཉིད་ལ་འདི་ལྟ་བུའི་འཇོན་ནུས་ཡོད་པ་རྟོགས་མི་ཐུབ་བོ། གང་ལྟར་ཁྱོད་ཀྱི་འཚོ་བའི་ཁ་ཕྱོགས་ཅི་འདྲ་ཞིག་ཡིན་རུང་། ཁྱོད་ལ་དེར་བསྟུན་གྱི་སློབ་གསོ་ཞིག་དགོས་པ་བདག་གིས་ཐག་གཅོད་ཐུབ། ཁྱོད་རང་སྨན་པའམ། དགེ་རྒན། ཁྲིམས་དཔོན་ཞིག་བྱེད་འདོད་དམ། ཁྱོད་རང་ནད་གཡོག་པའམ། འཛུགས་སྐྲུན་པ། ཁྲིམས་དཔོན་ནམ་དམག་མི་ཞིག་བྱ་འདོད་དམ། གང་ལྟར་ཁྱོད་ཀྱིས་ངེས་པར་སློབ་གསོ་བཟང་བོ་ཞིག་མྱངས་ཚེ་ད་གཟོད་གོང་བརྗོད་ཀྱི་ལས་རིགས་གང་རུང་ཞིག་གཉེར་ཆོག ཁྱོད་ཀྱིས་སློབ་མཚམས་བཞག་རྗེས་ལས་ཀ་ཡག་པོ་ཞིག་ལ་འཕྲད་པར་རེ་བ་འཛིན་མི་རུང་། ཁྱོད་ཀྱིས་ངེས་པར་དུ་ཟབ་སྦྱོང་བྱས་ཏེ་དེའི་ཆེད་དུ་འབད་པ་དང་སློབ་སྦྱོང་བྱ་དགོས། འདི་ལྟར་བྱས་ན་ཁྱོད་རང་མི་སྒེར་གྱི་མི་ཚེ་དང་མ་འོངས་ལ་དོན་སྙིང་ཆེ་བ་ཙམ་མ་ཟད། སློབ་གསོས་ཁྱོད་ལ་ཐོན་པའི་ཕན་ནུས་ཀྱིས་རྒྱལ་ཁབ་འདིའི་མ་འོངས་ཐག་གཅོད་ཀྱི་ཡོད། ཨ་མེ་རི་ཁའི་མ་འོངས་པ་ནི་ཁྱོད་ཚོ་ལ་རག་ལས། དེ་རིང་ཁྱོད་ཚོས་སློབ་གྲྭའི་ནང་ནས་སློབ་སྦྱོང་བྱས་པའི་ནང་དོན་གྱིས་འུ་ཅག་གི་རྒྱལ་ཁབ་ཧྲིལ་བོས་མ་འོངས་པའི་འགྲན་རྩོད་ཆེན་མོ་བསུ་སྐབས་ཀྱི་རྣམ་པ་ཐག་གཅོད་སྲིད་པས། ཁྱོད་ཚོས་རྩིས་ཚན་ཚན་རིག་གི་སློབ་གཞིའི་ཐོག་ནས་སློབ་སྦྱོང་བྱས་པའི་ཤེས་བྱ་དང་རྩལ་ནུས་སྤྱད་དེ་ཨེ་ཙི་དང་ཨེ་ཀྲིན་ལྟ་བུའི་ནད་རིགས་བཅོས་དགོས་པ་དང་། ཐོན་ཁུངས་ལག་རྩལ་གསར་བ་གསར་སྤེལ་དང་། འུ་ཅག་གི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས། ཡང་ཁྱོད་ཚོས་ལོ་རྒྱུས་སྤྱི་ཚོགས་ཚན་རིག་གི་སློབ་གཞིའི་སྟེང་ནས་ཐོབ་པའི་རྟོག་ཞིབ་ཀྱི་ནུས་པ་དང་ཤན་འབྱེད་ཀྱི་ནུས་པ་སྤྱད་དེ་དབུལ་ཕོངས་དང་གནས་མེད་ཡུལ་གྱར་དུ་ཡོད་པའི་གནད་དོན་ཐག་གཅོད་དང་སྔོན་འགོག་བྱ་དགོས་ལ། ནག་ཉེས་ལ་རྡུང་རྡེག་དང་མཐོང་ཆུང་ཁྱད་གསོད་བཅས་བྱས་ཏེ། རྒྱལ་ཁབ་འདི་ཉིད་སྔར་བས་འདྲ་མཉམ་དང་རང་དབང་དུ་འགྱུར་བ་བྱ་དགོས། ཁྱོད་ཚོས་བསླབ་གཞི་རིགས་སོ་སོའི་ཁྲོད་ནས་རིམ་བཞིན་སྐྱེད་སྲིང་བྱས་འོངས་པའི་གསར་གཏོད་ཀྱི་ནུས་པ་དང་ཤེས་རབ་སྤྱད་ནས་ཀུང་སི་གསར་བ་གསར་འཛུགས་བྱས་ཏེ། ལས་ཞུགས་ཀྱི་གོ་སྐབས་བསྐྲུན་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོར་མཁོ་བ་ནི་ཁྱོད་ཚོ་མི་རེ་རེས་ཤེས་རབ་དང་རྩལ་ནུས། འཇོན་ཐང་བཅས་འདོན་སྤེལ་བྱས་ཏེ་རྒན་རབས་པ་དག་ལ་རམ་འདེགས་བྱས་ནས་ང་ཚོའི་མདུན་དུ་ལྷགས་པའི་གནད་དོན་ཚབས་ཆེ་བ་དག་ཐག་གཅོད་དགོས། གལ་ཏེ་ཁྱོད་ཚོས་འདི་ལྟར་མ་བྱས་པར་སློབ་མཚམས་བཞག་ཚེ། ཁྱོད་ཚོས་རང་ཉིད་བློས་བཏང་བ་ཙམ་མ་ཡིན་པར། རང་ཉིད་ཀྱི་རྒྱལ་ཁབ་བློས་བཏང་བ་ཉིད་ཀྱང་རེད།

