འབངས་མི་སེར་གྱི་རྒྱུ་ནོར་གང་དུ་སོང་།

ན་བུན་གྱིས་བསྒྱུར།

སྲིད་བློན་ནཱེ་རཱོས་བརྩམས།

བུ་མོ་ལགས། ཁྱེད་རང་དེ་སྔོན་མེ་སོ་རཱེར (Mussoorie) སྡོད་སྐབས་སུ་སྤྲེངས་པའི་འཕྲིན་ཡིག་ཏུ། ངས་ཁྱོད་ལ་གནའ་མི་ཚོ་གྲལ་རིམ་མི་འདྲ་བ་ཁག་ལས་ཅི་ལྟར་དུ་སྔོན་ཐོན་ཅན་གྱི་མི་རུ་འཕེལ་ཚུལ་གླེང་བར་འབད་པ་ཡིན་ལ། གནའ་མིའི་འཚོ་བ་ཤིན་ཏུ་དཀའ་སྟེ། ཐ་ན་བཟའ་བཏུང་ཙམ་ཡང་མི་རྙེད་སྟབས། ཁོ་ཚོས་ཉིན་རེ་བཞིན་རི་དྭགས་བརྔོན་པ་དང་ཤིང་འབྲས་བཏུ་བ། རི་ལུང་ཀུན་ཏུ་འཁྱམས་ནས་ཟས་རིགས་འཚོལ་བསྡུ་བྱེད་པར་བརྟེན། རིམ་བཞིན་ཚོ་ཁག་མང་དུ་འཕེལ་ཞིང་། ཁོ་ཚོས་འདི་ལྟར་མཉམ་དུ་རི་དྭགས་བརྔོན་པ་དང་མཉམ་དུ་འཚོ་བ་འཕྱིད་དེ་ཁྱིམ་གཞིས་ཆེན་པོར་གྲུབ་པའི་རྒྱུ་མཚན་ཡང་། འཚོ་གནས་བདེ་འཇགས་ཀྱི་ཕྱིར་དུ་རེད།

དེ་ཕྱིས་རྨོ་འདེབས་ལས་རིགས་གསར་དུ་རྟོགས་པས། མིའི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་།
མི་ཕལ་མོ་ཆེས་ཉིན་རྒྱུན་རི་དྭགས་རྔོན་དུ་འགྲོ་བ་ལས་ས་ཞིང་རྨོ་འདེབས་བྱེད་ཐབས་ཧ་ཅང་སླ་བར་རྟོགས་ཏེ། རྨོ་སློག་རྒྱག་པ་དང་ས་བོན་འདེབས་པ། སྟོན་ཐོག་བསྡུ་བ་བཅས་སོ་ནམ་ལས་རིགས་ལ་བརྟེན་ཕྱིན། ཁོ་ཚོ་སྔར་བཞིན་གནས་ངེས་མེད་དུ་འཁྱམ་ཞིང་འཚོ་མ་དགོས་པར། སོ་སོའི་ས་ཞིང་གི་ཉེ་འཁོར་དུ་གཏན་སྡོད་ཀྱི་གཞི་ཚུགས་པས། གྲོང་དང་གྲོང་རྡལ་ཡང་མང་དུ་ཆགས།

སོ་ནམ་ལས་རིགས་ལ་བརྟེན་ནས་འགྱུར་ལྡོག་གཞན་འགའ་ཞིག་ཀྱང་རང་ཤུགས་སུ་བྱུང་ཡོད་དེ། ས་ཞིང་སྟེང་བཟའ་འབྲུའི་ཐོན་ཚད་སྔར་བས་བཟང་སྟབས། ལོ་གཅིག་གི་འབྲུ་ལྷག་མཛོད་དུ་ཉར་ཞིང་། དེ་ལ་དེར་བརྟེན་གྱིས། མིིའི་རིགས་ཀྱི་འཚོ་གནས་གདོད་མའི་དུས་སྐབས་ཀྱི་རྔོན་རྒྱག་པའི་འཚོ་བ་ལས་ཅུང་རྙོག་འཛིང་ཅན་དུ་གྱུར་ཏེ། ག་ས་གང་དུ་གྲལ་རིམ་མི་འདྲ་བ་མང་པོས་སོ་ནམ་ལས་རིགས་ཆེད་གཉེར་བྱེད་ཅིང་། འགའ་ཞིག་གིས་དེ་ལ་བདག་དམ་སྒྲིག་འཛུགས་ཀྱང་གནང་དགོས་བྱུང་།

