[འོས་སྦྱོར]གལ་སྲིད་འཚོ་བས་ཁྱེད་ལ་བསླུ་བྲིད་བཏང་ཚེ།

     ཕོའུ་ཞིས་ཅིན།  ཡིག་སྒྱུར་བ—མེ་འོད། 

གལ་སྲིད་འཚོ་བས་ཁྱེད་ལ་བསླུ་བྲིད་བཏང་ཚེ།

སེམས་གཅོད་གནང་དོན་མེད་ལ།

འཚིག་པ་ཡང་ཟ་དོན་མེད།

བློ་ཕམ་དུས་བཟོད་སྒོམ་ལ་གོམས་པར་གྱིས་དང་།

སྤྲོ་སྐྱིད་ལྡན་པའི་ཉིན་མོ་ཞིག་ངང་གིས་བསླེབ་ངེས།སེམས་ཀྱིས་རྟག་པར་མ་འོངས་པར་རེ་བསྙེག་བྱས་ཡོད་ལ།

འཚོ་བས་རྒྱུན་པར་མི་རྣམས་ལ་དོན་སྙིང་མེད་པའི་ཚོར་སྣང་སྟེར་སྲིད།

ཡོད་ཚད་ཀྱི་ཡོད་ཚད་སྐད་ཅིག་མའི་ཡུན་ལ་འཇིག་འགྲོ་བས་འདས་སོང་སུ་གྱུར་འགྲོ།

ཡིན་ནའང་།

འདས་སོང་གི་ཡོད་ཚད།

མཚར་སྡུག་ལྡན་པ་ཞིག་ཏུ་ཅིས་ཀྱང་མངོན་སྲིད།

བསྟོད།5
ན་གཞོན་གསར་བ།

དཔྱད་མཆན་སྤེལ།