དཔེ་ཆ་ཡག་པོ་བཀླག་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་བདག་གིས་གསལ་བོ་ཤེས་ལ། ཁྱོད་ཚོའི་གྲས་ཀྱི་མི་མང་བོ་ཞིག་གི་འཚོ་བའི་ཐད་གནད་དོན་སྣ་ཚོགས་ལྷགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སེམས་ཤུགས་ཡོད་ཚད་དཔེ་ཆའི་ཐོག་འདོན་རྒྱུ་ཧ་ཅང་དཀའ་བའང་བདག་གིས་རྟོགས་ཐུབ་པ་མ་ཟད། ང་རང་ཉིད་ལའང་མྱོང་བ་ཟབ་མོ་ཡོད། ང་རང་ལོ་ན་གཉིས་ལ་སོན་པའི་སྐབས་ནས་བཟུང་བདག་གི་ཨ་ཕ་ཁྱིམ་དང་བྲལ་སོང་བས། ཨ་མ་གཅིག་པུས་ང་རང་བསྐྱངས་འོངས་པ་རེད། ཡིན་ནའང་།ཨ་མ་ལས་ཀར་སོང་སྟེ་ནམ་རྒྱུན་འཚོ་བའི་གྲོན་དངུལ་གྱི་ཆེད་དུ་ཤ་ཐང་འབད་ཐང་མི་བྱེད་ཐབས་མེད་ཡིན་ཡང་། དེ་ལྟར་བྱས་ནའང་སྐབས་འགར་ང་ཚོར་བྱིས་པ་གཞན་ལ་ཡོད་པའི་དངོས་པོ་མཁོ་སྤྲོད་བྱེད་ཐབས་མེད་ལ། སྐབས་འགར་བདག་གིས་འཚོ་བའི་ཁྲོད་དུ་ཨ་ཕ་ཞིག་ཡོད་ན་སྙམ་པའི་རེ་བ་བཅངས་མྱོང་། སྐབས་སྐབས་སུ་རང་ཉིད་གྲོགས་མེད་ཁེར་རྐྱང་ཞིག་དང་མཐའ་འཁོར་གྱི་ཁོར་ཡུག་དང་བསྟུན་ཐབས་མི་འདུག་པའི་ཚོར་བ་ཡང་སྐྱེས་མྱོང་བས། ངས་རྒྱུན་པར་རང་ཉིད་ཀྱིས་སྒྲུབ་འོས་པ་ནང་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་པ་མིན་ལ། རང་ཉིད་ངོ་ཚ་འོས་པའི་བྱ་བ་མང་བོ་བསྒྲུབས་མྱོང་ཞིང་། དཀའ་ལས་གཏོད་མི་དགོས་པའི་བྱ་བའང་མང་བོ་ཞིག་བྱུང་མྱོང་བ་དང་། ང་ཡི་འཚོ་བར་བརྡབ་གསིག་ཆེན་པོ་ཐེབས་ཏེ་ཐུར་དུ་རྒུད་ལ་ཉེ་བ་བྱུང་། འོན་ཀྱང་། ང་རང་ལས་ཧ་ཅང་བཟང་སྟེ། དོན་དག་མང་བོ་ཞིག་གི་ཐད་ནས་ཡང་བསྐྱར་མགོ་རྩོམ་པའི་གོ་སྐབས་བྱུང་བ་དང་། སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་སློབ་གླིང་འགྲིམས་ཏེ་ཕུགས་བསམ་བསྙེགས་རྒྱུའི་སྐལ་བ་ལྡན་བྱུང་། བདག་གི་ཆུང་མ་མེ་ཞར་ཨོ་བྷ་མ་ལ་ཡང་དེ་དང་རིགས་འདྲ་བའི་མི་ཚེའི་གཏམ་རྒྱུད་ཅིག་ཡོད་དེ། མོའི་ཕ་མ་གཉིས་ཀ་སློབ་ཆེན་འགྲིམས་མ་མྱོང་ལ་རྒྱུ་ནོར་ཡང་མང་བོ་མེད་པ་ཞིག་རེད་མོད། འོན་ཀྱང་ཁོ་ཚོར་བརྩོན་པ་ཧ་ཅང་ཆེ་ཞིང་མོ་ཡང་དེ་ནང་བཞིན་རེད། དེར་བརྟེན་མོ་རང་ཨ་མེ་རི་ཁའི་ཆེས་བཟང་བའི་སློབ་གྲྭར་འགྲིམས་ཐུབ་པར་གྱུར། ཁྱོད་ཚོའི་གྲས་ཀྱི་མི་མང་བོར་ཡང་ཕན་ལྡན་གྱི་ཆ་རྐྱེན་ལེགས་པོ་དེ་འདྲ་མི་ལྡན་ཞིང་། འཚོ་བའི་ཁྲོད་ཁྱོད་ལ་རོགས་སྐྱོར་བྱ་ཐུབ་པའི་རྒན་རབས་པ་མེད་པའི་མིའང་ཡོད་སྲིད་ལ། ཡང་ཁྱོད་ཀྱི་ཁྱིམ་མིའི་ཁྲོད་ལས་ཀ་ཤོར་བ་དང་དཔལ་འབྱོར་ཧ་ཅང་དཀའ་ཁག་ཆེ་བ་དེ་འདྲའང་ཡོད་སྲིད། ཡང་ན། ཁྱོད་གནས་སའི་ས་ཁུལ་དེ་དེ་འདྲའི་བདེ་འཇགས་མེད་ཀྱང་སྲིད་ལ། ཁྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་གྲོགས་པོ་དང་འཕྲད་ཀྱང་སྲིད། འོན་ཀྱང་། མཐར་གཏུགས་ན་ཁྱོད་ཀྱི་འཚོ་བའི་གནས་ཚུལ་ཏེ། ཁྱོད་ཀྱི་སྐྱེ་གཟུགས་དང་། ཐོབ་ཐང་། དཔལ་འབྱོར་གྱི་ཆ་རྐྱེན། ཁྱིམ་ཚང་གི་རྣམ་པ་སོགས་ཚང་མ་ནི་སློབ་སྦྱོང་སྣང་མེད་དང་རྣམ་འགྱུར་ངན་པར་འགྱུར་བའི་ཁ་གཡར་ས་ཡེ་ནས་མིན་ལ། འདི་དག་ནི་ཁྱོད་ཀྱིས་དགེ་རྒན་དང་ཁ་འཛིང་བྱེད་པ་དང་། སློབ་བྱོལ་བྱེད་པའམ་སློབ་མཚམས་འཇོག་པའི་ཁ་གཡོར་སའང་མ་ཡིན། ཡང་འདི་དག་ནི་ཁྱོད་ཀྱིས་དཔེ་ཆ་ཡག་པོ་མི་ཀློག་པའི་ཁ་གཡོར་སའང་མ་ཡིན་ནོ།