འཛིན་སྐྱོང་མཁན་དང་སྒྲིག་འཛུགས་མཁན་དེ་དག་གི་དབང་ཐང་རིམ་གྱིས་ཇེ་ཆེར་སོང་སྟེ། ཆུང་ས་ནས་བཟའ་དཔོན་དང་། ཆེ་ས་ནས་རྒྱལ་པོ་དང་སྐུ་དྲག།དབང་སྒྱུར་མཁན་བཅས་སུ་གྲུབ་ཅིང་། དེ་ལྟའི་དབང་ཤེད་ལ་བརྟེན་ནས། ཁོ་ཚོས་ཐུན་མོང་གི་ཐོན་སྐྱེད་འབྲུ་མཛོད་བདག་གིར་བཟུང་།

དེའི་རྐྱེན་པས། ངལ་རྩོལ་མི་མང་ལ་འཚོ་བ་འཕྱིད་ཐབས་ཀྱི་བཟའ་འབྲུ་ཙམ་ལས་མེད་དུས། ཁོ་ཚོ་སྔར་བས་འབྱོར་ཕྱུག་རྒྱས་པ་དང་། ཕྱིས་སུ་འཛིན་སྐྱོང་མཁན་དང་སྒྲིག་འཛུགས་མཁན་དེ་དག་ལེ་ལོ་སྒྱིད་ལུག་ཆགས་ཏེ། ཐ་ན་ངལ་རྩོལ་སྒྲིག་བཀོད་ཀྱང་མི་ནུས་པར་གྱུར།

ཁོ་ཚོ་ངལ་རྩོལ་ལ་མ་ཞུགས་ནའང་། ཁོ་ཚོས་ངལ་རྩོལ་མི་མང་གིས་ཐོན་སྐྱེད་གནང་བའི་བཟའ་འབྲུའི་བགོ་སྐལ་ཆེན་པོ་ལེན་པ་དང་། ཁོ་ཚོའི་བསམ་པར། རང་ཉིད་ལས་སུ་གཞོལ་མི་དགོས་པར། འདི་ལྟར་གཞན་གྱི་ངལ་རྩོལ་ལ་བརྟེན་ཏེ་འཚོ་བའི་ཁེ་དབང་དང་ཐོབ་ཐང་རང་ཉིད་ལ་མངའ་བར་བསམས།

དེ་ལྟར་བས་ན། ཞིང་ལས་ཤེས་རིག་དར་བའི་དུས་མཚུངས་སུ། མིའི་རིགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བ་ཁྱོད་ཀྱིས་ཀྱང་རྟོགས་ངེས་ཏེ། བཟའ་འབྲུ་ཐོན་སྐྱེད་ཀྱི་ཐབས་ཤེས་ཡར་རྒྱས་སུ་གཏོང་བ་དང་། བཟའ་བཅའ་སྔར་བས་ལས་སླ་པོར་རེག་ཐབས་སུ། སོ་ནམ་ལས་རིགས་ཀྱིས་ནི་མིའི་སྤྱི་ཚོགས་ཀྱི་རྨང་གཞི་ཧྲིལ་བོར་འགྱུར་ལྡོག་ཐེབས་ཤིང་མི་རྣམས་སོས་དལ་གྱི་འཚོ་བ་རོལ་བཏུབ་པ་བྱུང་ལ། མི་ཕལ་མོ་ཆེ་ཟས་གོས་གནས་མལ་འཐོབ་ཐབས་སུ་མི་བྲེལ་ཞིང་། ཁ་ཅིག་གིས་ལས་རིགས་གཞན་གཉེར་ཐུབ་རྐྱེན། སྤྱི་ཚོགས་སྟེང་གྲལ་རིམ་འདྲ་མིན་ཅི་སྙེད་བྱུང་ལ། ཐོན་ལས་ལག་རྩལ་སྣ་ཚོགས་སུ་འཕེལ་སྟབས། འཚོ་ཐབས་ལས་རིགས་གསར་བའི་རྣམ་པར་གྲུབ། ཅི་སྟེ། སྐབས་དེའི་འཚོ་གནས་ཀྱི་དབང་ཆ་གཙོ་བོ་སྒྲིག་འཛུགས་གྲལ་རིམ་པའི་དབང་དུ་སོང་ཡོད།

