[འོས་སྦྱོར]ཉིན་ཐོ།

ཧེ་ཙི། ཡིག་བསྒྱུར་བ། མེ་འོད།

ཨ་ཅེ།   དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད་ལ།  མུན་པ་རབ་ཏུ་སྟུག

ཨ་ཅེ།   དོ་ནུབ་ང་ལ་དབང་བ་ནི་བྱེ་ཐང་ཁོ་ན་ཡིན། མུ་མེད་ཀྱི་རྩྭ་ཐང་དུ་ངའི་ལག་ཟུང་སྟོང་སང་ངེར། ཡིད་སྐྱོ་དུས་མིག་ཆུ་ལྡོག་གཅིག་ཀྱང་གཏོར་མི་ཐུབ།

ཨ་ཅེ།   དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད། འདི་ནི་ཆར་ཆུའི་ཁྲོད་གནས་པའི་མྱ་ངམ་གྱི་གྲོང་ཁྱེར་ཞིག ལམ་འགྲོ་བ་དང་གཞིས་སྡོད་པ་དག་ལས་གཞནགཏེར་ལེན་ཁ་རུ་་་་་་་་དོ་ནུབ།

འདི་ནི།   ཆེས་མཐའ་མའི་བརྩེ་དུང་མཚོན་བྱེད་གཅིག་པུའོ།

འདི་ནི།   ཆེས་མཐའ་མའི་རྩྭ་ཐང་གཅིག་པུའོ།

ངས་རྡོ་བ་རྡོ་བར་སྤྲད་པ་ཡིན་ལ།རྒྱལ་ཁ་ཡི་རྒྱལ་ཁའི་ཆེད།

དོ་ནུབ། ནས་འབྲུ་མོ་རང་ཉིད་ལ་དབང་ཞིང་།ཡོད་ཚད་སྐྱེ་ཞིང་འཕེལ་བཞིན་མཆིས།

དོ་ནུབ་ང་ལ་མཛེས་སྡུག་གི་ཐང་སྟོང་ལས་ཅི་ཡང་མེད།

ཨ་ཅེ།     དོ་ནུབ།   ངས་མིའི་རིགས་ལ་སེམས་ཁྲལ་མི་བྱ་བར།   ཁྱོད་ཁོ་ན་དྲན་པར་བྱའོ།

བསྟོད།28

དཔྱད་མཆན་སྤེལ།