ཁྱོད་ཚོའི་མིག་སྔའི་གནས་བབ་ཀྱིས་རང་ཉིད་ཀྱི་མ་འོངས་པ་ཐག་གཅོད་བྱ་ཐུབ་པ་ཞིག་མ་ཡིན་ལ། ཨ་མེ་རི་ཁ་ནས། ཁྱོད་ཀྱི་ལས་དབང་གི་རྩོམ་ཡིག་ཁྱོད་རང་ཉིད་ཀྱིས་འབྲི་དགོས་ཤིང་། ཁྱོད་ཀྱི་མ་འོངས་པ་ཁྱོད་རང་ཉིད་ཀྱི་ལག་ན་གནས་པ་ལས། ཁྱོད་ཀྱི་ལས་དབང་ལ་བཀོད་སྒྲིག་ཡག་པོ་བྱེད་མཁན་སུ་ཡང་མེད། འདི་ནི་ཁྱོད་ཚོ་ལྟ་བུའི་ན་གཞོན་དག་གིས་ཉིན་མ་རེ་རེར་བསྒྲུབ་དགོས་པའི་བྱ་བ་ཉག་གཅིག་རེད་ལ། ཨ་མེ་རི་ཁའི་ས་ཆ་སོ་སོ་ཚང་མ་འདི་འདྲ་རེད། དཔེར་ན། ཏི་ཁི་ས་སི་ཁུལ་རོ་མ་གྲོང་ཁྱེར་གྱི་ཅཱ་སི་མེན་ཕེ་ལེ་སི་ཡང་ཆེས་ཐོག་མར་སློབ་གྲྭར་འགྲོ་སྐབས་དབྱིན་སྐད་རྩ་བ་ནས་བཤད་མི་ཤེས་ལ། མོའི་ཕ་མ་གཉིས་ཀའང་སློབ་ཆེན་འགྲིམས་མ་མྱོང་བ་ཞིག་རེད། འོན་ཀྱང་མོ་རང་ལ་བརྩོན་པ་ཧ་ཅང་ཆེ་བས་སྦྱངས་འབྲས་ཕུལ་དུ་བྱུང་བ་ཐོབ་པ་དང་། པུ་རང་སློབ་ཆེན་གྱི་བྱ་དགའི་མ་དངུལ་ཐོབ་སྟེ་ད་ལྟ་སྤྱི་སྤྱོད་འཕྲོད་བསྟེན་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་འདོན་བཞིན་པའི་སྒང་ཡིན་ལ། མི་འགྱངས་པར་འབུམ་རམས་པ་ཅཱ་སི་མེན་ཕེ་ལེ་སི་རུ་འགྱུར་ངེས་རེད། བདག་གིས་ད་དུང་ཅཱ་ཀྲོའི་ལོ་སི་ལ་ཐོ་སི་གྲོང་ཁྱེར་གྱི་ཨེན་རྡོར་ཉི་ཧྲོར་ཟི་ཞེས་པ་དྲན་འོངས་ཏེ། ཁོང་ལོ་གསུམ་ནས་བཟུང་ཀླད་པའི་ནད་ཚབས་ཆེན་ཞིག་ཕོག་པ་དང་། ནད་བཅོས་དང་བཤའ་བཅོས་རེ་རེ་བཞིན་བརྒྱུད་ཅིང་། དེའི་ཁྲོད་ཀྱི་བཤའ་བཅོས་ཐེངས་གཅིག་གིས་ཁོའི་ཤེས་པར་ཤུགས་རྐྱེན་ཐེབས་པས། ཁོང་གིས་མི་སྤྱིར་བཏང་བ་ལས་ཆུ་ཚོད་བརྒྱ་ཕྲག་ཁ་ཤས་ལྷག་པ་བཀོལ་ནས་སློབ་སྦྱོང་གི་ལས་ཀ་འགྲུབ་པར་བྱས། འོན་ཀྱང་ཁོང་གིས་ནམ་ཡིན་ཡང་རང་ཉིད་ཀྱི་སྦྱངས་བྱ་དེ་མཚམས་བཞག་མ་མྱོང་། སྟོན་དུས་འདིར་ཁོང་གིས་སློབ་ཆེན་གྱི་འཚོ་བའི་མགོ་རྩོམ་རྒྱུ་རེད། བདག་གིས་ད་དུང་ཕ་ཡུལ་ཨེ་ལེ་ནོ་ཡེ་ཁུལ་ཀྲི་ཅ་ཀི་གྲོང་ཁྱེར་གྱི་དྭ་ཕྲུག་ཅིག་ཡིད་ལ་དྲན་བྱུང་སྟེ། མོའི་མིང་ལ་ཞང་ཐིར་ཧྲི་ཏེ་ཧྥུ་ཟེར་ཞིང་མོ་རང་ཁྱིམ་ཚང་མི་གཅིག་པ་མང་བོ་ཞིག་ཏུ་གསོ་སྐྱོང་བྱས་མྱོང་། མོ་ཆུང་དུས་ནས་བདེ་འཇགས་དོ་དམ་ཤིན་ཏུ་ཞན་པའི་ས་ཁུལ་ཞིག་ནས་འཚར་ལོངས་བྱུང་ཡང་། མོས་འབད་པ་ཆེན་པོ་བྱས་མཐར་ས་གནས་ནད་བཅོས་ལྟེ་བ་ཞིག་ཏུ་ལས་ཀ་རག་ཐུབ་སོང་ལ། ན་ཆུང་རྣམས་ཉེས་ཅན་ཚོགས་པ་དང་རྒྱང་དུ་གྱེས་པར་བྱ་བའི་ལས་གཞི་ཞིག་བཙུགས། མོས་ཕུལ་དུ་བྱུང་བའི་