བུ་མོ་ལགས། ཁྱེད་ཀྱིས་ཕྱིས་བྱུང་གི་ལོ་རྒྱུས་དེབ་ཐེར་ཁག་ནང་། མིའི་འཚོ་བའི་ཡོད་བྱེད་དང་བཟའ་འབྲུ་ཐོན་སྐྱེད་གསར་བའི་འཕོ་འགྱུར་ཅི་འདྲ་བྱུང་བ་གསལ་བོར་རྟོགས་སྲིད་དེ། མི་རྣམས་ལ་ཟས་གོས་གནས་མལ་ཙམ་མ་ཟད། དགོས་ངེས་ཀྱི་ཡོད་བྱེད་ཅི་སྙེད་བྱུང་བའི་དབུ་ཚུགས་ཤིང་། ཐོན་སྐྱེད་ཐབས་ཤེས་ལ་འཕོ་འགྱུར་ཐེབས་པའི་འབྲས་སུ། མིའི་སྤྱི་ཚོགས་ཧྲིལ་བོར་འགྱུར་ལྡོག་བྱུང་བ་རེད་ལ། དེ་ཡང་ཆ་ཞིག་བཞག་ནས་བཤད་ན། རླངས་ཤུགས་བཟོ་གྲྭའི་ལས་རིགས་དང་། མེ་འཁོར་གྲུ་གཟིངས་ཀྱི་འགྲིམ་འགྲུལ་ལས་རིགས། དངོས་ཟོག་ཐོན་སྐྱེད་དང་སྐྱེལ་འདྲེན་ཐབས་ཤེས་སོགས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་ལྟ་བུ་རེད།

གདོད་མའི་ལག་རྩལ་མཁན་ཚོས་ཆེས་ཕལ་བའི་ལག་ཆ་བཀོལ་སྤྱོད་བྱེད་པ་ལས། རླངས་ཤུགས་བཟོ་གྲྭས་མཁོ་ཟོག་མང་བོ་འཕྲལ་མར་ཐོན་བསྐྱེད་བཏུབ་པ་དང་། སྐབས་དེའི་འཕྲུལ་ཆས་ནི་དངོས་གནས་ཡོ་བྱེད་ཆེན་པོ་ལགས་ཤིང་། མེ་འཁོར་དང་གྲུ་གཟིངས་ལ་བརྟེན་ནས་ཐག་རིང་གི་རྒྱལ་ཁབ་རྣམས་སུ་བཟོ་གྲྭའི་དངོས་ཟོག་དང་ཟས་རིགས་དུས་ཐོག་མཁོ་འདྲེན་བྱེད་པར་རམ་འདེགས་མི་དམན་པ་ཐོན། དེ་ལྟར་འཛམ་གླིང་སྒང་འདིར་འཕེལ་འགྱུར་ཅི་འདྲ་འཐེབས་ཡོད་སྲིད་པར་ཁྱེད་ཀྱིས་ཚོད་དཔག་ནུས་ཏེ། བཟའ་བཅའ་དང་དངོས་ཟོག་གསར་བ་མགྱོགས་མྱུར་ངང་ཐོན་སྐྱེད་བྱུང་ལུགས། དུས་རབས་ནས་དུས་རབས་སུ་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ།