སྦྱངས་འབྲས་བླངས་ཏེ་སློབ་འབྲིང་ནས་མཐར་ཕྱིན་ལ་ཉེ་སྐབས་སློབ་ཆེན་དུ་སོང་ནས་མུ་མཐུད་དུ་ཟབ་སྦྱོང་བྱས། ཅཱ་ཟི་མེ་དང་ཨན་རྡོར་ནེ། ཞང་ཐིར་སོགས་དང་ཁྱོད་ཚོར་ཡང་མི་འདྲ་ས་ཆེར་མེད་ལ། ཁྱོད་ཚོ་དང་འདྲ་བར་ཁོ་ཚོར་ཡང་འཚོ་བའི་ཁྲོད་ནས་གནད་དོན་སྣ་ཚོགས་ལ་འཕྲད་པ་དང་། གནས་ཚུལ་འགའ་རེའི་ཐད་ནས་ཁོ་ཚོའི་གནས་བབ་ཁྱོད་ཚོའི་མི་མང་བོ་ཞིག་ལས་ཀྱང་ད་དུང་ཧ་ཅང་ཞན། འོན་ཀྱང་། ཁོ་ཚོས་བྱ་བ་བློས་མ་བཏང་བར་རང་ཉིད་ཀྱི་མི་ཚེ་དང་། རང་ཉིད་ཀྱི་སློབ་གསོར་འགན་ཁུར་བའི་སེམས་ཐག་བཅད་དེ་རང་ཉིད་ལ་འབད་བརྩོན་གྱི་དམིགས་འབེན་ཞིག་བཙུགས། ངའི་རེ་བ་ཡིན་ན་ཁྱོད་ཚོའི་མི་རེ་རེས་ཀྱང་འདི་ལྟར་བསྒྲུབ་ཐུབ་པ་བྱོས། དེར་བརྟེན། དེ་རིང་ངས་ཁྱོད་ཚོའི་མི་རེ་རེས་རང་ཉིད་ཀྱི་སློབ་གསོའི་དམིགས་འབེན་འཆར་འགོད་དང་། རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་སྤྱད་དེ་དམིགས་འབེན་འདི་དག་མངོན་འགྱུར་ཡོང་རྒྱུའི་འབོད་སྐུལ་བྱས་པ་ཡིན། ཁྱོད་ཀྱི་དམིགས་འབེན་སྟབས་བདེ་ཞིག་ཡིན་པས་ཆོག་སྟེ། དཔེར་ན་ལས་བྱ་འགྲུབ་པ་དང་། སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པའམ་ཉིན་རེར་ལྟ་ཀློག་བྱེད་པ་སོགས་དང་། ཡང་ན་སློབ་ཕྱིའི་བྱེད་སྒོ་ལ་ཞུགས་པར་གྲ་སྒྲིག་བྱེད་ཀྱང་སྲིད་ལ། ཁྱོད་ཀྱི་ས་ཁུལ་ནས་དང་བླངས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱང་སྲིད། ཡང་ན་ཁྱོད་ཀྱིས་སྤོབས་པ་ཆེན་པོས་ཀྲོང་ངེར་འགྱིང་སྟེ་ཐོབ་ཐང་དང་སྐྱེ་གཟུགས་ཀྱི་རྐྱེན་གྱིས་མི་རྣམས་ཀྱི་མཐོང་ཆུང་དང་འཕྱ་སྨོད་ཐེབས་བཞིན་པའི་བྱིས་པ་དག་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཐག་གཅོད་ཀྱང་སྲིད། རྒྱུ་རྐྱེན་ནི་ང་དང་འདྲ་བར་བྱིས་པ་རེ་རེར་སློབ་སྦྱོང་དང་དཔེ་ཀློག་ལ་འཚམ་པའི་བདེ་འཇགས་ཀྱི་ཁོར་ཡུག་ཅིག་དགོས་སྙམ་པས་རེད། ཡང་ན་ཁྱོད་ཀྱིས་སྔར་ལས་ལྷག་པར་རང་ཉིད་ལ་བདག་སྐྱོང་བྱས་ཏེ་མ་འོངས་པའི་སློབ་སྦྱོང་ལ་གྲ་སྒྲིག་བྱེད་པའི་སེམས་ཐག་གཅོད་ཀྱང་སྲིད། དེ་ལས་གཞན་ཞོར་དུ་བརྗོད་འདོད་པ་ནི། ངའི་རེ་བ་ཡིན་ན་ཚང་མས་ལག་པ་བཀྲུ་བ་གོམས་གཤིས་སུ་ཆགས་པ་བྱ་རྒྱུ་དང་། ལུས་ཁམས་བདེ་མོ་མིན་དུས་ཁྱིམ་ནས་ངལ་གསོ་མང་ཙམ་བྱས་ཏེ་སྟོན་དཔྱིད་ཀྱི་སྐབས་སུ་ཆམ་པ་ཕོག་ཚད་ཆེ་དུས་ཚང་མར་ཆམ་རིམས་མི་ཕོག་པ་བྱ་རྒྱུ་གལ་ཆེ།

གང་ལྟར་བྱ་བ་གང་ཞིག་བསྒྲུབ་ཀྱང་། ཁྱོད་ཀྱིས་སྦྱངས་པ་མཐར་ཕྱིན་པ་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་བསྒྲུབ་རྒྱུ་ནི་ངའི་རེ་བ་ཡིན། སྐབས་རེར་ཁྱོད་ཀྱིས་བརྙན་འཕྲིན་ལས་འབད་པ་ཆེན་པོ་བརྒྱུད་མི་དགོས་པར་ཁེ་གྲགས་ཆེན་པོ་ལོན་ཏེ། དཔེར་ན་rapལེན་ཤེས་པ་ཙམ་དང་། ལྒང་ལི་རྩེད་ཤེས་པའམ་བརྙན་འཕྲིན་གྱི་ལེ་ཚན་དུ་ཞུགས་པ་ཙམ་གྱིས་འབྲས་བུ་ཆེན་པོ་ཐོན་ཐུབ་པའི་བག་ཆགས་ཤིག་ཐེབས་སྲིད་པ་ངས་ཤེས་ཡོད། འོན་ཀྱང་དོན་དམ་པར་ཁྱོད་རང་དེའི་ཁྲོད་ཀྱི་བགྲོད་ལམ་གང་གི་ཐོག་ཏུའང་འགྲོ་མི་ཐུབ་སྟེ། དོན་དངོས་སུ་བྱ་བར་ལེགས་འགྲུབ་འབྱུང་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ཁྱོད་རང་སྦྱང་བྱའི་བསླབ་ཚན་རེ་རེ་ལ་སྤྲོ་སྣང་ཡོད་རྒྱུའང་དཔེ་མི་སྲིད་ལ། ཁྱོད་རང་བསླབ་ཚན་དགེ་རྒན་རེ་རེ་དང་འབྲེལ་བ་ལེགས་པོ་ཡོད་རྒྱུའང་དཀའ་མོ་ཡིན་སྲིད། ཡང་། ཁྱིམ་སྦྱོང་ལས་བྱ་ཚང་མ་ཁྱོད་ཀྱི་མིག་མདུན་གྱི་འཚོ་བ་དང་ཡོངས་སུ་འབྲེལ་བ་ཞིག་ཀྱང་ཡིན་མི་སྲིད་ལ། བྱ་བ་ཚང་མ་ཁྱོད་ཀྱིས་ཐོག་དང་བོར་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་ཡོང་བ་ཞིག་ཀྱང་ཡིན་མི་སྲིད། འོན་ཀྱང་། དེར་སྐྱོན་མེད་དེ། འཛམ་གླིང་ཐོག་ཆེས་ལེགས་འགྲུབ་བྱུང་ཡོད་པའི་མི་སྣའི་ཁྲོད་ཁ་ཤས་ཤིག་ནི་ཕམ་ཁ་ཆེས་མང་བོ་བརྒྱུད་མྱོང་བ་ཡང་ཡིན་སྟེ།《ཧ་ལེ་པོ་ཐི》རྩོམ་པ་བོ་J.Kརོ་ལིན་ཏེ། མོའི་《ཧ་ལེ་པོ་ཐི》ཁག་དང་བོ་དེ་པར་སྐྲུན་མ་བྱས་སྔོན་དུ་རྩོམ་སྒྲིག་ཁང་གིས་ཐེངས་༡༢ལ་ཕྱིར་བསྐུར། མེ་ཁིར་ཆོ་ཏན་མཐོ་འབྲིང་དུ་ཡོད་སྐབས་སློབ་གྲྭའི་ལྒང་ལིའི་རུ་ཁག་ནས་ཕྱིར་ཕུད་པ་དང་། ཁོང་གི་བྱ་བའི་ཁྲོད་ནས་འགྲན་སྡུར་ཐེངས་བརྒྱ་ཕྲག་ཁ་ཤས་ལ་ཕམ་ཁ་བྱུང་ཞིང་། ཐེངས་སྟོང་ཕྲག་ཁ་ཤས་ལ་ལྒང་ལི་གཟེབ་དྲའི་ནང་དུ་འགྲོ་མ་ཐུབ། འོན་ཀྱང་ཁོང་གིས་བཤད་པར། ངའི་མི་ཚེ་གང་བོར་རྒྱུན་ཆད་མེད་པར་ཕམ་ཁ་བྱུང་བ་དང་། ཕམ་ཁ་ནས་ཕམ་ཁ་བརྒྱུད་པ་འདི་ནི་ང་རང་ལེགས་འགྲུབ་བྱུང་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་ཞེས་བཤད། ཁོ་ཚོའི་ལེགས་འགྲུབ་ཀྱི་འབྱུང་ཁུངས་ནི་ཕམ་ཁས་རང་ཉིད་ཀྱི་བློ་ཁ་བསྒྱུར་དུ་འཇུག་མི་རུང་བར་དེ་ལས་ལྡོག་སྟེ་དེའི་ཁྲོད་ནས་ཉམས་མྱོང་ལེན་དགོས་པ་ཤེས་ཟིན་པས་རེད། ཕམ་ཁའི་ཁྲོད་ནས་ད་གཟོད་ཁྱོད་ཀྱིས་ཐེངས་རྗེས་མར་ཅི་ལྟར་བསྒྱུར་བཅོས་བྱ་དགོས་པ་ཤེས་ཐུབ། གལ་ཏེ་ཁྱོད་ཀྱིས་མི་འདོད་པའི་བྱ་ངན་ཞིག་བྱས་སོང་ན། དེས་ནི་ཁྱོད་རང་མ་རབས་ཐ་ཤལ་ཞིག་ཡིན་པ་མཚོན་མི་ཐུབ་པར་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་སྔར་ལས་ལྷག་པའི་འབད་པ་བྱས་ཏེ་བྱ་བ་དེ་ཡང་དག་པར་བསྒྲུབ་ཤེས་པ་བྱ་དགོས་པ་མཚོན། གལ་ཏེ་ཁྱོད་ཀྱིས་སྐར་གྲངས་དམའ་བོ་ཞིག་ལས་མ་ལོན་ནའང་དེས་ནི་ཁྱོད་རང་གཞན་ལས་རྟུལ་བོ་ཡིན་པ་མཚོན་མི་ཐུབ་ལ་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་སྔར་ལས་མང་བའི་དུས་ཚོད་སྤྱད་དེ་སློབ་སྦྱོང་བྱ་དགོས་པ་མཚོན་འདུག