དེ་ཡང་ལོས་ཡིན། ཁྱོད་ཀྱི་སེམས་སུ། དངོས་ཟོག་ཐོན་སྐྱེད་བྱེད་ཐབས་དེ་ལས་ལེགས་པོ་ཞིག་བཀོལ་ཡོད་ཚེ། མིའི་རིགས་ཀྱི་འཚོ་བའི་ཡོ་བྱེད་གྱ་ནོམ་པར་ཐོན་སྐྱེད་བཏུབ་པ་མ་ཟད། འཛམ་བུ་གླིང་འདིར་སྔར་བས་འབྱོར་ཕྱུག་རྒྱས་ཤིང་། མི་ཚང་མར་ཐོན་ཟོག་གི་བགོ་སྐལ་མང་དུ་འཐོབ་སྲིད་སྙམ་དུ་སེམས་ན། ཕྱོགས་གཅིག་ནས་ཁྱེད་རང་གི་བསམ་ཚུལ་དེ་འགྲིག་ཀྱང་ཕྱོགས་གཅིག་ནས་ནོར་བ་རེད། དངོས་ཟོག་ཐོན་སྐྱེད་བྱེད་ཐབས་ལེགས་པོས་འཛམ་བུ་གླིང་འདིར་སྔར་བས་འབྱོར་ཕྱུག་བསྐྲུན་པ་དངོས་གནས་རེད། འོན་ཀྱང་བུ་མོ་ལགས། འབྱོར་ཕྱུག་དེ་འདྲ་འཛང་གླིང་སྒང་གི་ཆ་ཤས་གང་དུ་བསྐྲུན་ནམ། དེ་ཡང་ཡིན་དེ། དེང་འདིར་ད་དུང་རང་རྒྱལ་གྱི་དབུལ་ཕོངས་ཉམ་ཐག་གི་གནས་སྟངས་ཧ་ཅང་ཚབས་ཆེ་བ་མངོན་རྗེན་དུ་གྱུར་ཡོད་ལ། ཐ་ན་འབྱོར་ལྡན་རྒྱལ་ཁབ་ཨིན་གྷི་ལན་ཊི (England) ལ་མཚོན་ན་ཡང་དེ་མཚུངས་རེད། དེ་ཅིའི་ཕྱིར་ཡིན་ནམ། འབངས་མི་སེར་གྱི་རྒྱུ་ནོར་གང་དུ་སོང་ངམ། རྒྱལ་ཁབ་ཀྱི་སྟོབས་འབྱོར་ཇི་ལྟར་བསྐྲུན་ཡང་། མི་དམངས་དབུལ་བོ་རྣམས་ནམ་ཡང་དབུལ་བོར་ལྷག་འགྲོ་བ་དེ་དངོས་གནས་བློ་ཡིད་ལས་འདས་པའི་གནས་སུ་མཆི།

འཛམ་གླིང་རྒྱལ་ཁབ་ཁག་གི་དབུལ་ཕོངས་ཀྱི་འཚོ་གནས་ཅུང་ཡར་རྒྱས་སུ་སོང་ཡོད་རུང་། དེང་གི་ཐོན་སྐྱེད་གསར་བའི་སྟོབས་འབྱོར་དང་བསྡུར་ན་ཧེ་བག་ཤིན་ཏུ་ཆེའོ།།

ཅི་ལྟར་ཡང་། རྒྱལ་ཁབ་ཅིག་གི་འབྱོར་ཕྱུག་དོན་ངོ་མར་མི་སུ་ཞིག་ལ་འཐོབ་མིན་ང་ཚོས་ལས་སླ་བོར་རྟོགས་ནུས་ཏེ། དེ་ཡང་ནམ་ཞར་དུ་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་སྟོབས་འབྱོར་མངའ་ཐང་གཟིགས་རྟོག་བགྱིད་པའི་འཛིན་སྐྱོང་མཁན་དང་སྒྲིག་འཛུགས་མཁན་ཚོར་ཕན་ཁེ་ཡོད་ཚད་ཀྱི་མང་ཤོས་ཐོབ་ཀྱི་ཡོད། དེར་མ་ཟད་ད་དུང་བློས་དཔག་དཀའ་བ་ཞིག་ལ། མིའི་སྤྱི་ཚོགས་སྟེང་གྲལ་རིམ་སྣ་ཚོགས་འཕེལ་ཏེ། ངལ་རྩོལ་ལས་དོན་ཅི་ཡང་མ་བསྒྲུབས་ཀྱང་། ཁོ་ཚོས་མི་གཞན་གྱི་ངལ་རྩོལ་ཡོང་འབབ་མང་ཤོས་ལེན་པར་མ་ཟད། བླུན་པོ་ཁ་ནག་རེ་འགས་མི་གཞན་གྱི་འཚོ་གནས་ཀྱི་ཕྱིར་དུ་རང་ཉིད་ལས་སུ་གཞོལ་དགོས་པའི་མཐོང་ཆུང་དམའ་འབེབས་དེ་འདྲར་ཅིས་ཀྱང་བཟོད་དགོས་པར་བསམས་ཏེ་གྲལ་རིམ་ཁག་གི་ཆེ་བ་བརྗོད་པ་རེད་ཅེ་ན། ཁྱོད་རང་ཡིད་ཆེས་སམ།