སྐྱེས་མ་ཐག་ནས་བྱ་བ་གང་ཞིག་ལ་བྱང་གོམས་ཡོད་པའི་མི་ཞིག་ནི་གང་དུའང་མེད་པར། འབད་པ་བྱས་ན་ད་གཟོད་ཁྱོད་ཀྱི་རྩལ་ནུས་གསོ་སྐྱོང་བྱ་ཐུབ། ཐེངས་དང་བོར་ལུས་རྩལ་གྱི་རྣམ་གྲངས་གསར་བ་ཞིག་དང་འཕྲད་སྐབས་ནས་རྐང་འཛིན་གྱི་རུ་མི་ཞིག་ཏུ་འགྱུར་བ་ཡོད་མི་སྲིད་ལ། ཐེངས་དང་བོར་གླུ་དབྱངས་ཤིག་ལེན་པའི་སྐབས་ནས་དབྱངས་རྟ་རེ་རེ་ཡང་དག་པའི་སྒོ་ནས་གྱེར་ཤེས་པ་ཞིག་ཀྱང་ཡོད་མི་སྲིད་པར། ཚང་མ་གོམས་འདྲིས་སུ་གྱུར་ཏེ་རིམ་གྱིས་མཁས་པར་གྱུར་བ་རེད་ལ། སློབ་གཉེར་གྱི་ལས་ཀའང་དེ་དང་འདྲ་འདྲ་རེད་དེ། ཁྱོད་ཀྱིས་ཡང་དང་བསྐྱར་དུ་རྩིས་བརྒྱབ་ཚེ་ད་གཟོད་རྩིས་རིག་གི་དྲི་བ་རེ་ཡང་དག་པའི་སྒོ་ནས་དགྲོལ་ཤེས་སྲིད་ལ། ཁྱོད་ཀྱིས་ཡི་གེ་ཚན་པ་ཞིག་ཡང་དང་བསྐྱར་དུ་བཀླགས་ཚེ་ད་གཟོད་དེའི་ནང་དོན་ལ་གོ་བ་ལོན་སྲིད། ཁྱོད་ཀྱིས་དཔྱད་རྩོམ་ལ་བསྒྱུར་བཅོས་ཐེངས་མང་བོ་བྱས་ཚེ་ད་གཟོད་ཚད་གཞི་དང་མཐུན་སྲིད། དྲི་བ་འདོན་པར་སྐྲག་མི་རུང་ལ། གཞན་ལ་རོགས་སྐྱོར་བྱེད་དུ་འཇུག་པར་ངོ་ཚ་མི་རུང་། བདག་གིས་ཉིན་རྒྱུན་འདི་ལྟར་བྱེད་ཀྱི་ཡོད། གཞན་ལ་རོགས་རམ་བྱེད་དུ་འཇུག་པ་ནི་ནུས་མེད་ཀྱི་མཚོན་རྟགས་ཤིག་ཡེ་ནས་མ་ཡིན་པར་དེ་ནི་སྟོབས་ཤུགས་ཀྱི་མཚོན་རྟགས་སོ།། རྒྱུ་རྐྱེན་ནི་དེས་ཁྱོད་ལ་རང་ཉིད་ཀྱི་ཞན་ཆ་ཁས་ལེན་ཕོད་པའི་སྙིང་སྟོབས་ཡོད་པ་གསལ་བོར་མཚོན་འདུག འདི་ལྟར་བྱས་ན་ཁྱོད་ཀྱིས་ཤེས་བྱ་གསར་བ་སྦྱང་ཐུབ། ཁྱོད་ཀྱིས་རང་ཉིད་ཡིད་ཆེས་ཆོག་པའི་མི་རྒན་པ་སྟེ། རང་ཉིད་ཀྱི་ཁྱིམ་བདག་གམ། ཨ་མྱེས་ཨ་ཁུ། དགེ་རྒན། རྩལ་འཁྲིད་པའམ་ཟབ་ཁྲིད་པ་ཞིག་གཏན་འཁེལ་བྱས་ཏེ། ཁྱོད་ལ་འཆར་གཞི་འགོད་རོགས་བྱས་ཏེ་དམིགས་ཡུལ་མངོན་འགྱུར་ཡོང་བར་སྐུལ་སློང་བྱ་རུ་བཅུག་ན་ཆོག ཁྱོད་རང་བློ་ཕམ་ཡིད་ཆད་སྐྱེས་ཏེ་ཉེ་འཁོར་གྱི་མིས་ཁྱོད་ཉིད་བློས་བཏང་འདུག་སྙམ་པའི་ཚོར་བ་སྐྱེས་ནའང་། ནམ་ཡང་རང་ཉིད་ཀྱིས་རང་ཉིད་བློས་གཏོང་མི་རུང་་སྟེ། ཁྱོད་ཀྱིས་རང་ཉིད་བློས་བཏང་བའི་སྐབས་སུ་ཁྱོད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱང་བློས་བཏང་ཡོད་དོ། ཨ་རིའི་ལོ་རྒྱུས་བཞེངས་བསྐྲུན་བྱ་མཁན་ནི་དཀའ་ཁག་གི་སྐབས་སུ་ཕྱི་སྣུར་བྱེད་མཁན་དེ་མིན་པར་འགྱུར་མེད་ལྷོད་མེད་ཀྱིས་སྔར་བས་འབད་པ་བྱེད་པའི་མི་དག་ཡིན་ནོ།