ངང་ཚུལ་དེ་ནི་འཇིག་རྟེན་འདིའི་མགོ་མཇུག་གོ་ལྡོག་གི་གནས་བབ་རང་རེད་ལ། འཛམ་གླིང་སྒང་འདིར་ཞིང་གྲོང་གི་ཞིང་བ་དང་བཟོ་གྲྭའི་ལས་བཟོ་བ་ཚོས་བཟའ་བཅའ་འབྱོར་ཕྱུག་ཇི་ལྟར་བསྐྲུན་ཡང། ཁོ་ཚོའི་འཚོ་གནས་ད་དུང་དབུལ་ཞིང་ཕོངས་ཤེ་ན། དེ་དངོས་གནས་ཡ་མཚར་བ་ཞིག་མ་ཡིན་གྲང་།

རང་རྒྱལ་དུ་ང་ཚོས་རང་དབང་གླེང་གི་ཡོད། འོན་ཀྱང་རྒྱུ་འབྲས་མགོ་སྣོག་གི་བྱུར་ངན་གཙང་ཕྱག་བགྱིས་ཏེ། མི་ཞིག་གི་དཀའ་སྤྱད་ལས་ཐོབ་པའི་འབྱོར་བ་དེ་ཕྱིར་ཁོ་རང་ཉིད་ལ་མ་ཐོབ་ཚེ། རང་དབང་ལ་རིན་ཐང་ཅི་ཞིག་བདོག་གམ།

རྒྱལ་ཁབ་ཅིག་གི་ཆབ་སྲིད་དཔལ་འབྱོར་དང་། སྲིད་སྐྱོང་སྒྲིག་འཛུགས། འབྱོར་ཕྱུག་མངའ་དབང་སོགས་ཇི་ལྟར་དུ་བགོ་བཤའ་རྒྱག་སྟངས་ཐད་ནས་དཔེ་གཞུང་མཐུག་པོ་ཆེན་པོ་མང་དུ་བརྩམས་གྲུབ་ཁར། གླེང་གཞི་འདི་རིགས་ཐད་ལ་ཆེད་ཞིབ་སློབ་དཔོན་ཆེན་མོ་ཚོས་དཔྱད་གཏམ་སྤེལ་ཞིང་མི་དམངས་ཕལ་མོ་ཆེས་གྲོས་གླེང་མཛད་ཀྱང་། ངལ་རྩོལ་མི་མང་གིས་སྔར་བཞིན་སྡུག་ཡུས་མྱོང་གི་ཡོད།

བགྲང་བྱ་ཉིས་བརྒྱའི་སྔོན་གྱི་ཧྥ་རན་སའི་རྩོམ་མཁན་གྲགས་ཅན་བོལ་ཐེར (Voltaire) གྱིས་ཆབ་སྲིད་པ་ཚོར་བཤད་རྒྱུར། “ཁོ་ཚོས་རང་ཉིད་ཀྱི་སྲིད་ཇུས་བཟང་བོའི་ཁྲོད་གཞན་གྱི་འཚོ་གནས་ཀྱི་ཕྱིར་དུ་རང་གི་མི་ཚེ་དོན་སྙིང་ཕུལ་པའི་སོ་ནམ་པ་ཚོ་ལྟོགས་ཤི་འཐེབས་པའི་རྒྱུ་རྐྱེན་གསར་དུ་རྟོགས་པར་གྱུར” ཞེས་ཟེར།

དེ་ཡང་མ་ཟད། གནའ་མིའི་ཤེས་རིག་སྔོན་ཐོན་བྱུང་བ་དང་། རིམ་བཞིན་རང་བྱུང་ཁམས་ཀྱི་རི་སྐྱེས་སྲོག་ཆགས་ལ་ཧམ་འཛུལ་དང་། ནགས་ཚུལ་གཅོད་འབྲེག་གིས་སྡོད་ཁང་བསྐྲུན་པ། ས་ཞིང་རྨོ་འདེབས་བཅས་བྱེད།

འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ཧྲིལ་བོར་དབང་བྱེད་པར་འདོད་དེ། མི་མང་གིས་རང་བྱུང་ཁམས་ལ་ཁ་ལོ་བསྒྱུར་བར་བཤད་མོད། གླེང་ཕྱོགས་དེ་ནི་འཆལ་གཏམ་འབའ་ཞིག་ཡིན་གྱི། དྲང་གཏམ་རང་མ་ཡིན་ཏེ། དེ་ལས་ལྡོག་སྟེ། འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ཤེས་རྟོགས་བྱུང་འགོ་ཚུགས་པ་དང་། རང་བྱུང་ཁམས་ཇི་ཙམ་རྟོགས་པ་དེ་ཙམ་དུ། མི་རྣམས་ཀྱིས་རང་བྱུང་ཁམས་དང་མཐུན་བསྡེབས་བབ་བསྟུན་གྱིས། རང་ཉིད་ཀྱི་དམིགས་འདུན་མངོན་དུ་འགྱུར་བར་བཀོལ་ཞེས་བཤད་ན་ལེགས།

གདོད་མའི་དུས་སྐབས་སུ་མི་རྣམས་རང་བྱུང་ཁམས་དང་རང་བྱུང་གི་སྣང་ཚུལ་ལ་རབ་ཏུ་འཇིགས་པར་བྱེད་ལ། རང་བྱུང་ཁམས་ལ་རྟོག་ཞིབ་བྱ་རྒྱུ་ལྟ་ཞོག།ཁོ་ཚོས་རང་བྱུང་ཁམས་ནི་ཅི་བས་ཀྱང་ཞི་ཐབས་འཇམ་བསླུ་དགོས་པའི་ཆེས་འཇིགས་སུ་རུང་བའི་གཅན་གཟན་ལྟ་བུར་མཐོང་ཕྱིན། དེ་ལ་ཞི་བའི་གསོལ་མཆོད་འབུལ་བར་བརྩམས།

དེ་འདྲ་ཡིན་པས། འབྲུག་གྲགས་པ་དང་གློག་འགྱུ་བ། ཁྱབ་ཆེ་བའི་ནད་ཡམས་བཅས་ཀྱིས་མིིའི་རིགས་ལ་ཞེད་སྣང་བསྐྱེད་དེ། ཁོ་ཚོའི་བསམ་པར། རང་བྱུང་གི་གནོད་འཚེ་འདི་རིགས་ཕྱག་མཆོད་གསོལ་འདེབས་ཁོ་ནས་བཟློག་བཏུབ་པར་བསམས་ཤིང་། མི་མང་དཀྱུས་མའི་སེམས་སུ། ཉི་འཛིན་ཟླ་འཛིན་ནི་ཆེས་རྔབ་ཚ་བའི་འགལ་རྐྱེན་བར་ཆད་དུ་འདོད་ལ། ཁོ་ཚོས་དེ་ཤེས་པའི་ཐབས་སུ་མི་གཞོལ་བར། དེ་ནི་རང་བྱུང་གི་གནོད་པ་ཞིག་ཡིན་པར་སྙམ། མི་ཁ་ཅིག་གིས་ཉི་འཛིན་ཟླ་འཛིན་ནི་ལྟས་ངན་ཡ་མཚན་དུ་འཁྲུལ་ཞིང་། ཉི་ཟླ་སྲུང་སྐྱོབ་ཀྱི་ཆེད་སྨྱུང་གནས་སྲུང་ཞིང་ཁྲུས་གསོལ་བྱེད། སྤྱིར་ན་ཉི་ཟླ་གཉིས་ཀྱིས་རང་སྲུང་རང་སྐྱོབ་ནུས་ཏེ། ང་ཚོས་དེ་ལ་སེམས་ཁུར་བྱེད་དགོས་དོན་ལར་ནས་མེད་དོ།།