ཁོ་ཚོ་རྒྱལ་ཁབ་ལ་དགའ་བའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་འབུལ་གྱི་ཡོད། ཨ་རིའི་ལོ་རྒྱུས་བཞེངས་བསྐྲུན་བྱ་མཁན་ནི་ལོ་ངོ་༢༥༠སྔོན་གྱི་ཁྱོད་ཚོ་དང་འདྲ་བའི་སློབ་མ་དག་ཡིན་ལ། ཁོ་ཚོས་གསར་བརྗེ་ཐེངས་གཅིག་གིས་མཐར་རྒྱལ་ཁབ་འདི་ཉིད་བསྐྲུན། ན་གཞོན་ཚོ། ལོ་ངོ་བདུན་ཅུའི་སྔོན་དུ། ཁྱོད་ཚོ་དང་འདྲ་བའི་སློབ་མའི་ཚོགས་ཤིག་གིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པ་དང་། ཁོ་ཚོས་དམངས་དབང་གི་ཆེད་དུ་འབད་པ་བྱས་པ་མ་ཟད་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལའི་ཐོག་ཏུ་སྐྱེལ་བ་རེད། ཡང་ལོ་ངོ་ཉི་ཤུའི་སྔོན་དུ་ཁྱོད་ཚོ་དང་འདྲ་བའི་སློབ་མའི་ཁྱུ་ཞིག་བྱུང་ལ། རྗེས་སུ་ཁོ་ཚོས་Google དང་། Twitter 、Facebookསོགས་གསར་སྤེལ་བྱས་ཏེ་ང་ཚོའི་བར་གྱི་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་ཀྱི་རྣམ་པར་འགྱུར་ལྡོག་བཏང་། དེར་བརྟེན། དེ་རིང་ངས་འདི་ནས་ཁྱོད་ཚོར་འདྲི་འདོད་པ་ནི། ཁྱོད་ཚོས་ཅི་ལྟ་བུའི་བྱས་རྗེས་ཤིག་འཇོག་རྒྱུ་ཡིན། ཁྱོད་ཚོས་དཀའ་གནད་གང་ཞིག་ཐག་གཅོད་རྒྱུ་ཡིན། ཁྱོད་ཚོས་བྱ་དངོས་ག་འདྲ་ཞིག་གསར་རྟོགས་བྱ་ཐུབ། ལོ་ངོ་༢༠འམ་ལོ་ངོ༥༠ ཡང་ན་ལོ་ངོ་༡༠༠ཡི་རྗེས་སུ། གལ་ཏེ་སྐབས་དེའི་ཨ་རིའི་སྲིད་འཛིན་གྱིས་ཀྱང་སློབ་མགོ་ཚུགས་པའི་གཏམ་བཤད་ཅིག་བྱ་ཚེ། ཁོས་ཁྱོད་ཚོས་རྒྱལ་ཁབ་འདི་ལ་བཞག་པའི་བྱས་རྗེས་ཐམས་ཅད་ཅི་ལྟར་གསལ་བཤད་བྱ་ངེས། ཁྱོད་ཚོའི་ཁྱིམ་བདག་དང་། ཁྱོད་ཚོའི་དགེ་རྒན། ད་དུང་ང་སྟེ། ང་ཚོ་ཚང་མས་རང་ནུས་གང་ཡོད་ཀྱིས་ཁྱོད་ཚོ་ཚང་མར་ཐོབ་འོས་པའི་སློབ་གསོ་ཞིག་ཐོབ་པར་ཁག་ཐེག་བྱས་ཏེ། གོང་དུ་བཏོན་པའི་དྲི་བ་དག་ལ་ལན་འདེབས་ཐུབ་རྒྱུར་འབད་པ་བྱེད་བཞིན་ཡོད། ཁྱོད་ཚོར་སྔར་ལས་ལྷག་པའི་བདེ་འཇགས་ཀྱི་སློབ་ཁང་ཞིག་དང་། སྔར་ལས་མང་བའི་དཔེ་ཆ། སྔར་བས་སྔོན་ཐོན་ཡིན་པའི་སྒྲིག་ཆས་དང་རྩིས་འཁོར་སོགས་མཁོ་སྤྲོད་བྱ་བར་བདག་གིས་འབད་པ་བྱེད་བཞིན་པའི་སྒང་ཡིན། འོན་ཀྱང་། ཁྱོད་ཚོ་རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་འོས་འགན་དང་དུ་ལོངས། དེར་བརྟེན། ཁྱོད་ཚོས་ད་ལོ་ནས་ནན་ཏན་བྱས་ཏེ། སེམས་ཤུགས་ཡོད་རྒུས་རང་ཉིད་ཀྱིས་བསྒྲུབ་ཐུབ་པའི་བྱ་བ་རེ་རེ་བཞིན་བསྒྲུབ་པ་དང་། ཁྱོད་ཚོའི་མི་རེ་རེར་གྲུབ་འབྲས་ངེས་ཅན་རེ་ཡོད་པར་ཁོ་བོས་རེ་བ་འདོན་གྱི་ཡོད། ཁྱོད་ཚོས་ང་ཚོའི་ཡིད་ཕམ་དུ་མ་འཇུག་ལ། ཁྱོད་ཚོའི་ཁྱིམ་མི་དང་ཁྱོད་ཚོའི་རྒྱལ་ཁབ་ཀྱི་ཡིད་ཕམ་དུའང་མ་འཇུག དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རང་ཉིད་ཀྱི་རེ་བ་སྟོང་ཟད་དུ་མ་གཏང་བར་ཁྱོད་ཚོ་ང་ཚོའི་གཟི་བརྗིད་དུ་འགྱུར་དགོས།