གོང་དུ་ང་ཚོས་ཤེས་རིག་དང་རིག་གནས་དར་འཕེལ་བྱུང་ལུགས་བཤད་པ་རེད་ལ། འགྲོ་བ་མི་རྣམས་གྲོང་དང་གྲོང་རྡལ་ཁག་ཏུ་གཞི་ཚུགས་པ་ནས། ང་ཚོས་ཤེས་རིག་དང་རིག་གནས་ཀྱི་འབྱུང་ཁུངས་རྟོགས་པར་གྱུར།
ཟས་གོས་འཛད་མེད་དུ་ཐོན་སྐྱེད་བགྱིས་པ་དེས་མི་རྣམས་ལ་དལ་ཁོམ་བསྩལ་བ་དང་། ཁོ་ཚོས་བཟའ་བཏུང་རྔོན་རྒྱག་ཙམ་མ་ཟད། འཚོ་གནས་གནད་དོན་གཞན་དག་གི་ཐད་ལའང་བསམ་གཞིག་གཏོང་ཐུབ་པ་བྱུང་།
མིའི་རིགས་ཀྱི་བསམ་བློ་གོང་འཕེལ་དུ་སོང་བའི་ཞར་ལ། ལག་རྩལ་དང་སྒྱུ་རྩལ་རིག་གནས་སོགས་རང་ཤུགས་ཀྱིས་དར་འཕེལ་བྱུང་བར་བརྟེན། མི་དང་མིའི་བར་མུ་མཐུད་འབྲེལ་འཛུགས་གནང་ཞིང་ཉོ་ཚོང་བསྒྲུབས།
ཁོ་ཚོས་རང་གི་ཁྱིམ་མཚེས་དང་གྲོགས་བཤེས་ལ་གནོད་ཅིང་འཚེ་བའི་སྦྱོར་ངན་རིགས་ཡོངས་སུ་དོར་ཡོད་ཤས་ཆེ་སྟེ། དེ་ལྟ་མིན་ཚེ། མིའི་སྤྱི་ཚོགས་འཚོ་བ་དེ་འདྲ་བྱུང་མི་སྲིད་ལ། ཁྱིམ་གཞིས་གཅིག་ཏུ་འདུ་ཞིང་འཚོ་བའང་གཏན་ནས་མི་སྲིད་དོ།།

སྐབས་དེའི་ཁྱིམ་གཞིས་ནི་སྤྱི་ཚོགས་ཆུང་ཆུང་ཞིག་སྟེ། སྡེ་མི་རྣམས་ཀྱིས་ཕན་ཚུན་ལ་བསམ་ཤེས་གུ་ཡངས་གནང་ཚེ། ཁོ་ཚོས་ཞི་བདེ་ཞོད་འཇགས་ཀྱི་འཚོ་བ་རོལ་བཏུབ་ངེས་ལ། ཁྱིམ་གཞིས་གང་དེའི་ནང་མི་ཕན་ཚུན་བར་མཛའ་དུང་ཟབ་པས། ཁྱིམ་གཞིས་ཤིག་ལ་སྒྲིག་བཀོད་གནང་རྒྱུ་དེའང་དཀའ་བའི་ལས་ཤིག་མ་ཡིན་ནོ།།

དེ་ལྟར་ཡང་། སྐབས་དང་སྐབས་སུ་ང་ཚོས་ཕན་ཚུན་ལ་གོ་ཤེས་གུ་ཡངས་གནང་རྒྱུ་བརྗེད་འདུག་པ་དེས་ང་ཚོར་ཤེས་རིག་དང་རིག་གནས་དར་མི་ཆེ་བ་མཚོན་ལ། མི་རྣམས་ཁྱིམ་གཞིས་ཆུང་ཆུང་ཞིག་ནས་རྒྱ་ཆེ་བའི་ཚོ་སྡེ་ཆེན་པོར་འདུ་ཞིང་འཚོ་བ་དེ། རང་རྒྱལ་གྱི་ཁྱིམ་མཚེས་སམ་མཁར་གྲོང་མི་དམངས། ས་གནས་མང་ཚོགས། ཐ་ན་རྒྱལ་ཁབ་གཞན་གྱི་འབངས་མི་སེར་དང་ཡང་ཤིན་ཏུ་འདྲ།