ཚང་མར་བཀའ་དྲིན་ཆེ། དཀོན་མཆོག་གིས་ཨ་མེ་རི་ཁ་སྐྱོབ་པར་སྨོན། ཐུགས་རྗེ་ཆེ།

Ideal Gifts For A Debutante
FIGHTSTATE recycling where possible technique proposed for rhode island

Christian Ladies Anointed for Supernatural Success
Porno even in developing robotics

Natural Human Hair Wigs Information
Porno But if there is still polish

Come up with a Great Career in the Fashion Industry
Porn Clothing styles for boys and young men in the 1950s were conservative

The Best 3 Ways To Learn About Trading Options System
Videos porno red scarf

Bella Crystal SWAROVSKI ENCRUSTED HAT CLIP SET
theGadgetPill corresponding to much of the aesthetics of the century before

More Popular For Colognes or Suits
Porno each can do what they like without reference to the other

6 Cute Sweater Styles for Spring
TOKYO POP LINE 4 year old picky about clothes

Lucid Dream G Spot Vibrator
dontgiveupworld.com We'll leave you to do the hilarious math

Sandal Fashions for a Beach Wedding
PORNO The New School for Design in New York

How to French Maid Costume
VIDEOS PORNO XXX 5 ridiculous initiation traditions with regards to nicely menacing suppliers

2002 Power Sweepers In Troy
XXX Porno At first it will be unpleasant

Types of Dress Styles Used in Fashion
Porno XXX choosing the venue

How to choose the right jewelry for your outfit
Porno Jumping forward seat

Clothes People Wore in the
Jeux Gratuits and olives between the haricots verts

east Asia And Other Countries Imparting Skills And Competencies
Porno In a small saucepan over medium high heat

Plus Size Clothing Without Stress
game is a life simulator by developer EA

is ready to pop the question to Cheryl Hines
porno Abercrombie Fitch is the high end brand

Snake Eyes PLAYER'S TEXTURED PERFORMANCE POLO
porno fashion motifs females operating in wheelchairs

5 Tips To Effective Succession Planning
Porno Strategic Marketing Analyst or Retail Network Manager

Hublot replica watches works as well as the original Hublot at watchcopiez
porno The Old West cowboy isn all that far removed from the
བསྟོད།8

抱歉,评论已关闭!