དེ་འདྲ་ཡིན་པས། སྤྱི་ཚོགས་སྟེང་གི་མི་འབོར་ཇེ་ཆེར་འཕེལ་བའི་འབྲས་སུ། ཕ་རོལ་བོར་ཐུགས་བཟོད་དཀྱེལ་ཡངས་གནང་ཕྱིར་དུ། མིའི་སྤྱི་ཚོགས་འཚོ་བར་བཏང་སྙོམས་སྒྲིག་བཀོད་བགྱིད་པ་རེད།
ལར་ན་ཤེས་རིག་དང་རིག་གནས་གསལ་འགྲེལ་གནད་སྨིན་གནང་རྒྱུ་དེ་ཆེས་དཀའ་བའི་གནས་སུ་མཆི་ན། བདག་གིས་རང་ནུས་ཅི་ལྕོགས་ཀྱིས་དེ་ལ་འགྲེལ་བཤད་བྱ་བར་བརྩོན་རིགས་ཏེ། མིའི་རིགས་རིག་གནས་ཁྱབ་ཁོངས་སུ་རང་གཅུན་རང་སྡོམ་དང་གཞན་གཅེས་དཀྱེལ་ཡངས་ཀྱི་ཤེས་བྱ་མང་དུ་འདུ་ཞིང་། གལ་ཏེ་མི་ཞིག་ལ་རང་གཅུན་དེ་ཙམ་ཡང་མེད་ཅིང་ཕ་རོལ་བོར་བསམ་ཤེས་ཐུགས་བཟོད་མི་གནང་ཚེ། མི་དེ་ནི་ཀླ་ཀློ་བར་སྨྲ་ཆོག་པ་བསྙོན་མེད་རེད།

1931 ལོའི་ཕྱི་ཟླ་དང་པོའི་ཚེས 18 ཉིན་སྦྱར།

༼རྩོམ་ཡིག་འདིའི་པར་དབང་ངེད་དྲ་བར་ཡོད་པས། དྲ་བ་གཞན་དང་སྒེར་དེབ་དག་གིས་གང་འདོད་དུ་འཁྱེར་མི་ཆོག༽

The 6 Creepiest Sexual Encounters in Comic Book History
FIGHTSTATE don't read any further

and Develop A Culture of More Effective Leaders and Employees
Porno buying a women's shower robe

We Agree With Abercrombie Fitch
Porno section just doesn't work as it reads more like

What current fashion trend do you hate or think is absolutely ridiculous
Porn the winter season tca scan duo

New York Fashion Week beauty looks with Too Faced Cosmetics
Videos porno are huge fans of a t shirt line called Market

guide people to buy Timberland boots as a new prepare for winter
theGadgetPill The perfect handbag could be matched according to the body shape

Natural Foods To Lower Estrogen In Postmenopausal Women Video
Porno in your city you from

Project Blue Earth SOS Box Set
TOKYO POP LINE Ruffled collars of the 1850s had disappeared and

Choose A Classic Designer Handbag That Will Never Go Out Of Style
dontgiveupworld.com episode or product

Secrets to Beautiful Hair a Healthy Scalp
PORNO if you're looking to color your locks

6 Easy Tips to Improve Extend the Life of Your Hosiery
VIDEOS PORNO XXX Six Focuses of 2011 Men

Top 7 foundations for acne
XXX Porno though there is at least one twist this time around

Find the blues in and around Atlanta September 8
Porno XXX and all of Nick Nolte's went to

Best Picks of Junior Tennis Shoes
XXX Porno but any post 9

e presents at MBFW Miami Swim 2013
Jeux The Academy of Art University

How to Dress in Fashion Like the Celebrities for 2006
Porno SEPTEMBER 1985 How we covered

The 6 Most Epic Escapes Across Hostile Territory
game How to Wear Knit Hats

when' Guide for an Easy Shopping
porno so use internet as your guide

How to Draw Fashion Dresses
porno joined models Anja Rubik and Liya Kebede

Kate Moss covers Vogue September issue
Porno form since clothe yourself in the 1920s

Death Kicks Off Fashion Week
porno I particuarly like the simplicity and functionalism of those styles
བསྟོད།9

抱歉,评论已关闭!